Skip to content
Nelum
Laws of Bhutan

Water Regulation of Bhutan 2014

Made 2014 · Text as of 2026-10-01

Public law and official guidance, published as research. Not legal, tax or financial advice.

About this law

Language
Dzongkha; English
Kind
Regulation
Country
Bhutan
Subjects
Water
Keywords
water quality standards, water rights, water supply, water users' associations, waterworks, wetlands, alternative dispute settlement, payments for ecosystem services/ payment for environmental services (PES), authorization/permit, effluent waste water/discharge, freshwater pollution, water resources management, inland waters, institution, irrigation, policy/planning, polluter pays principle, pollution control, potable water, river basin institution, offences/penalties, comparative analysis, standards, governance, basin/catchment/watershed

Where to read it

    No source link is recorded for this law.

Text

The law's own text, section by section, as held. Each section has its own link.

  1. ༡འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། འབྲུག་གི་ཆུའི་སྒྲིག་གཞི། སྤྱི་ལོ་༢༠༡༤ཅན་མ། The Water Regulation of Bhutan 2014 1 ༡འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། 1 Table of Contents TITLE PAGE CHAPTER I Preliminary Provisions Adoption and Title 1 Purpose 1 Scope 1 Commencement 1 CHAPTER II Authorities and Functions National Environment Commission 2 National Environment Commission Secretariat 2 Competent Authorities 3 Ministry of Works and Human Settlement (MoWHS) 4 Ministry of Health (MoH) 5 Ministry of Agriculture and Forests (MoAF) 6 Ministry of Home and Cultural Affairs (MoHCA) 8 Ministry of Economic Affairs (MoEA) 9 Ministry of Education (MoE) 10 Bhutan Electricity Authority (BEA) 10 Dzongkhag Tshogdu 10 Gewog Tshogde 11 Civil Society Organizations (CSO) 13 Dzongkhag Water Management Committee (DWMC) 13 Other Competent Authorities 14 Reporting 14 CHAPTER III Water Users’ Association Formation of WUA 14 Chairperson, Office Bearers and Tenure 15 The Water Regulation of Bhutan 2014 ༡འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༼དཀར་ཆག༽ གནད་དོན། ཤོག་གྲངས། ལེའུ་དང་པ། སྔོན་བརྗོད་དགོངས་དོན། ཆ་འཇོག་དང་ མཚན་གནས། ༡ དགོས་དོན། ༡ ཁྱབ་ཚད། ༡ འགོ་འཛུགས་ཚེས་གྲངས། ༡ ལེའུ་གཉིས་པ། དབང་འཛིན་ཚུ་དང་ ལཱ་འགན། རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས། ༢ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ཡིག་ཚང་། ༢ ཚད་ལྡན་དབང་འཛིན། ༣ ཞབས་ཏོག་ལྷན་ཁག། ༤ གསོ་བའི་ལྷན་ཁག། ༥ སོ་ནམ་དང་ནགས་ཚལ་ལྷན་ཁག། ༦ ནང་སྲིད་དང་སྲོལ་འཛིན་ལྷན་ཁག། ༨ བསྟན་རྒྱས་ལྷན་ཁག། ༩ ཤེས་རིག་ལྷན་ཁག། ༡༠ འབྲུག་གློག་མེ་དབང་འཛིན། ༡༠ རྫོང་ཁག་ཚོགས་འདུ། ༡༠ རྒེད་འོག་ཚོགས་སྡེ། ༡༡ ཞི་བའི་མི་སྡེ་ལས་ཚོགས། ༡༣ རྫོང་ཁག་ཆུའི་འཛིན་སྐྱོང་ཚོགས་ཆུང་། ༡༣ ཚད་ལྡན་དབང་འཛིན་གཞན། ༡༤ སྙན་ཞུ་འབད་ཐངས། ༡༤ ལེའུ་གསུམ་པ། ཆུ་སྤྱོད་ཚོགས་པ། ཆུ་སྤྱོད་ཚོགས་པ་གཞི་བཙུགས། ༡༤ ཁྲི་འཛིན་དང་ གོ་གནས་བཟུང་མིའི་གནས་ཡུན། ༡༥ 1 Quorum, Decision Making Process and Meeting 15 Registration 15 Powers and Functions of the WUA 16 Formation and Functions of the Federation of Water Users’ Association (FWUA) 18 CHAPTER IV General Provisions Delegation of Commission’s Powers 19 Water User Rights 19 Right to Water Facility of a Land and House 19 Permit Requirements 20 Permit Issuing Authorities 20 Exemption from Permit Requirement 21 Effluent Discharge, Property Damage and Compensation 21 Water Pollution Control 22 Periodic Water Tank Cleanups 22 Integrated Water Use Management Plans 22 Water Harvesting 23 Drinking Water Source 23 Registration of Water Sources 23 Groundwater Abstraction 23 Minimum Environmental Flow 23 Maintenance of Natural Courses of Rivers and Streams 23 Buffer Zones 24 Measurement of Buffer Zones 24 Existing Infrastructures 24 Facilitate Movement of Fish 24 Concrete Tank Constructions 25 Laying of Water Conduits 25 Change in Water Use 25 Avoidance of Pipe Cluttering 25 The Water Regulation of Bhutan 2014 ༡འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ཞལ་འཛོམས་ཀྱི་གྲངས་ཐོ་དང་ གྲོས་ཐག་བཅད་ནི་གི་རིམ་པ། ༡༥ ཐོ་བཀོད་འབད་ཐངས། ༡༥ ཆུ་སྤྱོད་ཚོགས་པའི་དབང་ཚད་དང་ལཱ་འགན། ༡༦ ཆུ་སྤྱོད་ཚོགས་པའི་འབྲེལ་ཚོགས་ གཞི་བཙུགས་འབད་ཐངས་དང་ ལཱ་འགན། ༡༨ ལེའུ་བཞི་པ། སྤྱིར་བཏང་གི་དགོངས་དོན། ལྷན་ཚོགས་ཀྱི་དབང་ཚད་འགན་སྤྲོད། ༡༩ ཆུ་སྤྱོད་མིའི་ཐོབ་དབང་། ༡༩ ས་དང་ཁྱིམ་ལུ་ཆུའི་མཐུན་རྐྱེན་གྱི་ཐོབ་དབང་། ༡༩ ཆུ་སྤྱོད་ཆོག་ཐམ་དགོས་མཁོ། ༢༠ ཆོག་ཐམ་སྤྲོད་ནི་གི་དབང་འཛིན། ༢༠ ཆོག་ཐམ་གྱི་དགོས་མཁོ་ལས་ཡངས་ཆག། ༢༡ བཙོག་ཆུ་ཕྱིར་བཏོན་ རྒྱུ་དངོས་གནོད་སྐྱོན་དང་རྒུད་འཐུས། ༢༡ ཆུའི་བཙོག་གྲིབ་དམ་འཛིན། ༢༢ དུས་རིམ་བཞིན་དུ་ ཆུ་མཛོད་ཕྱག་དགོཔ། ༢༢ ཆུ་སྤྱོད་གཅིག་བསྒྲིལ་འཛིན་སྐྱོང་འཆར་གཞི། ༢༢ ཆུའི་བསྡུ་སྤྱོད། ༢༣ འཐུང་ཆུའི་རྐ་མགོ། ༢༣ ཆུ་རྐའི་ཐོ་བཀོད་འབད་ཐངས། ༢༣ ས་འོག་གི་ཆུ་བཏོན་ཐངས། ༢༣ མཐའ་འཁོར་གྱི་ཆུ་ཚད་་ཉུང་མཐའི་ཚད་གཞི། ༢༣ གཙང་ཆུ་དང་རོང་ཆུ་ཚུ་གི་རང་བཞིན་གྱི་ཆུ་ལམ་རྒྱུན་སྐྱོང་། ༢༣ བར་བཟུང་ས་ཁོངས། ༢༤ བར་བཟུང་ས་ཁོངས་ཚད་གཞི་འཇལ་ཐངས། ༢༤ ད་རེས་ཡོད་པའི་གཞི་རྟེན་མཁོ་ཆས། ༢༤ ཉའི་འགྲུལ་བསྐྱོད་ཕན་ཐབས། ༢༤ རྩི་སའི་ཆུ་མཛོད་བཟོ་བསྐྲུན། ༢༥ ཆུའི་བརྒྱུད་དུང་བཙུགས་ཐངས། ༢༥ ཆུའི་ལག་ལེན་སོར་ཐངས། ༢༥ གྱིབ་དུང་རང་རོང་སྦེ་བཞག་ནི་མེདཔ། ༢༥ 1 CHAPTER V Rural Drinking Water Water Source and Infrastructure Falling within Registered Land 26 New Users from an Existing System 27 Application to Abstract New Drinking Water 27 Issuance of Decision 28 Temporary Water Users 28 Routine Maintenance 28 CHAPTER VI Thromde Drinking Water Competent Authority 28 Functions of Thromde Administraton 29 Thromde Water Supply System 29 Pipe-Work and Water Meter 30 Water Tariffs 30 Water Pricing Committee 30 Allocation of Strategic Fire Hydrants 30 CHAPTER VII Irrigation Water Authority and Tasks of Agencies 31 Existing Right to Irrigation Waterways 31 Laying of Irrigation Water Facilities 31 Relocation of Irrigation Water Facilities 31 Application to Abstract New Irrigation Water 32 Routine Maintenance of Irrigation Facilities 32 Unused Irrigation Channel 33 Sharing of Water 33 Runoff Drainage 33 The Water Regulation of Bhutan 2014 ༡འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ལེའུ་ལྔ་པ། གྲོང་གསེབ་ཀྱི་འཐུང་ཆུ། ཐོ་བཀོད་འབད་བའི་ས་ཁོངས་ནང་འཁོད་ཀྱི་ཆུ་རྐ་དང་གཞི་རྟེན་མཁོ་ཆས། ༢༦ སྔར་ཡོད་རིམ་ལུགས་ཐོག་ལས་ཆུ་སྤྱོད་གསར་པ། ༢༧ འཐུང་ཆུ་གསརཔ་བཏོན་ནི་གི་ཞུ་ཡིག། ༢༧ གྲོས་ཐག་གཅད་རིམ། ༢༨ སྐབས་ཐོག་ཅིག་གི་ཆུ་སྤྱོད་མི། ༢༨ དུས་རྒྱུན་ཉམས་བཅོས། ༢༨ ལེའུ་དྲུག་པ། ཁྲོམ་སྡེའི་འཐུང་ཆུ། ཚད་ལྡན་དབང་འཛིན། ༢༨ ཁྲོམ་སྡེ་བདག་སྐྱོང་གི་ལཱ་འགན། ༢༩ ཁྲོམ་སྡེའི་ཆུ་བཀྲམ་སྤེལ་རིམ་ལུགས། ༢༩ ཆུ་དུང་ཚུ་དང་ཆུའི་ཚད་འཛིན་མི་ཀྲར། ༣༠ ཆུ་ཁྲལ། ༣༠ ཆུ་ཁྲལ་གཏན་འབེབས་ཚོགས་ཆུང་། ༣༠ མེ་གསད་ཆུ་དུང་གི་ཐབས་ལམ་བཏོན་ཐངས། ༣༠ ལེའུ་དྲུག་པ། ཞིང་ཆུ། ལས་སྡེ་ཚུ་གི་དབང་ཚད་དང་ལཱ་འགན། ༣༡ ད་རེས་ཡོད་པའི་ཞིང་ཆུའི་ཆུ་ལམ་གྱི་ཐོབ་དབང་། ༣༡ ཞིང་ཆུའི་མཐུན་རྐྱེན་ཚུ་བསྐྱལ་ཐངས། ༣༡ ཞིང་ཆུའི་མཐུན་རྐྱེན་ཚུ་སྤོ་བཤུད། ༣༡ ཞིང་ཆུ་གསརཔ་བཏོན་ནི་གི་ཞུ་ཡིག། ༣༢ ཞིང་ཆུའི་མཐུན་རྐྱེན་གྱི་དུས་རྒྱུན་ རྒྱུན་སྐྱོང་། ༣༢ མ་སྤྱོད་པར་བཞག་པའི་ཞིང་ཆུའི་གཡུར་བ། ༣༣ ཆུའི་བགོ་བཤའ། ༣༣ བཙོག་ཆུ་བཏོན་ནིའི་གཡུར་བ། ༣༣ 1 CHAPTER VIII Planning and Management of Water Resources National Integrated Water Resources Management Plan (NIWRMP) 33 River Basin Management Plan (RBMP) 34 Meetings 35 Functions of River Basin Committee 35 Elements for RBMP Preparation 36 Review and Revision of RBMPs 37 Participation in RBMPs 38 Monitoring Program 38 CHAPTER IX Watersheds and their Management Classification of Watersheds 38 Timber Extraction from a Watershed Area 38 Awareness Raising Programs 39 Community Settlement within Watershed Area 39 Watershed Management 39 CHAPTER X Dispute Resolution Dispute Settlement 40 Dispute among Communities of Different Gewogs under the Same Dzongkhag 41 Dispute among Communities of Different Dzongkhags 41 Appeal to the Commission 41 CHAPTER XI Offences and Penalties Offences 42 Administrative Sanctions 42 Enforcement of Administrative Sanctions 43 Penalty Assessment 43 Offence of Felony 43 The Water Regulation of Bhutan 2014 ༡འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ལེའུ་བརྒྱད་པ། ཆུའི་ཐོན་ཁུངས་ཀྱི་འཆར་གཞི་དང་འཛིན་སྐྱོང་། རྒྱལ་ཡོངས་ཆུའི་ཐོན་ཁུངས་གཅིག་བསྒྲིལ་འཛིན་སྐྱོང་འཆར་གཞི། ༣༣ གཙང་ཆུའི་ཆུ་གཞོང་འཛིན་སྐྱོང་འཆར་གཞི། ༣༤ འཛོམས་འདུ། ༣༥ གཙང་ཆུའི་ཆུ་གཞོང་ཚོགས་ཆུང་གི་ལཱ་འགན། ༣༥ གཙང་ཆུའི་ཆུ་གཞོང་འཛིན་སྐྱོང་འཆར་གཞིའི་བརྩམ་གཞི་ཚུ། ༣༦ གཙང་ཆུའི་ཆུ་གཞོང་འཛིན་སྐྱོང་འཆར་གཞིའི་བསྐྱར་ཞིབ་དང་ བསྒྱུར་བཅོས། ༣༧ གཙང་ཆུའི་ཆུ་གཞོང་འཛིན་སྐྱོང་འཆར་གཞི་ནང་གྲལ་གཏོགས། ༣༨ ལྟ་རྟོག་ལས་རིམ། ༣༨ ལེའུ་དགུ་པ། ཆུ་འཐོན་ས་ཁོངས་དང་ དེའི་འཛིན་སྐྱོང་། ཆུ་འཐོན་ས་ཁོངས་དབྱེ་ཁག། ༣༨ ཆུ་འཐོན་ས་ཁོངས་ལས་ཤིང་བཏོན་ཐབས། ༣༨ གོ་བ་བརྡ་སྤྲོད་ལས་རིམ། ༣༩ ཆུ་འཐོན་ས་ཁོངས་ནང་འཁོད་ཀྱི་མི་སྡེ་གཞིས་ཆགས། ༣༩ ཆུ་འཐོན་ས་ཁོངས་འཛིན་སྐྱོང་། ༣༩ ལེའུ་བཅུ་པ། ཉོག་འཛིང་སེལ་ཐབས། ཉོག་འཛིང་འདུམ་འགྲིག། ༤༠ རྫོང་ཁག་གཅིག་ནང་ རྒེད་འོག་སོ་སོའི་མི་སྡེའི་བར་ནའི་ཉོག་འཛིང་། ༤༡ རྫོང་ཁག་སོ་སོའི་མི་སྡེའི་བར་ནའི་ཉོག་འཛིང་། ༤༡ ལྷན་ཚོགས་ལུ་མཐོ་གཏུགས། ༤༡ ལེའུ་བཅུ་གཅིག་པ། གནོད་འགེལ་དང་ཉེས་ཆད། གནོད་འགེལ། ༤༢ བདག་སྐྱོང་གི་ཉེས་བྱ། ༤༢ བདག་སྐྱོང་གི་ཉེས་བྱ་བསྟར་སྤྱོད། ༤༣ ཉེས་ཆད་བརྟག་ཞིབ། ༤༣ ཉེས་ཆེན་གྱི་གནོད་འགེལ། ༤༣ 1 Offence of misdemeanour 44 Offence of petty misdemeanour 45 CHAPTER XII Miscellaneous Provision Offence Reporting Procedure 45 Waste Disposal in Water Bodies 45 Revision 46 Interpretation 46 Definitions 46 List of abbreviations 50 Glossary 50 The Water Regulation of Bhutan 2014 ༡འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ཉེས་ཕྲའི་གནོད་འགེལ། ༤༤ ཉེས་པ་ཡང་ཕྲའི་གནོད་འགེལ། ༤༥ ལེའུ་བཅུ་གཉིས་པ། སྣ་ཚོགས་དགོངས་དོན། གནོད་འགེལ་སྙན་ཞུའི་རིམ་པ། ༤༥ ཆུ་གཞུང་ཚུ་ནང་ ཕྱག་སྙིགས་བཀོ་ནི་ཚུ། ༤༥ བསྒྱུར་བཅོས། ༤༦ དོན་འགྲེལ། ༤༦ ངེས་ཚིག། ༤༦ ཨིན་སྐད་ཀྱི་བསྡུ་ཡིག། ༥༠ CHAPTER I Preliminary Provisions Adoption and Title 1. The National Environment Commission does hereby adopt and promulgate this Water Regulation for the effective enforcement of the objectives and purposes of the Water Act of Bhutan 2011. 2. This Regulation will be called “The Water Regulation of Bhutan 2014”. Purpose 3. This Regulation is promulgated to: (a) enforce the objectives and purposes of the Water Act; (b) effectively implement and enforce the Water Act by the Competent Authorities; and (c) identify roles and responsibilities of designated Competent Authorities and other relevant organizations. Scope 4. This Regulation shall apply to all the issues relating to water resources and their management under the Water Act. Commencement 5. This Regulation shall come into force from January 1, 2015. The Water Regulation of Bhutan 2014 1 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༡ ལེའུ་དང་པ། སྔོན་བརྗོད་དགོངས་དོན། ཆ་འཇོག་དང་མཚན་གནས། 1. ཆུའི་སྒྲིག་གཞི་འདི་ འབྲུག་གི་ཆུའི་བཅའ་ཁྲིམས་༢༠༡༡ ཅན་མ་དེའི་ དམིགས་ཡུལ་དང་དགོས་དོན་ཚུ་དོན་སྨིན་ཅན་སྦེ་ འགྲུབ་ཐབས་ཀྱི་དོན་ལུ་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་ཐོག་ལུ་ གཤམ་གསལ་ལྟར་དུ་ཆ་འཇོག་ མཛད་གྲུབ། 2. སྒྲིག་གཞི་འདི་ འབྲུག་གི་ཆུའི་སྒྲིག་གཞི་ ༢༠༡༤ ཅན་མ་ཟེར་བརྗོད་དགོ། དགོས་དོན། 3. སྒྲིག་གཞི་འདི་ ཁྱབ་སྤེལ་འབད་བ་འདི་ཡངཿ ཀ) ཆུའི་བཅའ་ཁྲིམས་དེའི་ དམིགས་ཡུལ་དང་དགོས་དོན་ཚུ་འགྲུབ་ཐབས་དང་། ཁ) ཚད་ལྡན་དབང་འཛིན་ཚུ་གིས་ ཆུའི་བཅའ་ཁྲིམས་དེ་ དོན་སྨིན་ཅན་སྦེ་ལག་ལེན་དང་བསྟར་སྤྱོད་འཐབ་ནི་གི་དོན་ལུ་ དང་། ག) ངོས་འཛིན་འབད་བའི་ཚད་ལྡན་དབང་འཛིན་ཚུ་དང་ འབྲེལ་ཡོད་ལས་ཚོགས་གཞན་ཚུ་གི་ལཱ་འགན་དང་ ཁག་འགན་ ཚུ་ངོས་འཛིན་འབད་ནི་ཚུ་ཨིན། ཁྱབ་ཚད། 4. སྒྲིག་གཞི་འདི་གིས་ ཆུའི་བཅའ་ཁྲིམས་ནང་གསལ་ལྟར་གྱི་ཆུའི་ཐོན་ཁུངས་དང་ དེ་ཚུ་གི་འཛིན་སྐྱོང་དང་འབྲེལ་བའི་གནད་ དོན་ཆ་མཉམ་ལུ་ཁྱབ་དགོ། འགོ་འཛུགས་ཚེས་གྲངས། 5. སྒྲིག་གཞི་འདི་ སྤྱི་ལོ་༢༠༡༥ ཟླ་༡ པའི་ཚེས་༡ ལས་འགོ་བཟུང་སྟེ་བསྟར་སྤྱོད་འབད་དགོ། CHAPTER II Authorities and Functions National Environment Commission 6. The Commission is the apex independent authority of the Royal Government for the purpose of developing policies, plans, programs and monitoring water resource management in the Kingdom and, in addition to its functions under the Water Act, the Commission shall: (a) ensure effective enforcement of this Regulation by Competent Authorities; (b) review and adopt the National Integrated Water Resource Management Plan (NIWRMP) for its incorporation into national policies, plans and programs; (c) review and adopt guidelines for water resource management plans including River Basin Management Plans; (d) form River Basin Committees for preparation of the River Basin Management Plans; and (e) review and adopt the Water Regulation. National Environment Commission Secretariat 7. In addition to its functions under the Water Act, the Secretariat shall: (a) prepare National Integrated Water Resource Management Plan (NIWRMP) for the conservation, development and sustainable management of water resources; (b) review and adopt River Basin Management Plans and forward them to the Gross National Happiness Commission for mainstreaming into national plans; (c) in coordination with Competent Authorities, review and revise the Water Regulation; The Water Regulation of Bhutan 2014 2 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༢ ལེའུ་གཉིས་པ། དབང་འཛིན་ཚུ་དང་ ལཱ་འགན། རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས། 6. རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་འདི་ རྒྱལ་ཁབ་འདི་ནང་ ཆུའི་ཐོན་ཁུངས་འཛིན་སྐྱོང་འཐབ་ནི་གི་དོན་ལུ་ སྲིད་བྱུས་དང་ འཆར་གཞི་ ལས་རིམ་ཚུ་ བརྩམ་ནི་དང་ ལྟ་རྟོག་འབད་ནི་དོན་ལུ་ རྒྱལ་གཞུང་གི་རང་དབང་ཅན་གྱི་དབང་འཛིན་མཐོ་ཤོས་ ཅིག་ཨིནམ་ལས་ ཆུའི་བཅའ་ཁྲིམས་ནང་གསལ་གྱི་ལཱ་འགན་ཚུ་གིས་མ་ཚད་པར་ ལྷན་ཚོགས་ཁ་ཐུག་ལས་ གཤམ་གསལ་ གྱི་ལཱ་འགན་ཚུ་སྒྲུབ་དགོཔ་འདི་ཡངཿ ཀ) ཚད་ལྡན་དབང་འཛིན་ཚུ་གིས་ སྒྲིག་གཞི་འདི་ བསྟར་སྤྱོད་དོན་སྨིན་ཅན་སྦེ་སྒྲུབ་ཐབས་བཟོ་ནི་དང་། ཁ) རྒྱལ་ཡོངས་ཀྱི་སྲིད་བྱུས་དང་ འཆར་གཞི་ ལས་རིམ་ཚུ་ནང་བཙུགས་ཐབས་ཀྱི་དོན་ལུ་ རྒྱལ་ཡོངས་ཆུའི་ཐོན་ ཁུངས་གཅིག་བསྒྲིལ་འཛིན་སྐྱོང་འཆར་གཞི་ཆ་འཇོག་དང་ བསྐྱར་ཞིབ་འབད་ནི། ག) གཙང་ཆུའི་ཆུ་གཞོང་འཛིན་སྐྱོང་འཆར་གཞི་ཚུ་བརྩིས་པའི་ ཆུའི་ཐོན་ཁུངས་འཛིན་སྐྱོང་འཆར་གཞི་ཚུ་གི་ལམ་སྟོན་ཚུ་ བསྐྱར་ཞིབ་དང་ཆ་འཇོག་འབད་ནི། ང་) གཙང་ཆུའི་ཆུ་གཞོང་འཛིན་སྐྱོང་འཆར་གཞི་ཚུ་བརྩམ་ནི་གི་དོན་ལུ་ གཙང་ཆུའི་ཆུ་གཞོང་ཚོགས་ཆུང་ཚུ་གཞི་བཙུགས་ འབད་ནི། ཅ) ཆུའི་སྒྲིག་གཞི་ བསྐྱར་ཞིབ་དང་ཆ་འཇོག་འབད་ནི། རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ཡིག་ཚང་། 7. ཆུའི་བཅའ་ཁྲིམས་ནང་གསལ་གྱི་ལྷན་ཚོགས་ཡིག་ཚང་དེའི་ལཱ་འགན་ཚུ་གིས་མ་ཚད་པར་ ཡིག་ཚང་ཁ་ཐུག་ལས་ གཤམ་ གསལ་གྱི་ལཱ་འགན་ཚུ་སྒྲུབ་དགོཔ་འདི་ཡངཿ ཀ) ཆུའི་ཐོན་ཁུངས་ ཉམས་སྲུང་འབད་ནི་དང་ གོང་འཕེལ་བཏང་ནི་ ཡུན་བརྟན་གྱི་ཐོག་ལུ་འཛིན་སྐྱོང་འཐབ་ནི་གི་དོན་ལུ་ རྒྱལ་ཡོངས་ཆུའི་ཐོན་ཁུངས་གཅིག་བསྒྲིལ་འཛིན་སྐྱོང་འཆར་གཞི་ གྲ་སྒྲིག་འབད་ནི་དང་། ཁ) གཙང་ཆུའི་ཆུ་གཞོང་འཛིན་སྐྱོང་འཆར་གཞི་ཚུ་ བསྐྱར་ཞིབ་དང་ཆ་འཇོག་འབད་དེ་ རྒྱལ་ཡོངས་འཆར་གཞི་ཚུ་ནང་ བཙུགས་ཐབས་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལུ་གཏང་ནི། ག) ཚད་ལྡན་དབང་འཛིན་ཚུ་དང་མཉམ་འབྲེལ་ཐོག་ལུ་ ཆུའི་སྒྲིག་གཞི་འདི་ བསྐྱར་ཞིབ་དང་བསྒྱུར་བཅོས་འབད་ནི། (d) coordinate among Competent Authorities to develop inventories on water resources, both on quality and quantity baseline data; (e) initiate and support research works on water related areas; (f ) develop a reporting format to be used by Competent Authorities as general guidelines for reporting under this Regulation; (g) develop and maintain a National Registry on both drinking and irrigation water resources and river basin management; and (h) in collaboration with the Ministry of Agriculture and Forests, the Ministry of Economic Affairs and the River Basin Committees, develop and maintain inventories on river hydrology, aquatic habitat, river ecology and morphology to enable scientific determination of minimum environmental flow to be maintained by hydropower projects. Competent Authorities 8. The following are the Competent Authorities for the purpose of enforcing respective provisions of this Regulation: (a) Ministry of Works and Human Settlement; (b) Ministry of Health; (c) Ministry of Agriculture and Forests; (d) Ministry of Home and Cultural Affairs; (e) Ministry of Economic Affairs; (f ) Ministry of Education; (g) Bhutan Electricity Authority; (h) Local Governments; (i) Civil Society Organizations; and (j) Dzongkhag Water Management Committees. The Water Regulation of Bhutan 2014 3 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༣ ང་) ཚད་ལྡན་དབང་འཛིན་ཚུ་དང་མཉམ་འབྲེལ་ཐོག་ལུ་ ཆུའི་ཐོན་ཁུངས་ཀྱི་སྤུས་ཚད་དང་ འབོར་ཚད་གཉིས་ཆ་རའི་ འགོ་ བཙུགས་དུས་མཚམས་ཀྱི་གནས་སྡུད་ཐོ་ཡིག་བཞག་ནི། ཅ) ཆུ་དང་འབྲེལ་བའི་གནད་དོན་་སྐོར་ལས་ ཞིབ་འཚོལ་ལས་རིགས་ཚུ་འགོ་འདྲེན་འཐབ་ནི་དང་ རྒྱབ་སྐྱོར་འབད་ནི། ཆ) སྒྲིག་གཞི་འདི་དང་འཁྲིལ་ཏེ་སྙན་ཞུ་ཕུལ་ནི་གི་དོན་ལུ་ ཚད་ལྡན་དབང་འཛིན་ཚུ་གིས་ སྤྱིར་བཏང་ལམ་སྟོན་སྦེ་ ལག་ ལེན་འཐབ་ནི་གི་སྙན་ཞུ་འབྲི་ཤོག་ཅིག་བཟོ་ནི། ཇ) འཐུང་ཆུ་དང་ ཞིང་ཆུ་གཉིས་ཆ་རའི་ཆུའི་ཐོན་ཁུངས་དང་ གཙང་ཆུའི་ཆུ་གཞོང་འཛིན་སྐྱོང་སྐོར་ལས་ རྒྱལ་ཡོངས་ཐོ་ མཛོད་བཞག་སྟེ་ རྒྱུན་སྐྱོང་འཐབ་ནི། ཉ) སོ་ནམ་དང་ནགས་ཚལ་ལྷན་ཁག་ བསྟན་རྒྱས་ལྷན་ཁག་ གཙང་ཆུའི་ཆུ་གཞོང་ཚོགས་ཆུང་ཚུ་དང་མཉམ་འབྲེལ་ ཐོག་ལུ་ གཙང་ཆུའི་ཆུ་དཔྱད་རིག་པ་ ཆུའི་སྲོག་ཆགས་འཁྱམས་ས་ གཙང་ཆུའི་སྐྱེ་ལྡན་དང་ སྲོག་ཆགས་རིག་པ་ཚུ་ གི་དངོས་ཆས་ཐོ་ཡིག་རྒྱུན་སྐྱོང་དང་ གོང་འཕེལ་བཏང་སྟེ་ ཆུ་གློག་ལས་འགུལ་ཚུ་གིས་ ཚན་རིག་ཐོག་ལས་ཆུ་ཚད་ ཉུང་མཐའི་ཞིབ་འཇུག་འབད་ཚུགསཔ་བཟོ་ནི་འདི་ཨིན། ཚད་ལྡན་དབང་འཛིན། 8. སྒྲིག་གཞི་འདི་གི་དགོངས་དོན་ཚུ་ བསྟར་སྤྱོད་འབད་ནི་གི་དོན་ལུ་ ཚད་ལྡན་དབང་འཛིན་ཚུ་གཤམ་གསལ་ལྟར་དུ་ཨིནཿ ཀ) ཞབས་ཏོག་ལྷན་ཁག། ཁ) གསོ་བའི་ལྷན་ཁག། ག) སོ་ནམ་དང་ནགས་ཚལ་ལྷན་ཁག། ང་) ནང་སྲིད་དང་ སྲོལ་འཛིན་ལྷན་ཁག། ཅ) བསྟན་རྒྱས་ལྷན་ཁག། ཆ) ཤེས་རིག་ལྷན་ཁག། ཇ) འབྲུག་གློག་མེ་དབང་འཛིན། ཉ) ས་གནས་གཞུང་། ཏ) ཞི་བའི་མི་སྡེ་ལས་ཚོགས། ཐ) རྫོང་ཁག་ཆུའི་འཛིན་སྐྱོང་ཚོགས་ཆུང་ཚུ། Ministry of Works and Human Settlement (MoWHS) 9. The MoWHS is the Competent Authority for the overall planning, implementation and management of infrastructure for drinking water supply and wastewater for the Thromde in collaboration with local governments and its functions include the following: (a) Review the existing status of drinking water supply systems in Thromde and determine its strengths and shortfalls for their maintenance and remedial measures; (b) Develop a master plan for the national drinking water and waste water management system for Thromde in consultation with local governments; (c) Mainstream water resources management into its policies, plans and programs; (d) Explore alternative drinking water resources like rain water harvesting and possible linkage to hydropower reservoirs; (e) Conduct studies on, and encourage the use of, environment friendly, cost effective and water efficient technologies for more efficient use of water; (f ) Where appropriate, identify and provide incentives or subsidies for water saving schemes or better wastewater management; (g) Develop, issue and revise guidelines and training materials on water safety plans and eco-efficient water infrastructures for their implementation; (h) Ensure proper implementation of Water Safety Plans through regular monitoring and evaluation; and (i) Adopt such measures or actions necessary to ensure reliable and efficient drinking water infrastructure and systems. The Water Regulation of Bhutan 2014 4 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༤ ཞབས་ཏོག་ལྷན་ཁག། 9. ཞབས་ཏོག་ལྷན་ཁག་འདི་ ས་གནས་གཞུང་ཚུ་དང་མཉམ་འབྲེལ་ཐོག་ལུ་ ཁྲོམ་སྡེ་ཚུ་ནང་ འཐུང་ཆུ་བཀྲམ་སྤེལ་དང་བཙོག་ ཆུའི་གཞི་རྟེན་མཁོ་ཆས་ཚུ་གི་དོན་ལུ་ སྤྱིར་བཏང་གི་འཆར་གཞི་བརྩམ་ནི་ ལག་ལེན་འཐབ་ནི་དང་ འཛིན་སྐྱོང་འབད་ནི་གི་ཚད་ ལྡན་དབང་འཛིན་ཅིག་ཨིནམ་ལས་ དེ་ལུགས་ཀྱི་ལཱ་འགན་ཚུ་གི་གྲངས་སུ་གཤམ་གསལ་ལྟར་དུ་ཨིནཿ ཀ) ཁྲོམ་སྡེ་ནང་འཁོད་ འཐུང་ཆུ་བཀྲམ་སྤེལ་གྱི་རིམ་ལུགས་ཚུ་གི་གནས་སྟངས་བསྐྱར་ཞིབ་འབད་ནི་དང་ དེའི་རྒྱུན་སྐྱོང་ དང་ ལེགས་བཅོས་ཐབས་ལམ་གྱི་དོན་ལུ་ རིམ་ལུགས་ཚུ་གི་ནུས་ཤུགས་དང་ ཉུང་སྐྱོན་ཚུ་ གཏན་འབེབས་འབད་ ནི། ཁ) ཁྲོམ་སྡེའི་དོན་ལུ་ རྒྱལ་ཡོངས་ཀྱི་འཐུང་ཆུ་དང་ བཙོག་ཆུ་འཛིན་སྐྱོང་རིམ་ལུགས་སྐོར་ ས་གནས་གཞུང་དང་ཅིག་ ཁར་གྲོས་བསྟུན་འབད་ཞིནམ་ལས་ འཆར་གཞིའི་ཨམ་བཟོ་ནི། ག) ཆུའི་ཐོན་ཁུངས་འཛིན་སྐྱོང་འབད་ནི་ཚུ་ དེ་ལུགས་ཀྱི་སྲིད་བྱུས་དང་འཆར་གཞི་ ལས་རིམ་ཚུ་ནང་ དམིགས་གཏད་ཀྱི་ གཙོ་བོར་བཟུང་ནི། ང་) ཆར་ཆུ་བསྡུ་སྤྱོད་དང་ གློག་མེའི་ཆུ་མཛོད་ཁང་ཚུ་ལས་མཐུད་ཆས་བསྒྲིག་ནི་བཟུམ་གྱི་ འཐུང་ཆུའི་ཐབས་ལམ་གཞན་ ཚུ་ འཚོལ་ཞིབ་འབད་ནི། ཅ) ཆུའི་ཐོན་ཁུངས་ཚུ་ སྔར་ལས་ལྷག་སྟེ་ཕན་ནུས་ཅན་སྦེ་སྤྱོད་ཐབས་ལུ་ མཐའ་འཁོར་ལུ་གནོད་སྐྱོན་མེད་པའི་ རིན་ཆུང་ ཁེ་སྦོམ་དང་ ནུས་ཤུགས་ཅན་གྱི་འཕྲུལ་རིག་ཚུ་བཙུགས་ནི་གི་ཞིབ་འཇུག་འགོ་འདྲེན་འཐབ་ནི་དང་ འདི་ཚུ་ལག་ ལེན་འཐབ་ནི་ལུ་བློ་སྤོབས་སྐྱེད་བཅུག་ནི། ཆ) ཆུའི་གསོག་འཇོག་ལས་འཆར་ ཡང་ན་ བཙོག་ཆུ་འཛིན་སྐྱོང་ཡར་དྲག་གཏང་ནི་གི་དོན་ལུ་ འོས་འབབ་དང་བསྟུན་ཁེ་ འཐུས་སྤྲོད་ནི་ ཡང་ན་ ཕབ་ཆག་བྱིན་ནི་ཚུ་ངོས་འཛིན་འབད་ནི་དང་ལག་ལེན་འཐབ་ནི། ཇ) ཆུའི་ཉེན་སྲུང་འཆར་གཞི་དང་ སྣོད་བཅུད་ཕན་ནུས་ཀྱི་ཆུའི་གཞི་རྟེན་མཁོ་ཆས་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ ལམ་སྟོན་དང་སྦྱོང་བརྡར་མཁོ་ཆས་ཚུ་བསྒྲིག་སྟེ་ སྤྲོད་དགོཔ་མ་ཚད་བསྐྱར་ཞིབ་འབད་ནི། ཉ) ཆུའི་ཉེན་སྲུང་འཆར་གཞི་ཚུ་ཚུལ་མཐུན་ཐོག་ལག་ལེན་འཐབ་ཡོདཔ་ ངེས་གཏན་བཟོ་ནིའི་དོན་ལུ་ལྟ་རྟོག་དང་ དབྱེ་ ཞིབ་དུས་རྒྱུན་འབད་ནི། ཏ) འཐུང་ཆུའི་གཞི་རྟེན་མཁོ་ཆས་དང་ལམ་ལུགས་ཚུ་ ཁུངས་ཐུབ་དང་ཕན་ནུས་ཅན་བཟོ་ཐབས་ལུ་ དེ་ལུགས་ཀྱི་ཐབས་ ལམ་ཚུ་བཟོ་ནི་དང་ གལ་གནད་ཆེ་བའི་དང་ལེན་འཐབ་ནི་ཚུ་ཨིན། Ministry of Health (MoH) 10. The MoH is the Competent Authority for the overall planning, implementation and management of infrastructure for drinking water supply and sewage for the rural areas in collaboration with the local governments, monitoring quality of drinking water in the country and shall perform the following functions: (a) Review the existing status of drinking water supply systems in rural areas and determine its strengths and shortfalls for their maintenance and remedial measures; (b) Develop a master plan for the national rural drinking water and waste water management plans in consultation with local governments; (c) Mainstream water resource management into its policies, plans and programs; (d) Explore alternative drinking water resources like rain water harvesting and possible linkage to hydropower reservoirs; (e) Assist the Secretariat in developing and revising drinking water quality standards and imparting necessary trainings; (f ) Where appropriate, identify and provide incentives or subsidies for water saving schemes or better wastewater management for rural areas; (g) Develop, issue and revise guidelines and training materials on water safety plans and eco-efficient water infrastructures for their implementation in rural areas; (h) Maintain and periodically update records of physical, chemical and biological findings with respect to drinking water at the consumer level; The Water Regulation of Bhutan 2014 5 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༥ གསོ་བའི་ལྷན་ཁག། 10. གསོ་བའི་ལྷན་ཁག་འདི་ ས་གནས་གཞུང་ཚུ་དང་མཉམ་འབྲེལ་ཐོག་ གྲོང་གསེབ་ཚུ་ནང་འཐུང་ཆུ་བཀྲམ་སྤེལ་དང་ བཙོག་ ཆུའི་གཞི་རྟེན་མཁོ་ཆས་ཚུའི་དོན་ལུ་ སྤྱིར་བཏང་འཆར་གཞི་བརྩམ་ནི་དང་ དེ་ཚུའི་ལག་ལེན་འཐབ་ནི་ འཛིན་སྐྱོང་འབད་ནི་དང་ རྒྱལ་ཁབ་ནང་འཁོད་ འཐུང་ཆུའི་སྤུས་ཚད་ལྟ་རྟོག་གི་དོན་ལུ་ ཚད་ལྡན་དབང་འཛིན་ཅིག་ཨིནམ་ལས་ ལཱ་འགན་སྒྲུབ་དགོཔ་ གཤམ་གསལ་ལྟར་དུ་ཨིནཿ ཀ) གྲོང་གསེབ་ས་ཁོངས་ནང་འཁོད་ འཐུང་ཆུ་བཀྲམ་སྤེལ་གྱི་རིམ་ལུགས་ཚུ་གི་གནས་སྟངས་བསྐྱར་ཞིབ་འབད་ནི་དང་ དེའི་རྒྱུན་སྐྱོང་དང་ ལེགས་བཅོས་ཀྱི་ཐབས་ལམ་བསྒྲིག་ནིའི་དོན་ལུ་ རིམ་ལུགས་ཚུ་གི་ནུས་ཤུགས་དང་ ཉུང་སྐྱོན་ ཚུ་ གཏན་འབེབས་འབད་ནི། ཁ) རྒྱལ་ཡོངས་གྲོང་གསེབ་ཀྱི་འཐུང་ཆུ་དང་ བཙོག་ཆུ་འཛིན་སྐྱོང་སྐོར་ ས་གནས་གཞུང་དང་ཅིག་ཁར་གྲོས་བསྟུན་འབད་ ཞིནམ་ལས་ འཆར་གཞིའི་ཨམ་བཟོ་ནི། ག) ཆུའི་ཐོན་ཁུངས་འཛིན་སྐྱོང་འབད་ནི་ཚུ་ དེ་ལུགས་ཀྱི་སྲིད་བྱུས་དང་འཆར་གཞི་ ལས་རིམ་ཚུ་ལུ་ དམིགས་གཏད་ཀྱི་ གཙོ་བོར་བཟུང་ནི། ང་) ཆར་ཆུ་བསྡུ་སྤྱོད་དང་ གློག་མེའི་ཆུ་མཛོད་ཁང་ཚུ་ལས་མཐུད་ཆས་བསྒྲིག་ནི་བཟུམ་གྱི་ འཐུང་ཆུའི་ཐབས་ལམ་གཞན་ ཚུ་ འཚོལ་ཞིབ་་འབད་ནི། ཅ) ལྷན་ཚོགས་ཡིག་ཚང་གིས་ འཐུང་ཆུའི་སྤུས་ཚད་ཀྱི་གནས་ཚད་བཟོ་ནི་དང་ བསྒྱུར་བཅོས་འབད་ནི་ གལ་ཆེ་བའི་སྦྱོང་ བརྡར་ཚུ་བྱིན་ནི་གི་དོན་ལུ་ རྒྱབ་སྐྱོར་འབད་ནི། ཆ) གྲོང་གསེབ་ཀྱི་ས་གནས་ཚུ་ནང་ ཆུའི་གསོག་འཇོག་ལས་འཆར་ ཡང་ན་ བཙོག་ཆུ་འཛིན་སྐྱོང་ཡར་དྲག་གཏང་ནི་གི་ དོན་ལུ་ འོས་འབབ་དང་བསྟུན་ཁེ་འཐུས་སྤྲོད་ནི་ ཡང་ན་ ཕབ་ཆག་བྱིན་ནི་ཚུ་ངོས་འཛིན་འབད་ནི་དང་ལག་ལེན་འཐབ་ ནི། ཇ) གྲོང་གསེབ་ཀྱི་ས་གནས་ཚུ་ནང་ ཆུའི་ཉེན་སྲུང་འཆར་གཞི་དང་ སྣོད་བཅུད་ཀྱི་ཕན་ནུས་ཅན་གྱི་ཆུའི་གཞི་རྟེན་མཁོ་ ཆས་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ ལམ་སྟོན་དང་སྦྱོང་བརྡར་མཁོ་ཆས་ཚུ་བསྒྲིག་སྟེ་ སྤྲོད་དགོཔ་མ་ཚད་བསྐྱར་ ཞིབ་འབད་ནི། ཉ) འཐུང་ཆུ་ལག་ལེན་འཐབ་མི་ཚུ་ནང་ དངོས་གཟུགས་དང་ རྫས་སྦྱོར་ སྐྱེ་ལྡན་སྲོག་ཆགས་ཡོད་མེད་བརྟག་དཔྱད་ འབད་དེ་ འཛིན་ཐོ་བཞག་ནི་དང་ དུས་མཚམས་ལུ་དུས་མཐུན་བཟོ་ནི། (i) Raise awareness of disinfectant mechanisms and on water borne diseases among water users; (j) Wherever available and feasible, spring sources will be given preference as a drinking water source; and (k) Designate focal persons to monitor water quality standards in Thromde and rural areas. Ministry of Agriculture and Forests (MoAF) 11. The MoAF is the Competent Authority on irrigation system, watershed and wetland management and its functions include the following: (a) Develop and implement a comprehensive National Irrigation Policy (NIP) and review periodically ; (b) Ensure the protection, conservation and management of watersheds to sustain water supply and other environmental services; (c) Develop and implement watershed and wetland management plans; (d) Promote payment for environmental services mechanism to support watershed management programs; (e) Ensure that water abstraction for irrigation is in line with the NIWRMP; (f ) Identify watershed areas that require protection, conservation and management for sustainable supply of water; (g) Develop irrigation water conveyance infrastructure designs and implement to optimize water use efficiency; (h) Identify cost effective irrigation technologies and encourage their implementation; The Water Regulation of Bhutan 2014 6 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༦ ཏ) ཆུ་སྤྱོད་མི་ཚུ་ལུ་ གཉན་སྲིན་བཀག་ནིའི་ཐབས་ལམ་ཚུ་དང་ ཆུ་ལས་བརྟེན་པའི་ནད་གཞི་སྤེལ་བའི་སྐོར་ལས་ གོ་ བརྡ་སྤྲོད་ནི། ཐ) འོས་འབབ་ཡོད་ས་ལུ་ རང་བྱུང་གི་ཆུ་མིག་ཚུ་འཐུང་ཆུའི་རྐ་མགོ་སྦེ་ གཙོ་བོར་བཏོན་ནི། ད) ཁྲོམ་སྡེ་དང་གྲོང་གསེབ་ཀྱི་ས་གནས་ཚུ་ནང་ ཆུའི་སྤུས་ཚད་ལྟ་རྟོག་པ་ངོ་ཚབ་ངོས་འཛིན་འབད་ནི། སོ་ནམ་དང་ནགས་ཚལ་ལྷན་ཁག། 11. སོ་ནམ་དང་ནགས་ཚལ་ལྷན་ཁག་འདི་ ཞིང་ཆུའི་རིམ་ལུགས་དང་ ཆུ་འཐོན་ས་ཁོངས་ ཆུ་ས་འདམ་རྫབ་འཛིན་སྐྱོང་གི་དོན་ལུ་ ཚད་ལྡན་དབང་འཛིན་ཅིག་ཨིནམ་ལས་ གཤམ་གསལ་ཚུ་ དེའི་ལཱ་འགན་གྲངས་སུ་ཚུདཔ་ཨིནཿ ཀ) རྒྱལ་ཡོངས་ཞིང་ཆུའི་སྲིད་བྱུས་ ཡོངས་སུ་རྫོགས་པ་ཅིག་བརྩམ་ཏེ་ ལག་ལེན་འཐབ་ནི་དང་ དུས་མཚམས་ལུ་ བསྐྱར་ཞིབ་འབད་ནི། ཁ) ཆུ་བཀྲམ་སྤེལ་དང་ མཐའ་འཁོར་གྱི་ཞབས་ཏོག་གཞན་ཡུན་བརྟན་གནས་ཐབས་ལུ་ ཆུ་འཐོན་ས་ཁོངས་ཚུ་གི་ སྲུང་ སྐྱོབ་དང་ ཉམས་སྲུང་ འཛིན་སྐྱོང་ངེས་བརྟན་བཟོ་ནི། ག) ཆུ་འཐོན་ས་ཁོངས་དང་ ཆུ་ས་འདམ་རྫབ་འཛིན་སྐྱོང་འཆར་གཞི་ཚུ་བརྩམ་ནི་དང་ ལག་ལེན་འཐབ་ནི། ང) ཆུ་འཐོན་ས་ཁོངས་འཛིན་སྐྱོང་གི་ལས་རིམ་ཚུ་རྒྱབ་སྐྱོར་འབད་ཐབས་ལུ་ མཐའ་འཁོར་ཞབས་ཏོག་གི་གླ་འཐུས་སྤྲོད་ ནིའི་ཐབས་ལམ་ཚུ་ ཡར་དྲག་གཏང་ནི། ཅ) ཞིང་ཆུ་བཏོན་ལཱ་འདི་ རྒྱལ་ཡོངས་ཆུའི་ཐོན་ཁུངས་གཅིག་བསྒྲིལ་འཛིན་སྐྱོང་འཆར་གཞི་དང་འཁྲིལ་ཡོདཔ་ ངེས་ གཏན་བཟོ་ནི། ཆ) ཆུ་བཀྲམ་སྤེལ་ཡུན་བརྟན་སྦེ་བཞག་ནི་གི་དོན་ལུ་ སྲུང་སྐྱོབ་དང་ ཉམས་སྲུང་ འཛིན་སྐྱོང་འབད་དགོ་པའི་ཆུ་འཐོན་ས་ ཁོངས་ཚུ་ ངོས་འཛིན་འབད་ནི། ཇ) ཆུའི་བེད་སྤྱོད་ཀྱི་ཕན་ནུས་གང་དྲག་འབྱུང་ཐབས་ལུ་ ཞིང་ཆུ་སྐྱེལ་འདྲེན་གྱི་གཞི་རྟེན་མཁོ་ཆས་ཀྱི་བཟོ་བཀོད་བསྒྲིག་ ནི་དང་ ལག་ལེན་འཐབ་ནི། ཉ) རིན་ཆུང་ཁེ་སྦོམ་གྱི་ཞིང་ཆུའི་འཕྲུལ་རིག་ཚུ་ ངོས་འཛིན་འབད་ཞིནམ་ལས་ དེ་ཚུ་ལག་ལེན་འཐབ་ནི་དོན་ལུ་ སྤེལ་ ཐབས་འབད་ནི། (i) Ensure a reliable and efficient water supply system for the intensification and diversification of irrigated crop production; (j) Develop materials and conduct seminars or training for members of the irrigation WUA on efficient management of water at the channel, on-farm and discharges thereafter; (k) Promote cropping patterns and land use management suitable to water availability in respective locality; (l) In consultation with the Secretariat, develop and issue quality standards for irrigation water discharge for dissemination and compliance; (m) Explore alternative water resources like rain water harvesting and possible linkage to hydropower reservoirs; (n) Facilitate the formation and registration of an irrigation WUA and monitor its functions and status; (o) Based on socio-economic benefits, conduct feasibility studies on new irrigation water systems; (p) Involve Civil Society Organizations to educate, inform and train farmers on the advantages of the NIWRMP in relation to watershed and wetland protection and management practices; (q) Institute an irrigation water management unit under its existing Research and Development Centers (RDC) to facilitate and support irrigation development; (r) In collaboration with the Royal University of Bhutan, RDCs will conduct research on water management and quality suitability for agriculture and best practice results will be disseminated and adopted for farming practices; The Water Regulation of Bhutan 2014 7 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༧ ཏ) ཞིང་ཁར་བཏབ་པའི་ལོ་ཐོག་གི་ཐོན་ཤུགས་དང་ སྣ་ཚོགས་ཡར་དྲག་གཏང་ནི་གི་དོན་ལུ་ ཆུ་བཀྲམ་སྤེལ་གྱི་རིམ་ ལུགས་ཚུ་ ཁུངས་ཐུབ་དང་ ཕན་ནུས་ཅན་ཡོདཔ་ངེས་བརྟན་བཟོ་ནི། ཐ) ཡུར་བ་ནང་གི་ཆུ་དང་ ཞིང་ཁར་ལྷོད་པའི་ཆུ་ འདི་ལས་གཏང་བའི་ཆུ་ཚུ་ ཕན་ནུས་ཅན་སྦེ་འཛིན་སྐྱོང་འབད་ཐབས་ཀྱི་ དོན་ལུ་ ཞིང་ཆུའི་ཆུ་སྤྱོད་ཚོགས་པའི་འཐུས་མི་ཚུ་ལུ་ མཁོ་ཆས་བསྒྲིག་ནི་དང་ གྲོས་འཛོམས་ ཡང་ན་ སྦྱོང་བརྡར་ཚུ་ འགོ་འདྲེན་འཐབ་ནི། ད) ལོ་ཐོག་བཏབ་ཐངས་ཀྱི་དཔེ་སྟོན་དང་ ས་ཞིང་སྤྱོད་ཐངས་ཀྱི་འཛིན་སྐྱོང་འདི་ རང་སོའི་ས་གནས་ཁག་ལུ་ ཆུའི་འབོར་ ཚད་དང་བསྟུན་ཏེ་ཡར་དྲག་གཏང་ནི། ན) ལྷན་ཚོགས་ཡིག་ཚང་དང་གྲོས་བསྟུན་ཐོག་ལུ་ ཞིང་ལཱ་ལས་འཐོན་པའི་བཙོག་ཆུའི་སྤུས་ཚད་ཀྱི་གནས་ཚད་བཟོ་ནི་ དང་ འདི་ལུ་གནས་ཐབས་ཀྱི་དོན་ལུ་ གོ་བརྡ་སྤེལ་ནི། པ) ཆར་ཆུ་བསྡུ་སྤྱོད་དང་ གློག་མེའི་ཆུ་མཛོད་ཁང་ཚུ་ལས་མཐུད་ཆས་བསྒྲིག་ནི་བཟུམ་གྱི་ ཆུ་འཐེན་ནིའི་ཐབས་ལམ་ གཞན་ཚུ་ འཚོལ་ཞིབ་འབད་ནི། ཕ) ཞིང་ཆུའི་ཆུ་སྤྱོད་ཚོགས་པ་གཞི་བཙུགས་དང་ ཐོ་བཀོད་འབད་ནི་ལུ་ ཕན་གྲོགས་འབད་ནི་དང་ དེའི་གནས་རིམ་དང ལཱ་འགན་གྱི་ལྟ་རྟོག་འབད་ནི། བ) མི་སྡེ་དཔལ་འབྱོར་གྱི་ཁེ་ཕན་དང་འཁྲིལ་ཏེ་ ཞིང་ཆུའི་རིམ་ལུགས་གསར་པའི་དོན་ལུ་འོས་འབབ་ཡོད་མེད་ཀྱི་ཞིབ་ འཇུག་འགོ་འདྲེན་འཐབ་ནི། མ) རྒྱལ་ཡོངས་ཆུའི་ཐོན་ཁུངས་གཅིག་བསྒྲིལ་འཛིན་སྐྱོང་འཆར་གཞི་ནང་ ཆུ་འཐོན་ས་ཁོངས་དང་ ཆུ་ས་འདམ་རྫབ་ཚུ་ གི་ སྲུང་སྐྱོབ་དང་ འཛིན་སྐྱོང་ལམ་ལུགས་ཚུ་དང་ འབྲེལ་བའི་ཁེ་ཕན་སྐོར་ སོ་ནམ་པ་ཚུ་ལུ་ ཤེས་ཡོན་གྱི་གོ་བ་བརྡ་ སྤྲོད་ནི་དང་སྦྱོང་བརྡར་ཚུ་བྱིན་ནི་གི་དོན་ལུ་ མི་སྡེའི་ལས་ཚོགས་ཚུ་བཅའ་མར་གཏོགས་བཅུག་ནི། ཙ) ཞིང་ཆུ་གོང་འཕེལ་གཏང་ནི་ལུ་ ཕན་གྲོགས་དང་རྒྱབ་སྐྱོར་གྱི་དོན་ལུ་ ད་རེས་ཡོད་པའི་ཞིབ་འཚོལ་དང་གོང་འཕེལ་ ལྟེ་བའི་འོག་ལུ་ ཞིང་ཆུ་འཛིན་སྐྱོང་ལས་ཚན་བཙུགས་ནི། ཚ) འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་དང་མཉམ་འབྲེལ་ཐོག་ལུ་ ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་ཚུ་གིས་ སོ་ ནམ་ཞིང་ལཱའི་དོན་ལུ་ ཆུའི་འཛིན་སྐྱོང་དང་ དེའི་སྤུས་ཚད་འོས་འབབ་ཀྱི་ཞིབ་འཚོལ་འགོ་འདྲེན་འཐབ་ནི་དང་ སོ་ ནམ་ཞིང་ལཱའི་ལག་ལེན་དྲག་ཤོས་ཀྱི་གྲུབ་འབྲས་ཚུ་ ཞིང་ལཱའི་གོམས་འདྲིས་ཀྱི་དོན་ལུ་ གོ་བརྡ་སྤེལ་ནི། (s) Develop a comprehensive inventory on irrigation systems in the country and update annually; (t) Promote resource allocations for the training and distribution of human resources with irrigation knowledge and skills, to be fielded adequately to Regional, Dzongkhag, Dungkhag and Gewog levels of administration; (u) Develop and implement an effective monitoring and reporting system for irrigation systems and evaluate the effectiveness of the irrigation systems ; and (v) Ensure that the concept of eco-efficient water infrastructure is followed while developing irrigation systems in the country. Ministry of Home and Cultural Affairs (MoHCA) 12. As the custodian of nation’s spiritual and cultural properties, the functions of MoHCA shall include the following: (a) Make local governments accountable for the protection and promotion of local cultural practices that are environment friendly and augments water resource management and protection of certain water bodies traditionally known as abodes of deities; (b) Identify and maintain local and national registries on well known therapeutically valued water bodies such as Menchhu, Drupchhu, Tshachhu and Neychhu and ensure their sustainable management and use; (c) Develop and maintain an efficient information dissemination system to inform the public in times of water related natural disasters and coordinate on preparedness and mitigation measures to be taken during such events; and (d) Encourage local governments and religious bodies to take socially acceptable measures to discourage polluting water bodies by disposing religious effigies, ritual cakes, cremation remnants, immersing infant or The Water Regulation of Bhutan 2014 8 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༨ ཛ) རྒྱལ་ཁབ་ནང་འཁོད་ཀྱི་ ཞིང་ཆུའི་རིམ་ལུགས་ཚུའི་སྐོར་ ཡོངས་སུ་རྫོགས་པའི་དངོས་ཆས་ཐོ་ཡིག་བཞག་ནི་དང་ ལོ་བསྟར་བཞིན་དུ་དུས་མཐུན་བཟོ་ནི། ཝ) ལུང་ཕྱོགས་དང་ རྫོང་ཁག་ དྲུང་ཁག་དང་རྒེད་འོག་གནས་རིམ་གྱི་བདག་སྐྱོང་ཚུ་ནང་ སྦྱོང་བརྡར་དང་ཞིང་ཆུའི་ཤེས་ ཡོན་དང་རིག་རྩལ་ཡོད་པའི་མི་སྟོབས་ཚུ་ བཀྲམ་ནིའི་དོན་ལུ་ ཐོན་ཁུངས་བྱིན་ནི་ཚུ་ཡར་དྲག་བཏང་ནི། ཞ) དོན་སྨིན་ཅན་གྱི་ལྟ་རྟོག་དང་ སྙན་ཞུ་ཕུལ་ཐངས་ཀྱི་ལམ་ལུགས་བཟོ་སྟེ་ ལག་ལེན་འཐབ་ནི་དང་ ཞིང་ཆུའི་རིམ་ ལུགས་ཚུའི་ཕན་ནུས་དབྱེ་ཞིབ་འབད་ནི། ཟ) རྒྱལ་ཁབ་ནང་འཁོད་ ཞིང་ཆུའི་རིམ་ལུགས་ཡར་རྒྱས་གཏང་བའི་སྐབས་ སྣོད་བཅུད་ཕན་ནུས་ཅན་གྱི་ཆུའི་གཞི་ རྟེན་མཁོ་ཆས་ཀྱི་དགོངས་དོན་ཚུ་ ལག་ལེན་འཐབ་ཡོདཔ་ངེས་བརྟན་བཟོ་ནི། ནང་སྲིད་དང་སྲོལ་འཛིན་ལྷན་ཁག། 12. རྒྱལ་ཁབ་ཀྱི་ཆོས་དང་ལམ་སྲོལ་གྱི་རྒྱུ་ནོར་བདག་འཛིན་འཐབ་མི་ ནང་སྲིད་དང་སོལ་འཛིན་ལྷན་ཁག་གི་ལཱ་འགན་གྲངས་ སུ་ཚུད་པ་གཤམ་གསལཿ ཀ) མཐའ་འཁོར་དང་མཐུན་པའི་ས་གནས་ཀྱི་ལམ་སྲོལ་ཚུ་གིས་མ་ཚད་པར་ ཆུའི་ཐོན་ཁུངས་འཛིན་སྐྱོང་ཡར་དྲག་ གཏང་བའི་ལམ་ལུགས་ཚུ་དང་ ཆོས་སྲུང་གི་ཕོ་བྲང་ཟེར་སྔར་ལས་སླབ་སྲོལ་ཡོད་པའི་ཆུ་སྔོགས་ཚུ་གི་ ཉེན་སྲུང་ ཡར་འཕེལ་གཏང་བའི་སྔར་སྲོལ་གྱི་ཐབས་ལམ་ཚུ་ ཉམས་སྲུང་འབད་ནི་དང་ ཡར་དྲག་གཏང་ནིའི་ལཱ་འགན་དེ་ ས་གནས་གཞུང་སྐྱོང་ཚུ་ལུ་བཀལ་ནི། ཁ) ནད་གཞི་དྲགས་ནི་ལུ་ཕན་ཐོགས་ཅན་དང་ བརྩི་མཐོང་ཡོད་པའི་ཆུ་སྔོགས སྨན་ཆུ་ སྒྲུབ་ཆུ་ ཚ་ཆུ་ གནས་ཆུ་ལ་ སོགས་པ་ཚུ་ངོས་འཛིན་འབད་དེ་ ས་གནས་དང་རྒྱལ་ཡོངས་ཐོ་དེབ་བཞག་ནི་དང་ དེ་ཚུའི་འཛིན་སྐྱོང་དང་ལག་ ལེན་ ཡུན་བརྟན་སྦེ་བཞག་ཡོདཔ་ངེས་བརྟན་བཟོ་ནི། ག) ཆུ་དང་འབྲེལ་བའི་རང་བཞིན་གྱི་རྐྱེན་ངན་ཚབས་ཆེན་འབྱུང་བའི་སྐབས་ལུ་ མི་མང་ལུ་ གནས་ཚུལ་བྱིན་ནིའི་ ཕན་ ནུས་ཡོད་པའི་བརྡ་དོན་ཁྱབ་སྤེལ་གྱི་ལམ་ལུགས་བརྩམ་ནི་དང་ རྒྱུན་སྐྱོང་འཐབ་ནི དེ་ལས་ འདི་བཟུམ་མའི་རྐྱེན་ ངན་སྐབས་ལུ་ ཉེན་སྲུང་གྲ་སྒྲིག་དང་ རྐྱེན་ངན་མར་ཕབ་ཀྱི་ཐབས་ལམ་ཚུ་འགོ་འདྲེན་འཐབ་ནི། ང་) ཆུ་གཞུང་བཙོག་གྲིབ་ཤོར་ནི་ལས་སྔོན་འགོག་དང་ གཙང་བ་སྦེ་བཞག་ཐབས་ དེ་བཟུམ་མའི་ཆུའི་ཐོན་ཁུངས་སྤྱོད་ མི་ མི་དང་སེམས་ཅན་ཚུ་ལུ་འབུ་ནི་གི་ཉེན་ཁ་ཡོད་པའི་ནད་གཞི་བཀག་ཐབས་ཀྱི་དོན་ལུ་ ས་གནས་གཞུང་དང་ ཆོས་སྡེ་ཚུ་གིས་ རིམ་གྲོའི་མདོས་གླུད་ གསོལ་མཆོད་ཀྱི་གཏོར་མ་ རོ་བསྲེག་འབད་བའི་ལྷག་ལུས་དང་ རྩིས་ adult corpse in the water bodies for astrological reasons or disposing off in pieces or animal carcasses into water bodies to prevent water pollution, maintain religious sanctity and to prevent the transmission of contagious diseases to other persons and animals through use of water from such water sources. Ministry of Economic Affairs (MoEA) 13. The functions of the MoEA shall include the following: (a) For the purpose of the NIWRMP, monitor water flows and sediments in river courses to control and mitigate adverse environmental impacts from the dam constructions, river diversions, mining and industrial activities; (b) Assist in developing the NIWRMP and take measures to implement it in relation to hydropower activities and river ecology; (c) Collect, analyze and disseminate data on water resources pertaining to planning and implementation of infrastructures for electricity generations; (d) Ensure the effective implementation of guidelines on safety measures to be taken while planning, designing and implementing hydropower dam constructions; (e) Where feasible, consider making hydropower projects for multiple uses such as drinking water, irrigation and recreational purposes; (f ) Coordinate river related activities in collaboration with the RBC; (g) Ensure minimum environmental flow to be maintained in rivers while planning hydropower projects; and (h) Conduct a study on glacial dynamics for events like Glacial Lake Outburst Flood. The Water Regulation of Bhutan 2014 9 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༩ གཞུང་གི་ལམ་ལུགས་ལུ་བརྟེན་ཏེ་བྱིས་པ་ ཡང་ན་ ན་ལོན་གྱི་ཕུངཔོ་ཆུ་ནང་བཀོ་ནི་ ཡང་ན་ སེམས་ཅན་གྱི་ཕུང་ པོ་ཚུ་བཀོ་ནི་ཚུ་ མར་ཕབ་རྐྱབ་ནི་ལུ་ མི་སྡེའི་ངོས་ལེན་ཡོད་པའི་ཐབས་ལམ་ཚུ་བཏོན་ནིའི་སེམས་ཤུགས་བསྐྱེད་ བཅུག་ནི་ཚུ་ཨིན། བསྟན་རྒྱས་ལྷན་ཁག། 13. བསྟན་རྒྱས་ལྷན་ཁག་གི་ལཱ་འགན་གྲངས་སུ་ གཤམ་གསལ་ལྟར་དུ་ཨིནཿ ཀ) རྒྱལ་ཡོངས་ཆུའི་ཐོན་ཁུངས་གཅིག་བསྒྲིལ་འཛིན་སྐྱོང་འཆར་གཞིའི་དོན་ལུ་ ཆུ་མཛོད་བཟོ་བསྐྲུན་དང་ གཙང་ཆུ་ ཕྱོགས་བསྒྱུར་ ས་གཏེར་དང་བཟོ་གྲྭའི་ལས་སྣ་ཚུ་ལུ་བརྟེན་ མཐའ་འཁོར་ལུ་གནོད་ཉེན་ཆེ་བའི་རིགས་ ཚད་འཛིན་ དང་ མར་ཕབ་འབད་ནི་གི་དོན་ལུ་ ཆུའི་ཤུགས་ཚད་དང་ ཆུའི་གཤམ་ལུ་ཡོད་པའི་རག་རོག་ཚུ་ལྟ་རྟོག་འབད་ནི་དང་། ཁ) རྒྱལ་ཡོངས་ཆུའི་ཐོན་ཁུངས་གཅིག་བསྒྲིལ་འཛིན་སྐྱོང་འཆར་གཞི་བརྩམ་ནི་ལུ་གྲོགས་རམ་འབད་ནི་དང་ འཆར་ གཞི་འདི་ ཆུ་གློག་བཟོ་བསྐྲུན་གྱི་ལས་དོན་དང་ གཙང་ཆུའི་སྐྱེ་དངོས་རིག་པའི་འོག་ལུ་ ལག་ལེན་འཐབ་ནི་གི་ ཐབས་ལམ་བསྒྲིག་ནི། ག) ཆུ་གློག་བཟོ་བསྐྲུན་གྱི་དོན་ལུ་ གཞི་རྟེན་མཁོ་ཆས་ཚུའི་ འཆར་གཞི་དང་ལག་ལེན་སྐོར་ ཆུའི་ཐོན་ཁུངས་ཀྱི་ཐོ་ཡིག་ བསྡུ་ལེན་ཐོག་ལུ་ དབྱེ་ཞིབ་འབད་ཞིནམ་ལས་ ཁྱབ་སྤེལ་འབད་ནི། ང་) ཆུ་གློག་གི་ཆུ་མཛོད་བཟོ་བསྐྲུན་ཚུ་ འཆར་གཞི་བརྩམ་པའི་སྐབས་དང་ བཀོད་རིས་བཟོ་བའི་སྐབས་ ལག་ལེན་ འཐབ་པའི་སྐབས་ ཉེན་སྲུང་ཐབས་ལམ་གི་ལམ་སྟོན་ཚུ་ དོན་སྨིན་ཅན་སྦེ་ལག་ལེན་འཐབ་ཡོདཔ་ངེས་གཏན་བཟོ་ ནི། ཅ) འོས་འབབ་དང་བསྟུན་ ཆུ་གློག་ལས་འགུལ་ཚུ་ འཐུང་ཆུ་དང་ ཞིང་ཆུ་ སྤྲོ་འཆམ་ལ་སོགས་པའི་དོན་ལུ་ བཙུགས་ ཐབས་བསྒྲིག་ནི། ཆ) གཙང་ཆུའི་ཆུ་གཞོང་ཚོགས་ཆུང་དང་མཉམ་འབྲེལ་ཐོག་ གཙང་ཆུ་དང་འབྲེལ་བའི་ལས་སྣ་ཚུ་ འགོ་འདྲེན་འཐབ་ནི། ཇ) ཆུ་གློག་ལས་འགུལ་གྱི་འཆར་གཞི་བརྩམ་པའི་སྐབས་ གཙང་ཆུ་འདི་ནང་ཆུ་ཚད་ཉུང་མཐའི་ཚད་གཞི་བཞག་ཡོདཔ་ ངེས་གཏན་བཟོ་ནི། ཉ) འཁྱེག་མཚོ་རྦད་པའི་ཆུ་རུད་དང་འབྲེལ་བའི་ འཁྱག་རོམ་སྒྱུར་འབྲས་ཀྱི་ཞིབ་འཇུག་ འགོ་འདྲེན་འཐབ་ནི་ཚུ་ཨིན། Ministry of Education (MoE) 14. In relation to water resource management and educational values, the functions of the MoE shall include the following: (a) Collect information on water resources from other concerned Competent Authorities and incorporate these information into various levels of programs; and (b) Conduct educational activities to sensitize and create awareness among the general public on the importance of water resources, water quality and efficient water management and conservation. Bhutan Electricity Authority (BEA) 15. The BEA shall perform the following functions in collaboration with the Commission and relevant agencies: (a) Develop guidelines on safety measures for incorporation into planning, designing and implementing hydropower dam constructions; and (b) Set necessary safety criteria for hydropower dam constructions and regulate the compliance of these criteria. Dzongkhag Tshogdu 16. In collaboration with concerned Competent Authorities and under the guidance of Dzongkhag Tshogdu, the Dzongkhag Administration shall perform the following functions: (a) Plan and implement drinking and irrigation water facilities in collaboration with the Dzongkhag Water Management Committee; (b) Establish an effective monitoring and evaluation system for irrigation and drinking water supply system and report to concerned Competent Authorities; The Water Regulation of Bhutan 2014 10 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༡༠ ཤེས་རིག་ལྷན་ཁག། 14. ཆུའི་ཐོན་ཁུངས་འཛིན་སྐྱོང་དང་ ཤེས་ཡོན་བརྩི་མཐོང་གི་ཐད་ལས་ གཤམ་གསལ་བཀོད་དེ་ཡོད་མི་ཚུ་ ཤེས་རིག་ལྷན་ཁག་ གི་ལཱ་འགན་གྲངས་སུ་ཚུདཔ་ཨིནཿ ཀ) འབྲེལ་ཡོད་ཚད་ལྡན་དབང་འཛིན་གཞན་ཚུ་ལས་ ཆུའི་ཐོན་ཁུངས་ཀྱི་སྐོར་ལས་ བརྡ་དོན་གནས་ཚུལ་བསྡུ་ལེན་ འབད་ནི་དང་ བརྡ་དོན་གནས་ཚུལ་འདི་ཚུ་ ལས་རིམ་སོ་སོའི་ནང་ བཙུགས་ཐབས་བསྒྲིག་ནི་དང་། ཁ) མི་མང་ཡོངས་ལུ་ ཆུའི་ཐོན་ཁུངས་ཁག་ཆེ་བའི་སྐོར་དང་ ཆུའི་སྤུས་ཚད་དང་ཕན་ནུས་ཡོད་པའི་ཆུའི་འཛིན་སྐྱོང་དང་ ཉམས་སྲུང་གི་སྐོར་ལས་གོ་བརྡ་སྤྲོད་ནི་གི་དོན་ལུ་ ཤེས་ཡོན་གི་ལས་སྣ་ཚུ་འགོ་འདྲེན་འཐབ་ནི། འབྲུག་གློག་མེ་དབང་འཛིན། 15. འབྲུག་གློག་མེ་དབང་འཛིན་གྱིས་ ལྷན་ཚོགས་དང་ འབྲེལ་ཡོད་ལས་སྡེ་ཚུ་དང་མཉམ་འབྲེལ་ཐོག་ ལཱ་འགན་སྒྲུབ་དགོཔ་ཚུ་ གཤམ་ལྟརཿ ཀ) ཆུ་གློག་གི་ཆུ་མཛོད་བཟོ་སྐྲུན་གྱི་འཆར་གཞི་བརྩམ་ནི་དང་ བཟོ་བཀོད་ ལག་ལེན་འཐབ་ནི་གི་དོན་ལུ་ ཉེན་སྲུང་ ཐབས་ལམ་གྱི་ལམ་སྟོན་བརྩམ་ནི། ཁ) ཆུ་གློག་ཆུ་མཛོད་བཟོ་བསྐྲུན་དོན་ལུ་ གལ་ཆེ་བའི་ཉེན་སྲུང་གི་ཚད་གཞི་ཚུ་བཟོ་ནི་དང་ ཚད་གཞི་འདི་ལུ་གནས་ ཐབས་ལུ་ ཚད་འཛིན་འབད་ནི། རྫོང་ཁག་ཚོགས་འདུ། 16. རྫོང་ཁག་བདག་སྐྱོང་གིས་ རྫོང་ཁག་ཚོགས་འདུའི་ལམ་སྟོན་དང་ འབྲེལ་ཡོད་ཚད་ལྡན་དབང་འཛིན་ཚུ་དང་མཉམ་འབྲེལ་ ཐོག་ལུ་ གཤམ་གསལ་གྱི་ལཱ་འགན་ཚུ་སྒྲུབ་དགོཔ་འདི་ཡངཿ ཀ) རྫོང་ཁག་ཆུའི་འཛིན་སྐྱོང་ཚོགས་ཆུང་དང་མཉམ་འབྲེལ་ཐོག་ལུ་ འཐུང་ཆུ་དང་ཞིང་ཆུའི་མཐུན་རྐྱེན་ཚུ་གི་འཆར་ གཞི་ བརྩམས་ཏེ་ ལག་ལེན་འཐབ་ནི། ཁ) འཐུང་ཆུ་དང་ཞིང་ཆུ་བཀྲམ་སྤེལ་རིམ་ལུགས་ཀྱི་དོན་ལུ་ དོན་སྨིན་ཅན་གྱི་ལྟ་རྟོག་དང་བརྟག་ཞིབ་ལམ་ལུགས་ གཞི་བཙུགས་འབད་དེ་ འབྲེལ་ཡོད་ཚད་ལྡན་དབང་འཛིན་ལུ་སྙན་ཞུ་ཕུལ་ནི། (c) Incorporate the NIP into its water resources management activities; (d) Provide technical inputs during preliminary investigations and multi disciplinary feasibility studies on drinking and irrigation water abstraction proposals; (e) Carry out detailed surveys, designs, drawings, estimates and bill of quantities of feasible irrigation and drinking water systems; (f ) Plan, mobilize funds and implement drinking water and irrigation projects in accordance with the NIP and the Operation and Maintenance Manual; (g) Conduct tender and execute contract for the constructions of drinking water and irrigation projects; (h) Supervise construction works on drinking and irrigation water facilities; (i) Facilitate outsourcing of drinking water and irrigation engineering services to private sector in the Dzongkhag; (j) Submit reports on the progress status of water supply systems to concerned Competent Authority; (k) Ensure that Water Safety Plans are developed and implemented; and (l) Ensure that the water supply systems are maintained regularly within its jurisdiction. Gewog Tshogde 17. In collaboration with other Competent Authorities and under the guidance of the Gewog Tshogde, the Gewog Administration shall perform the following functions: (a) Facilitate the formation of WUAs and assist in their registration with the Gewog Administration; (b) Maintain records of WUAs and make these records available to relevant Competent Authorities for technical or financial assistance; The Water Regulation of Bhutan 2014 11 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༡༡ ག) ཆུའི་ཐོན་ཁུངས་འཛིན་སྐྱོང་གི་ལས་དོན་ཚུ་ནང་ རྒྱལ་ཡོངས་ཞིང་ཆུའི་སྲིད་བྱུས་ཚུ་དང་བསྟུན་ཐབས་བསྒྲིག་ནི། ང་) འཐུང་ཆུ་དང་ཞིང་ཆུ་བཏོན་ནི་གི་གྲོས་འཆར་ཚུ་ལུ་ སྔོན་འགྲོའི་ཞིབ་དཔྱད་དང་ ཆོས་ཚན་སྣ་མང་གི་ཞིབ་འཇུག་ འབད་སྐབས་ལུ་ འཕྲུལ་རིག་གི་རྣམ་གཞག་ཚུ་བྱིན་ནི། ཅ) འོས་འབབ་ཡོད་པའི་འཐུང་ཆུ་དང་ཞིང་ཆུའི་རིམ་ལུགས་ཀྱི་ བརྟག་ཞིབ་ཁ་གསལ་སྦེ་འབད་ནི་ བཀོད་རིས་བཟོ་ནི་ རགས་རྩིས་བཏོན་ནི་དང་ གྲངས་ཚད་ཀྱིི་ཐོ་བཀོད་ནི། ཆ) རྒྱལ་ཡོངས་ཞིང་ཆུའི་སྲིད་བྱུས་དང་ ལག་ལེན་དང་འཛིན་སྐྱོང་གི་ལག་དེབ་དང་འཁྲིལ་ཏེ་ འཐུང་ཆུ་དང་ཞིང་ཆུའི་ ལས་འགུལ་ཚུ་ འཆར་གཞི་བརྩམས་ཏེ་ མཁོ་བསྒྲུབ་མ་དངུལ་སྒྲིག་ནི་དང་ ལག་ལེན་འཐབ་ནི། ཇ) འཐུང་ཆུ་དང་ཞིང་ཆུའི་བཟོ་བསྐྲུན་ལས་འགུལ་གྱི་ རིན་བསྡུར་འགོ་འདྲེན་འཐབ་ནི་དང་ འགན་འཛིན་བསྟར་སྤྱོད་ འཐབ་ནི། ཉ) འཐུང་ཆུ་དང་ཞིང་ཆུ་མཐུན་རྐྱེན་ཚུ་གི་བཟོ་བསྐྲུན་གྱི་ལཱ་ཚུ་ ལྟ་རྟོག་འབད་ནི། ཏ) རྫོང་ཁག་ནང་ལུ་ འཐུང་ཆུ་དང་ཞིང་ཆུའི་འཕྲུལ་རིག་ཞབས་ཏོག་ཚུ་ སྒེར་སྡེ་ལུ་བྱིན་ནིའི་ ཕན་གྲོགས་འབད་ནི། ཐ) འབྲེལ་ཡོད་ཚད་ལྡན་དབང་འཛིན་ལུ་ འཐུང་ཆུ་དང་ཞིང་ཆུ་བཀྲམ་སྤེལ་རིམ་ལུགས་ཚུ་གི་གྲུབ་འབྲས་སྙན་ཞུ་ཕུལ་ནི། ད) ཆུའི་ཉེན་སྲུང་འཆར་གཞི་ཚུ་བརྩམས་ཞིནམ་ལས་ ལག་ལེན་འཐབ་ཡོདཔ་ངེས་བརྟན་བཟོ་ནི་དང་། ན) རང་སོའི་ས་ཁྱོན་དབང་ཁྱབ་ནང་འཁོད་ཀྱི་ཆུ་བཀྲམ་སྤེལ་རིམ་ལུགས་ཚུ་ དུས་རིམ་བཞིན་དུ་རྒྱུན་སྐྱོང་འཐབ་ཡོདཔ་ ངེས་བརྟན་བཟོ་ནི། རྒེད་འོག་ཚོགས་སྡེ། 17. རྒེད་འོག་བདག་སྐྱོང་གིས་ འབྲེལ་ཡོད་ཚད་ལྡན་དབང་འཛིན་ཚུ་དང་མཉམ་འབྲེལ་ཐོག་ལུ་ རྒེད་འོག་ཚོགས་སྡེའི་ལམ་སྟོན་དང་ འཁྲིལ་ཏེ་ གཤམ་གསལ་གྱི་ལཱ་འགན་ཚུ་སྒྲུབ་དགོཔ་འདི་ཡངཿ ཀ) ཆུ་སྤྱོད་ཚོགས་པ་ཚུ་གཞི་བཙུགས་འབད་ཐབས་དང་ དེ་ཚུ་རྒེད་འོག་བདག་སྐྱོང་ནང་ ཐོ་བཀོད་འབད་ནི་གི་དོན་ལུ་ ཕན་ གྲོགས་འབད་ནི་དང་། ཁ) ཆུ་སྤྱོད་ཚོགས་པ་ཚུ་གི་འཛིན་ཐོ་ཚུ་རྒྱུན་སྐྱོང་འཐབ་ནི་དང་ འཕྲུལ་རིག་ཡང་ན་ དངུལ་འབྲེལ་གྲོགས་རམ་གྱི་དོན་ལུ་ ཚད་ ལྡན་དབང་འཛིན་ཚུ་ལུ་ འཛིན་ཐོ་ཚུ་ཐོབ་ཚུགསཔ་བཟོ་ནི། (c) Ensure all water sources for drinking and irrigation are registered by the users with the Gewog Administration; (d) Assist communities in identifying and conducting feasibility studies on new drinking or irrigation water system or maintenance of the existing infrastructure; (e) Provide liaising services between community and Dzongkhag Administration or Competent Authorities on planning, execution and monitoring of drinking and irrigation water systems; (f ) Implement and monitor national drinking water and irrigation policies as per the procedural manual issued by Competent Authorities; (g) Encourage the adoption of appropriate drinking and irrigation technologies and good water management practices; (h) Cooperate and assist other Competent Authorities in research activities on drinking or irrigation water management systems in the Gewog; (i) Coordinate skill development activities for the members of registered WUAs and their management; (j) Compile and submit periodic progress reports to the Dzongkhag Administration on drinking water and irrigation facilities; (k) Develop and maintain separate inventories on irrigation and drinking water systems; (l) Monitor and evaluate drinking and irrigation water programs; (m) Assist Competent Authorities in the day-to-day supervision of water infrastructure construction and maintenance works; (n) Coordinate with Competent Authorities on planning and implementation of drinking and irrigation water projects; and (o) Ensure effective implementation of the Water Safety Plan and ensure regular maintenance of water supply systems. The Water Regulation of Bhutan 2014 12 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༡༢ ག) ཆུ་སྤྱོད་མི་ཚུ་གིས་ འཐུང་ཆུ་དང་ཞིང་ཆུའི་རྐ་ཆ་མཉམ་ རྒེད་འོག་བདག་སྐྱོང་ནང་ ཐོ་བཀོད་འབད་ཡོདཔ་ ངེས་བརྟན་ བཟོ་ནི། ང་) མི་སྡེ་ཚུ་ལུ་འཐུང་ཆུ་ ཡང་ན་ ཞིང་ཆུའི་རིམ་ལུགས་གསར་པའི་ ངོས་འཛིན་དང་འོས་འབབ་ཡོད་མེད་ཀྱི་ཞིབ་འཚོལ་ འབད་ནི་ལུ་ ཡང་ན་ ད་རེས་ཡོད་པའི་གཞི་རྟེན་མཁོ་ཆས་ཀྱི་ཉམས་བཅོས་ འབད་ནི་ལུ་ རྒྱབ་སྐྱོར་འབད་ནི། ཅ) རྫོང་ཁག་བདག་སྐྱོང་ ཡང་ན་ ཚད་ལྡན་དབང་འཛིན་དང་མི་སྡེ་གི་བར་ན་ འཐུང་ཆུ་དང་ཞིང་ཆུའི་རིམ་ལུགས་ཚུ་ འཆར་གཞི་བརྩམས་ཏེ་བསྟར་སྤྱོད་འཐབ་ནི་དང་ ལྟ་རྟོག་འབད་ནི་གི་དོན་ལུ་ མཐུན་འབྲེལ་གྱི་ཞབས་ཏོག་བྱིན་ནི། ཆ) ཚད་ལྡན་དབང་འཛིན་གྱིས་སྤྲོད་པའི་བྱ་སྒོ་ལམ་ལུགས་དང་འཁྲིལ་ཏེ རྒྱལ་ཡོངས་འཐུང་ཆུ་དང་ཞིང་ཆུའི་སྲིད་བྱུས་ ཚུ་ ལག་ལེན་དང་ལྟ་རྟོག་འབད་ནི། ཇ) འོས་འབབ་ཡོད་པའི་འཐུང་ཆུ་དང་ཞིང་ཆུའི་འཕྲུལ་རིག་དང་ འཐུང་ཆུ་དང་ཞིང་ཆུའི་འཛིན་སྐྱོང་ལེགས་ལྡན་གྱི་ལམ་ སྲོལ་ཚུ་ལག་ལེན་འཐབ་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ནི། ཉ) རྒེད་འོག་ནང་ འཐུང་ཆུ་ ཡང་ན་ ཞིང་ཆུའི་འཛིན་སྐྱོང་ལམ་ལུགས་སྐོར་ ཞིབ་འཚོལ་གྱི་ལས་སྣ་ཚུ་གི་དོན་ལུ་ ཚད་ ལྡན་དབང་འཛིན་གཞན་དང་མཉམ་འབྲེལ་འཐབ་ཏེ་ གྲོགས་རམ་འབད་ནི། ཏ) ཐོ་བཀོད་འབད་དེ་ཡོད་པའི་ཆུ་སྤྱོད་ཚོགས་པའི་འཐུས་མི་ཚུ་ལུ་ རིག་རྩལ་གོང་འཕེལ་དང་ ཚོགས་པ་འཛིན་སྐྱོང་གི་ དོན་ལུ་ ལས་སྣ་ཚུ་འགོ་འདྲེན་འཐབ་ནི། ཐ) འཐུང་ཆུ་དང་ཞིང་ཆུའི་མཐུན་རྐྱེན་ཚུ་གི་ དུས་མཚམས་དང་བསྟུན་པའི་གྲུབ་འབྲས་བསྡུ་བསྒྲིག་འབད་དེ་ རྫོང་ཁག་ བདག་སྐྱོང་ལུ་སྙན་ཞུ་ཕུལ་ནི། ད) འཐུང་ཆུ་དང་ཞིང་ཆུ་རིམ་ལུགས་ཚུ་གི་དོན་ལུ་ ཐོ་ཡིག་སོ་སོ་བཟོ་འདི་ རྒྱུན་སྐྱོང་འཐབ་ནི། ན) འཐུང་ཆུ་དང་ཞིང་ཆུ་ལས་རིམ་ཚུ་ལྟ་རྟོག་དང་ དབྱེ་ཞིབ་འབད་ནི། པ) ཆུའི་གཞི་རྟེན་མཁོ་ཆས་བཟོ་བསྐྲུན་དང་ ཉམས་བཅོས་ལཱ་གི་དོན་ལུ་ ཚད་ལྡན་དབང་འཛིན་ལུ་ཉིན་ལྟར་གྱིས་ལྟ་ རྟོག་འབད་ནི་ནང་གྲོགས་རམ་འབད་ནི། ཕ) འཐུང་ཆུ་དང་ཞིང་ཆུའི་ལས་འགུལ་ཚུ་གི་འཆར་གཞི་དང་ལག་ལེན་སྐོར་ལས་ ཚད་ལྡན་དབང་འཛིན་དང་མཉམ་ འབྲེལ་འབད་ནི། བ) ཆུའི་ཉེན་སྲུང་འཆར་གཞི་འདི་དོན་སྨིན་ཅན་འབད་ལག་ལེན་འཐབ་ནི་དང་ ཆུ་བཀྲམ་སྤེལ་རིམ་ལུགས་ཚུ་ དུས་རྒྱུན་ ཉམས་བཅོས་འབད་ཡོདཔ་ ངེས་གཏན་བཟོ་ནི། Civil Society Organizations (CSO) 18. As socially responsible and useful public information dissemination agents, the relevant CSOs and media shall perform the following functions: (a) Raise public awareness on the importance of preventing water pollution and sustainable use of water resources; (b) Promote public-private partnership activities to control water pollution and conserve water resources; (c) Educate and raise public awareness on the use of alternative technologies for efficient water resource management; and (d) Inform the public on misuse or abuse of water resources by commercial or development activities and call for accountability on public resources. Dzongkhag Water Management Committee (DWMC) 19. For the purpose of proper and effective protection and management of water resources at Dzongkhag level, the existing Dzongkhag Environment Committee (DEC) shall, with additional members as may be necessary, function as the DWMC under this Regulation. The DWMC shall perform the following functions: (a) Provide technical determination on the issues of water volume, water sufficiency at source and the carrying capacity of infrastructure for proposed additional water users; (b) In coordination with other sectors, assist WUAs in determining whether an existing water supply system is sufficient at source for proposed new or expanded water users; (c) Determine and issue technical opinion for local authorities on water related issues; (d) Provide technical advice to the Dzongkhag Administration for planning of drinking and irrigation water; and The Water Regulation of Bhutan 2014 13 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༡༣ ཞི་བའི་མི་སྡེ་ལས་ཚོགས། 18. འབྲེལ་ཡོད་མི་སྡེ་ལས་ཚོགས་དང་ བརྡ་བརྒྱུད་ཚུ་ མི་སྡེའི་འགན་ཁུར་འབག་མི་ཨིན་པའི་ཁར་ མི་མང་ལུ་བརྡ་དོན་གནས་ ཚུལ་ཁྱབ་སྤེལ་གྱི་དོན་ལུ་ ཕན་ཐོགས་ཆེ་བའི་ལས་སྡེ་ཨིནམ་ལས་ གཤམ་གསལ་གྱི་ལཱ་འགན་ཚུ་སྒྲུབ་དགོཔ་འདི་ཡངཿ ཀ) གལ་གནད་ཆེ་བའི་ཆུའི་བཙོག་གྲིབ་སྔོན་འགོག་དང་ ཆུའི་ཐོན་ཁུངས་ཡུན་བརྟན་སྦེ་སྤྱོད་ནི་འདི་ མི་མང་ལུ་གོ་བརྡ་ སྤེལ་ནི་དང་། ཁ) ཆུའི་བཙོག་གྲིབ་ཚད་འཛིན་དང་ ཆུའི་ཐོན་ཁུངས་ཉམས་སྲུང་འབད་ནི་ལུ་ གཞུང་དང་ སྒེར་སྡེ་མཉམ་འབྲེལ་གྱི་ ལས་སྣ་ཚུ་གོང་འཕེལ་གཏང་ནི། ག) ཕན་ནུས་ཡོད་པའི་ཆུའི་ཐོན་ཁུངས་འཛིན་སྐྱོང་འཐབ་ནི་གི་དོན་ལུ་ ཐབས་ལམ་གཞན་གྱི་ཐོག་ལས་ལག་ལེན་འཐབ་ བཏུབ་པའི་འཕྲུལ་ཆས་ཚུ་ མི་མང་ལུ་ཤེས་ཡོན་དང་གོ་བརྡ་སྤེལ་ནི། ང་) ཚོང་འབྲེལ་ ཡང་ན་ གོང་འཕེལ་ལས་སྣ་སོ་སོ་གིས་ཆུའི་ཐོན་ཁུངས་ཚུ་ ལོག་སྤྱོད་ཡང་ན་ ཚུལ་མིན་སྤྱོད་པའི་སྐོར་ ལས་ མི་མང་ལུ་གོ་བརྡ་སྤྲོད་ནི་དང་ མི་མང་གི་འགན་འཁྲིའི་དོན་ལུ་ བརྡ་བསྐུལ་འབད་ནི་ཚུ་ཨིན། རྫོང་ཁག་ཆུའི་འཛིན་སྐྱོང་ཚོགས་ཆུང་། 19. རྫོང་ཁག་རེ་ནང་ ཆུའི་ཐོན་ཁུངས་ཚུ་ལེགས་ཤོམ་སྦེ་འཛིན་སྐྱོང་དང་ཉེན་སྲུང་འབད་ནིའི་དོན་ལས་ ད་རེས་ཡོད་པའི་རྫོང་ཁག་ མཐའ་འཁོར་ཚོགས་ཆུང་དེ་གིས་ སྒྲིག་གཞི་འདིའི་འོག་ལུ་ གལ་གནད་དང་བསྟུན་ཏེ་ འཐུས་མི་ཁ་སྐོང་བཙུགས་ཏེ་ རྫོག་ ཁག་ཆུའི་འཛིན་སྐྱོང་ཚོགས་ཆུང་སྦེ་ ལཱ་འགན་སྒྲུབ་དགོཔ་གཤམ་གསལ་ལྟར་དུ་ཨིནཿ ཀ) ཆུ་སྤྱོད་གསར་འཐེབ་ཀྱི་གྲོས་འཆར་བཀོད་མིའི་དོན་ལུ་ ཆུ་རྐ་ནང་ཆུའི་འབོར་ཚད་དང་ ཆུ་ལང་མི་ལང་ གཞི་རྟེན་ མཁོ་ཆས་སྐྱེལ་འདྲེན་གྱི་ནུས་ཚད་དང་འབྲེལ་བའི་གནད་དོན་སྐོར་ འཕྲུལ་རིག་གི་བརྟག་ཞིབ་འབད་ནི་དང་། ཁ) ད་རེས་ཡོད་པའི་ཆུ་བཀྲམ་སྤེལ་རིམ་ལུགས་འདི་ལས་ ལག་ལེན་འཐབ་མི་གསརཔ་ ཡང་ན་རྒྱ་བསྐྱེད་འབད་ནི་གི་ གྲོས་འཆར་བཀོད་མི་ཚུ་གི་དོན་ལུ་ ཆུའི་འཐོན་ཁུངས་ལང་མི་ལང་གི་སྐོར་ལས་ སྡེ་ཚན་གཞན་ཚུ་དང་ཅིག་ཁར་ མཉམ་འབྲེལ་འཐབ་ཐོག་ ཆུ་སྤྱོད་ཚོགས་པ་ཚུ་ལུ་གྲོགས་རམ་འབད་ནི། ག) ས་གནས་དབང་འཛིན་ཚུ་གི་དོན་ལུ་ ཆུ་དང་འབྲེལ་བའི་གནད་དོན་སྐོར་ལས་ གཏན་འཁེལ་འབད་ནི་དང་ ཁྱད་རིག་ གི་བསམ་འཆར་ཚུ་བྱིན་ནི། ང་) རྫོང་ཁག་བདག་སྐྱོང་གིས་ འཐུང་ཆུ་དང་ཞིང་ཆུའི་འཆར་གཞི་བརྩམ་ནི་ལུ་ ཁྱད་རིག་གི་བསླབ་བྱ་ཚུ་བྱིན་ནི། (e) Collaborate with other DWMCs and issue recommendations to concerned Competent Authorities pertaining to inter-Dzongkhag plans and programs. Other Competent Authorities 20. Competent Authorities for the Thromde Drinking Water and their functions are specified under Chapter VI of this Regulation. Reporting 21. The Competent Authorities under this Regulation shall prepare respective annual reports containing, inter alia, implementation and enforcement of the Water Act and this Regulation, difficulties, issues and challenges to the Secretariat. CHAPTER III Water Users’ Association Formation of WUA 22. Water users of a water facility, in areas other than Thromde, will endeavor to form a Water Users’ Association (WUA) for the promotion of present and future water security interests. a) Water user for the purpose of forming a WUA shall mean household using water from a facility. b) Any new water user duly admitted to an existing facility will automatically be a member of the Association. 23. When the members are users of both the drinking and irrigation water facilities, the Association will act for both the purposes. However, the records of their meetings, decisions taken and financial book keepings will be maintained separately by the same office bearers. The Water Regulation of Bhutan 2014 14 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༡༤ ཅ) རྫོང་ཁག་སོ་སོའི་བར་ནའི་འཆར་གཞི་དང་ལས་རིམ་ཚུ་གི་སྐོར་ རྫོང་ཁག་ཆུའི་འཛིན་སྐྱོང་ཚོགས་ཆུང་གཞན་དང་ མཉམ་འབྲེལ་ཐོག་ལས་ འབྲེལ་ཡོད་ཚད་ལྡན་དབང་འཛིན་ལུ་གྲོས་འདེབས་ཕུལ་ནི་ཚུ་ཨིན། ཚད་ལྡན་དབང་འཛིན་གཞན། 20. ཁྲོམ་སྡེའི་འཐུང་ཆུའི་དོན་ལུ་ ཚད་ལྡན་དབང་འཛིན་ཚུ་གི་ལཱ་འགན་ཚུ་ སྒྲིག་གཞི་འདིའི་ལེའུ་༦ པའི་ནང་ལུ་བཀོད་པ་ལྟར་ དུ་ཨིན། སྙན་ཞུ་འབད་ཐངས། 21. སྒྲིག་གཞི་འདི་ནང་བཀོད་ཡོད་པའི་ཚད་ལྡན་དབང་འཛིན་ཚུ་གིས་ ཆུའི་བཅའ་ཁྲིམས་དང་སྒྲིག་གཞི་འདིའི་ལག་ལེན་དང་ བསྟར་སྤྱོད་སྐོར་ལས་ དཀའ་ངལ་ རྩོད་ཉོག་ གདོང་ལན་དང་གནད་དོན་གཞན་ཚུ་ ལྷན་ཚོགས་ཡིག་ཚང་ལུ་ཕུལ་ནི་གི་ལོ་ བསྟར་སྙན་ཞུ་ནང་བཀོད་དགོ། ལེའུ་གསུམ་པ། ཆུ་སྤྱོད་ཚོགས་པ། ཆུ་སྤྱོད་ཚོགས་པ་གཞི་བཙུགས། 22. ཁྲོམ་སྡེའི་ས་ཁོངས་ནང་མེན་པའི་ཆུའི་མཐུན་རྐྱེན་ཅིག་ལས་ཆུ་སྤྱོད་མི་ཚུ་ ཆུ་སྤྱོད་ཚོགས་པ་སྦེ་གཞི་བཙུགས་འབད་ནི་ལུ་རྩ་ འགེངས་དགོཔ་འདི་ཡང་ ད་ལྟ་དང་མ་འོངས་པའི་ཆུའི་སྲུང་སྐྱོབ་ཡར་དྲག་གཏང་ཐབས་ཀྱི་དོན་ལུ་ཨིན། ཀ) ཆུ་སྤྱོད་ཚོགས་པའི་གཞི་བཙུགས་ཀྱི་དོན་ལུ་ ཆུ་སྤྱོད་མི་ ཟེར་མི་འདི་ ཆུའི་མཐུན་རྐྱེན་གཅིག་ལས་ ཆུ་ལག་ལེན་ འཐབ་མི་གུང་པ་ལུ་གོ་དགོ། ཁ) ད་རེས་ཡོད་པའི་ཆུའི་མཐུན་རྐྱེན་ཅིག་ལས་ ཚུལ་མཐུན་ཐོག་ལས་ངོས་ལེན་འབད་བའི་ཆུ་སྤྱོད་མི་གསརཔ་དེ་ རང་ བཞིན་གྱིས་སྦེ་རང་ ཚོགས་པ་དེའི་འཐུས་མི་གྲངས་སུ་ཚུདཔ་ཨིན། 23. འཐུང་ཆུ་དང་ཞིང་ཆུ་གཉིས་ཆ་རའི་ཆུའི་མཐུན་རྐྱེན་ཚུ་སྤྱོད་པའི་འཐུས་མི་ཚུ་ཨིན་པ་ཅིན་ ཚོགས་པ་དེ་གིས་ དགོས་དོན་གཉིས་ ཆ་རའི་དོན་ལུ་ལཱ་འབད་དགོཔ་ཨིན་རུང་ དེའི་ཞལ་འཛོམས་དང་ གྲོས་ཐག་ཆོད་ཆོདཔ་གི་འཛིན་ཐོ་ དེ་ལས་ དངུལ་རྩིས་ཀྱི་ ཐོ་དེབ་བཞག་ནི་ཚུ་ གོ་གནས་བཟུང་མི་ཚུ་གིས་རྒྱུན་སྐྱོང་སོ་སོ་སྦེ་འཐབ་དགོ། Chairperson, Office Bearers and Tenure 24. The Association will nominate and elect its Chairperson at its first general meeting. 25. In order to assist the Chairperson in his/her functions, two members with functional literacy will be nominated and appointed upon their acceptance as “office bearers”. 26. The tenure of the Chairperson and office bearers will be determined by the Association. Quorum, Decision Making Process and Meeting 27. Presence of two thirds of its members is required for the Association to take decisions. 28. When there is no unanimous agreement or if the decision by show-off-hands is inconvenient due to nature of the issue, it will be decided through secret ballot by simple majority. Every water user member is entitled to exercise one vote. 29. Every decision made by the Association will be recorded in writing by the office bearers and counter signed by its Chairperson and other members present at the meeting. 30. The WUA will meet at least biannually. However, a meeting may be called by its Chairperson when there is need to address urgent issues in time. The Chairperson may nominate a member to act as a Chairperson in his/her absence. Registration 31. With the technical assistance of relevant Competent Authorities, the Chairperson and the office bearers will prepare necessary documents for the registration of a proposed WUA containing the following information: (a) Name and address of the WUA; (b) Names of the Chairperson and office bearers; The Water Regulation of Bhutan 2014 15 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༡༥ ཁྲི་འཛིན་དང་ གོ་གནས་བཟུང་མིའི་གནས་ཡུན། 24. ཚོགས་པའི་ཁྲི་འཛིན་དེ་ ཚོགས་པའི་ཡོངས་ཁྱབ་ཞལ་འཛོམས་དང་པའི་སྐབས་ལུ་ གདམ་འཐུ་འབད་དགོ། 25. ཁྲི་འཛིན་ཁོ/མོའི་ལཱ་འགན་དེ་ནང་རོགས་རམ་འབད་ནི་གི་དོན་ལུ་ དེ་དང་ཅིག་ཁར་ བྲིས་ལྷག་གི་ཤེས་ཡོན་ཡོད་པའི་མི་ངོ་ གཉིས་ ངོས་ལེན་ཐོག་ལས་གདམ་ངོ་སྦེ་བཏོན་ཏེ་བསྐོ་བཞག་འབད་ཞིནམ་ལས་ གོ་གནས་བཟུང་མི་ཅིག་སྦེ་བརྩི་དགོ། 26. ཁྲི་འཛིན་དང་ གོ་གནས་བཟུང་མི་ཚུ་གི་གནས་ཡུན་འདི་ རང་སོའི་ཆུ་སྤྱོད་ཚོགས་པ་གིས་ཐག་བཏོག་དགོཔ་ཨིན། ཞལ་འཛོམས་ཀྱི་གྲངས་ཐོ་དང་ གྲོས་ཐག་བཅད་ནི་གི་རིམ་པ། 27. ཚོགས་པའི་གྲོས་ཐག་བཅད་ནི་གི་དོན་ལུ་འཐུས་མི་འདི་ འཐུས་མི་གསུམ་དཔྱ་གཉིས་ངེས་པར་དུ་འཛོམས་དགོ། 28. གནད་དོན་གང་རུང་ཅིག་གི་གནས་ལུགས་ལས་བརྟེན་ འཁོན་མ་འཆམ་པ་ ཡང་ན་ ལགཔ་ཡར་འཐུ་སྟེ་འབད་རུང་ ཚུལ་ མཐུན་སྦེ་གྲོས་ཐག་བཅད་ནི་ལུ་ བྱ་སྟབས་མ་བདེཝ་ཐོན་པ་ཅིན་ དེའི་སྐོར་ལས་ གསང་བའི་ཚོགས་རྒྱན་ཐོག་ལས་ཕྱེད་མང་ གིས་གྲོས་ཐག་གཅད་དགོ། ཆུ་སྤྱོད་འཐུས་མི་རེ་རེ་བཞིན་དུ་གིས་ རང་སོའི་ཚོགས་རྒྱན་རེ་སྤྱོད་ཆོག་པའི་ཐོབ་རིམ་ཡོད། 29. ཚོགས་པ་དེ་ནང་གོ་གནས་བཟུང་མི་ཚུ་གིས་ གྲོས་ཆོད་རེ་རེ་བཞིན་དུ་ཡིག་ཐོག་ལུ་བཀོད་དགོཔ་མ་ཚད་ ཁྲི་འཛིན་དང་ ཞལ་ འཛོམས་ནང་གཏོགས་པའི་འཐུས་མི་གཞན་ཆ་མཉམ་གྱིས་ རང་སོའི་མིང་རྟགས་བཀོད་དགོ། 30. ཆུ་སྤྱོད་ཚོགས་པ་འདི་ ལོ་རེའི་ནང་ཉུང་ཤོས་རང་ཐེངས་གཉིས་རེ་འཚོགས་དགོཔ་ཨིན་རུང་ དུས་ཚོད་ཁར་གལ་ཅན་གྱི་གནད་ དོན་གསལ་དགོཔ་ཐོན་པའི་སྐབས་ ཁྲི་འཛིན་གྱིས་སྦེ་བརྡ་བསྐུལ་འབད་ཆོག། ཁྲི་འཛིན་མེད་པའི་སྐབས་ལུ་ ཁོ/མོའི་ལཱ་ འགན་འབག་ནིའི་དོན་ལུ་ ཁྲི་འཛིན་གྱིས་འཐུས་མི་གཅིག་བསྐོ་བཞག་འབད་ཆོག། ཐོ་བཀོད་འབད་ཐངས། 31. ཁྲི་འཛིན་དང་ གོ་གནས་བཟུང་མི་ཚུ་གིས་ འབྲེལ་ཡོད་ཚད་ལྡན་དབང་འཛིན་ཚུ་གི་འཕྲུལ་རིག་གི་རྒྱབ་སྐྱོར་ཐོག་ གྲོས་འཆར་ ཐོག་ལུ་ཡོད་མི་ཆུ་སྤྱོད་ཚོགས་པ་འདི་ ཐོ་བཀོད་འབད་ནི་གི་དོན་ལུ་ གཤམ་གསལ་གྱི་བརྡ་དོན་གནས་ཚུལ་ཚུ་ཚུད་པའི་ གལ་ གནད་ཆེ་བའི་ཡིག་རིགས་གྲ་སྒྲིག་འབད་དགོཔཿ ཀ) ཆུ་སྤྱོད་ཚོགས་པའི་མིང་ཐོ་དང་ཁ་བྱང་། ཁ) ཁྲི་འཛིན་དང་ གོ་གནས་བཟུང་མི་ཚུ་གི་ངོ་སྤྲོད་གསལ་བརྗོད། (c) List of users with irrigable land holdings and household members of each user; (d) Length and flow volume of the water facility; (e) The date of construction and the last maintenance done on the water facility; (f ) Name and location of the irrigation or drinking water source; (g) Whether the Association is for drinking water, irrigation or both; and (h) List of other commercial users, if any. 32. The Chairperson of the Association will apply for the registration of the WUA with the concerned Gewog Administration. In case water users comprises from two or more Gewogs, the Association will be registered with the Gewog Administration that has majority users. 33. After satisfaction of the necessary information as required, the Gewog Administration will register the Association and issue a certificate of registration under the sign and seal of the Gup. 34. A copy of registration certificates and a list of registered WUAs with the Gewog Administration will be sent annually to the Dzongkhag Administration with a copy to relevant Competent Authorities for updates. 35. When there are changes in the information details of the Association, the Chairperson will inform the concerned Gewog Administration, within three months of such changes, for necessary updates in the records of the Association. Powers and Functions of the WUA 36. In keeping with the provisions of the Water Act , the powers and functions of a WUA will include the following: (a) Protect and conserve its water source; The Water Regulation of Bhutan 2014 16 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༡༦ ག) ཆུ་སྤྱོད་མིའི་ཐོ་དང་ འཐུས་མི་རེ་རེ་བཞིན་གྱིས་དབང་བའི་ཆུ་ཞིང་དང་ བཟའ་ཚང་ནང་མིའི་ཐོ་ཡིག། ང་) ཆུའི་མཐུན་རྐྱེན་གྱི་རྒྱ་ཚད་དང་ འབོར་ཚད། ཅ) ཆུའི་མཐུན་རྐྱེན་ བཟོ་བསྐྲུན་དང་ ཉམས་བཅོས་འབད་བའི་ཚེས་གྲངས། ཆ) འཐུང་ཆུ་དང་ཞིང་ཆུའི་ཆུ་རྐ་གི་མིང་དང་ས་གནས། ཇ) ཚོགས་པ་དེ་ འཐུང་ཆུ་ཡང་ན་ ཞིང་ཆུའི་དོན་ལུ་ ཡང་ན་ གཉིས་ཆ་རའི་དོན་ལུ་ཨིན་ན། ཉ) གལ་སྲིད་ཡོད་པ་ཅིན་ ཚོང་འབྲེལ་གྱི་དོན་ལུ་ཆུ་སྤྱོད་མི་གཞན་གྱི་ཐོ་ཡིག་བཀོད་ནི་ཚུ་ཨིན། 32. ཚོགས་པའི་ཁྲི་འཛིན་དེ་གིས་ འབྲེལ་ཡོད་རྒེད་འོག་བདག་སྐྱོང་ནང་ ཆུ་སྤྱོད་ཚོགས་པ་སྦེ་ཐོ་བཀོད་འབད་ནི་གི་དོན་ལུ་ཞུ་ ཚིག་བཙུགས་ནི་དང་ གལ་སྲིད་ ཆུ་སྤྱོད་མི་ཚུ་ རྒེད་འོག་སོ་སོ་ལས་ཡོད་པ་ཅིན་ ཆུ་སྤྱོད་མི་མང་རབས་ཡོད་པའི་རྒེད་འོག་ བདག་སྐྱོང་དེ་ནང་ཐོ་བཀོད་འབད་དགོ། 33. གལ་གནད་ཆེ་བའི་བརྡ་དོན་ཐོག་ལུ་ངེས་ཤེས་འདྲོང་ཞིནམ་ལས་ རྒེད་འོག་བདག་སྐྱོང་གིས་ ཚོགས་པ་འདི་ཐོ་བཀོད་འབད་ ཞིནམ་ལས་ རྒ་པོའི་མིང་རྟགས་དང་ ལས་ཐམ་བཀོད་ཡོད་པའི་ ཐོ་བཀོད་ལག་ཁྱེར་གཅིག་སྤྲོད་དགོ། 34. རྒེད་འོག་བདག་སྐྱོང་དེ་ནང་ ཐོ་བཀོད་འབད་བའི་ཆུ་སྤྱོད་ཚོགས་པའི་ཐོ་དང་ཐོ་བཀོད་ལག་ཁྱེར་གྱི་ཡིག་ཆའི་འདྲ་ཚུ་ ལོ་ བསྟར་བཞིན་དུ་ དུས་མཐུན་བཟོ་ནི་གི་དོན་ལུ་ རྫོང་ཁག་བདག་སྐྱོང་དང་ འབྲེལ་ཡོད་ཚད་ལྡན་དབང་འཛིན་ལུ་འདྲ་རེ་གཏང་ དགོ། 35. ཚོགས་པའི་བརྡ་དོན་གནས་ཚུལ་ཚུ་ བསྒྱུར་བཅོས་རེ་འབད་བ་ཅིན་ ཁྲི་འཛིན་དེ་གིས་ བསྒྱུར་བཅོས་འབད་བའི་ཚེས་གྲངས་ ལས་ ཟླཝ་གསུམ་གྱི་ནང་འཁོད་ འབྲེལ་ཡོད་རྒེད་འོག་བདག་སྐྱོང་ནང་ ཚོགས་པའི་འཛིན་ཐོ་ཚུ་ དུས་མཐུན་བཟོ་ནི་གི་དོན་ ལས་ བརྡ་འཕྲིན་སྤྲོད་དགོ། ཆུ་སྤྱོད་ཚོགས་པའི་དབང་ཚད་དང་ལཱ་འགན། 36. ཆུའི་བཅའ་ཁྲིམས་ཀྱི་དགོངས་དོན་ཚུ་དང་འཁྲིལ་ ཆུ་སྤྱོད་ཚོགས་པའི་ལཱ་འགན་དང་དབང་ཚད་གྲངས་སུ་ གཤམ་གསལ་ ཚུ་ཚུདཔ་ཨིནཿ ཀ) ཆུའི་རྐ་མགོ་སྲུང་སྐྱོབ་དང་ ཉམས་སྲུང་འབད་ནི། (b) Ensure that every household within the Association has equitable and fair access to drinking and/or irrigation water supply and that no person is arbitrarily denied of basic daily water needs; (c) Admit or decline the admission of new user(s) to the WUA, depending on water availability at source and carrying capacity of its infrastructures; (d) When necessary, request Gewog Administration for the determination of water availability to admit new water users to its Association. When there is no such expertise at the Gewog level, it will request Dzongkhag Administration for technical assistance; (e) Hear and decide on disputes between or amongst its members relating to water and infrastructure use; (f ) Appoint one or more negotiators to settle disputes amicably before considering to render decision by casting votes by its users; (g) Keep records of the irrigable land holdings of its members and mechanism for distribution of water; (h) Maintain records of the minutes of its meetings and decisions taken by the Association; (i) Keep books of accounts on the money received and disbursement made by the Association; (j) Formulate, adopt and enforce rules for the use and management of drinking and/or irrigation water; (k) Decide on punitive actions for members failing to comply with the standing rules of the Association; (l) Take necessary measures for the efficient use of water; (m) Determine and adopt water user fees that commensurate with the services rendered by its members; (n) Issue letter of consent to temporary water user from its water facility, as appropriate; The Water Regulation of Bhutan 2014 17 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༡༧ ཁ) འཐུང་ཆུ་དང་ ཡང་ན་ ཞིང་ཆུ་བཀྲམ་སྤེལ་འདི་ ཚོགས་པའི་འཐུས་མི་རེ་རེ་བཞིན་ལུ་ ཀུན་སྙོམས་དང་ དྲང་བདེན་ ཐོག་ལས་ཐོབ་ཡོདཔ་ངེས་བརྟན་བཟོ་ནི་དང་ མི་ངོ་ག་ལུ་འབད་རུང་ཉིན་རིམ་བཞིན་གྱི་ཆུའི་དགོས་མཁོ་ཚུ་ ཚུལ་ མིན་ཐོག་ལུ་བཀག་དམ་འབད་ནི་མེདཔ་ངེས་བརྟན་བཟོ་ནི། ག) ཆུ་སྤྱོད་མི་གསརཔ་འཛུལ་ཞུགས་ཀྱི་དོན་ལུ་ ཆུའི་ཐོན་ཁུངས་ལངམ་སྦེ་ཡོད་མེད་དང་ སྐྱེལ་འདྲེན་གྱི་གཞི་རྟེན་ མཁོ་ཆས་ཚུ་གི་ནུས་ཚད་དང་བསྟུན་ ངོས་ལེན་འབད་ནི་ ཡང་ན་གནང་བ་མི་བྱིན་ནི། ང་) དགོས་མཁོ་འཐོན་པའི་སྐབས་ ཚོགས་པ་དེ་ནང་ ཆུ་སྤྱོད་མི་གསརཔ་ཚུ་ངོས་ལེན་གི་དོན་ལུ་ ཆུ་ཡོད་མེད་གཏན་ འཁེལ་འབད་ནིའི་དོན་ལུ་ རྒེད་འོག་ལུ་ཞུ་ནི་དང་ རྒེད་འོག་གནས་རིམ་དེ་ནང་ དེ་ལུགས་ཀྱི་མཁས་མཆོག་མེད་ པ་ཅིན་ རྫོང་ཁག་བདག་སྐྱོང་ལས་ འཕྲུལ་རིག་རྒྱབ་སྐྱོར་གྱི་ཞུ་བ་ཕུལ་ནི། ཅ) འཐུས་མི་ཚུ་གི་བར་ན་ ཆུ་དང་གཞི་རྟེན་མཁོ་ཆས་ལག་ལེན་དང་འབྲེལ་བའི་རྩོད་ཉོག་གི་སྐོར་ལས་ སྙན་གསན་ ཐོག་ལུ་གྲོས་ཐག་གཅད་དགོ། ཆ) ཆུ་སྤྱོད་མི་ཚུ་གིས་ ཚོགས་རྒྱན་ཐོག་ལས་གྲོས་ཐག་མ་བཅད་པའི་ཧེ་མར་ མཐུན་འབྲེལ་གྱི་ཐོག་ལས་ཉོག་འཛིང་ སེལ་ནི་གི་དོན་ལུ་ གཅིག་གམ་ དེ་ལས་མང་བའི་ནང་འགྲིགས་འབད་མི་བསྐོ་བཞག་འབད་ནི། ཇ) ཚོགས་པའི་འཐུས་མི་རང་སོར་འཆང་བའི་ཆུ་ཞིང་དང་ ཆུ་བགོ་བཀྲམ་གི་འཐབ་ལམ་གྱི་འཛིན་ཐོ་བཞག་ནི། ཉ) ཚོགས་པའི་ཞལ་འཛོམས་ཐོག་ལུ་གྲོས་ཐག་བཅད་པའི་གྲོས་བཅུད་དང་ གྲོས་ཆོད་ཚུ་ འཛིན་ཐོ་བཞག་ནི། ཏ) ཚོགས་པ་གིས་ སྤྲོད་ལེན་འབད་བའི་ཏི་རུའི་རྩིས་དེབ་དང་རྩིས་ཁྲ་བཞག་ནི། ཐ) འཐུང་ཆུ་དང་ ཡང་ན་ ཞིང་ཆུ་ སྤྱོད་ཐངས་དང་འཛིན་སྐྱོང་གི་དོན་ལུ་ བཅའ་ཡིག་བརྩམས་བཞིནམ་ལས་ ཆ་འཇོག་ དང་ བསྟར་སྤྱོད་འབད་ནི། ད) ཚོགས་པའི་བཅའ་ཡིག་དང་མ་བསྟུན་པ་ འཐུས་ཤོར་བྱུང་བའི་འཐུས་མི་ཚུ་ལུ་ དང་ལེན་འཐབ་ནི་གི་དོན་ལུ་ཐག་ གཅད་ནི། ན) ཕན་ནུས་ཅན་སྦེ་ཆུ་བེད་སྤྱོད་ཀྱི་དོན་ལུ་ གལ་ཆེ་བའི་ཐབས་ལམ་བཏོན་ནི། པ) དེའི་འཐུས་མི་ཚུ་གི་ཞབས་ཏོག་དང་བསྟུན་པའི་ཆུ་སྤྱོད་གླ་འཐུས་ཚུ་ གཏན་འཁེལ་དང་ཆ་འཇོག་འབད་ནི། ཕ) མཐུན་རྐྱེན་ཐོག་ལས་སྐབས་ཐོག་ཅིག་གི་ཆུ་སྤྱོད་མི་ཚུ་ལུ་ འོས་འབབ་ཡོད་ལུགས་ཀྱི་ངོས་ལེན་ཡི་གུ་སྤྲོད་ནི། (o) Request for intervention of Gewog Administration when there is undue developmental activities being sighted in and around its water source; (p) Federate with other WUAs to exchange information, challenges and to improve water resource management; (q) When necessary, invite forest officer, health worker or engineers to attend its meetings for technical and other skill supports; (r) Appoint water guard (CHHU SUP) for irrigation and/or drinking water, as appropriate; (s) Nominate its member(s) to represent the Association on the Federation of Water Users Association, as may be necessary; (t) Allocate and maintain a water tap point, at a strategic location within a group of households, for fire emergency purposes; and (u) Exercise such powers and functions as may be delegated by the concerned Competent Authority within its jurisdiction. Formation and Functions of the Federation of Water Users’ Association (FWUA) 37. The FWUA will consist of members from WUAs using a water source from the same watercourse and the functions include the following: (a) Address issues concerning the conservation and protection of the common water source and its efficient management; (b) Deliberate and resolve common concerns and issues of its member Associations; (c) Formulate a code of conducts to be followed by its member Associations; and (d) Propose to relevant authorities the measures to be adopted by other commercial users from the same source of water. The Water Regulation of Bhutan 2014 18 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༡༨ བ) ཆུ་རྐའི་མཐའ་སྐོར་ལུ་ ཚུལ་དང་མ་མཐུན་པའི་གོང་འཕེལ་གྱི་ལས་སྣ་འཐབ་ས་མཐོང་བའི་སྐབས་ རྒེད་འོག་ བདག་སྐྱོང་གི་བར་འཛུལ་གི་དོན་ལུ་ཞུ་བ་བཀོད་ནི། མ) ཆུའི་ཐོན་ཁུངས་འཛིན་སྐྱོང་ཡར་དྲག་གི་དོན་ལུ་ ཆུ་སྤྱོད་ཚོགས་པ་གཞན་དང་ཅིག་ཁར་ མཉམ་འབྲེལ་འབད་དེ་ བརྡ་དོན་གནས་ཚུལ་དང་གདོང་ལེན་ཚུ་བརྗེ་སོར་འབད་ནི། ཙ) ཁྱད་རིག་དང་ རིག་རྩལ་གཞན་གྱི་རྒྱབ་སྐྱོར་དོན་ལུ་ ནགས་ཚལ་འགོ་དཔོན་དང་ གསོ་བའི་ལས་གཡོག་པ་ བཟོ་ རིག་འགོ་དཔོན་ཚུ་ གལ་གནད་འཐོན་པའི་སྐབས་ འཛོམས་འདུའི་ནང་ཞུ་བ་འབད་ནི། ཚ) འཐུང་ཆུ་དང་ ཡང་ན་ ཞིང་ཆུའི་དོན་ལུ་ དགོས་མཁོ་དང་བསྟུན་ ཆུ་སྲུངཔ་ཅིག་བསྐོ་བཞག་འབད་ནི། ཛ) གལ་གནད་དང་བསྟུན་ ཆུ་སྤྱོད་ཚོགས་པའི་འབྲེལ་ཚོགས་ཀྱི་དོན་ལུ་ འཐུས་མིའི་ངོ་ཚབ་གདམ་འཐུ་འབད་ནི། ཝ) གུང་ཚན་གཅིག་ཁར་སྤུངས་ཏེ་ཡོད་ས་ལུ་ གློ་བུར་མེ་རྐྱེན་གྱི་དོན་ལུ་ ཐབས་ཤེས་ཡོད་པའི་ས་གོ་ཚུ་ནང་ ཆུ་དུང་ བཙུགས་ཐབས་བསྒྲིག་སྟེ་ རྒྱུན་སྐྱོང་འཐབ་ནི། ཞ) རང་སོའི་ས་ཁྱོན་དབང་ཁྱབ་ནང་འཁོད་ལུ་ འབྲེལ་ཡོད་ཚད་ལྡན་དབང་འཛིན་གྱིས་སྤྲོད་པའི་དབང་ཚད་དང་ བྱ་སྒོ་ བསྟར་སྤྱོད་འཐབ་ནི་ཚུ་ཨིན། ཆུ་སྤྱོད་ཚོགས་པའི་འབྲེལ་ཚོགས་ གཞི་བཙུགས་འབད་ཐངས་དང་ ལཱ་འགན། 37. ཆུ་སྤྱོད་ཚོགས་པའི་འབྲེལ་ཚོགས་འདི་ ཆུའི་རྐ་ཆུ་ལམ་གཅིག་ལས་ལག་ལེན་འཐབ་མི་ཆུ་སྤྱོད་ཚོགས་པ་ཚུ་གི་འཐུས་མི་ ཚུ་ ཨིནམ་ལས་ དེ་གི་ལཱ་འགན་གཤམ་གསལ་ལྟར་དུ་ཨིནཿ ཀ) སྤྱི་ཐོག་གི་ཆུ་རྐའི་སྲུང་སྐྱོབ་དང་ ཉམས་སྲུང་དང་འབྲེལ་བའི་གནད་དོན་ཚུ་བསལ་ནི་དང་ དེའི་ཕན་ནུས་ཅན་གྱི་ འཛིན་སྐྱོང་འཐབ་ནི། ཁ) འཐུས་མི་ཚོགས་པ་ཚུ་གི་སྤྱི་མཐུན་གྱི་དཀའ་ངལ་དང་ གནད་དོན་ཐོག་ལུ་ གྲོས་བསྡུར་འབད་དེ་ཐག་བཏོག་ནི། ག) འཐུས་མི་ཚོགས་པ་ཚུ་གིས་ལག་ལེན་འཐབ་དགོ་པའི་ཀུན་སྤྱོད་རྣམ་གཞག་བརྩམ་ནི། ང་) ཆུ་རྐ་གཅིག་ལས་ཚོང་འབྲེལ་གྱི་དོན་ལུ་སྤྱོད་མི་གཞན་ཚུ་གིས་ ཐབས་ལམ་ཚུ་ དང་ལེན་འབད་ནི་གི་དོན་ལུ་ འབྲེལ་ཡོད་དབང་འཛིན་ལུ་གྲོས་འཆར་བཙུགས་ནི། CHAPTER IV General Provisions Delegation of Commission’s Powers 38. In keeping with Section 13 (p) of the Water Act and for the purpose of effective implementation of this Regulation by concerned Competent Authorities, the Commission’s powers and functions under Sections 31 of the Water Act shall be delegated to the designated Competent Authorities. In addition, the Commission’s power and function under section 61 (a) of the Water Act shall be delegated to the designated Competent Authorities for appeals from the decision of the Dzongkhag Administration. The delegation shall come into effect from the adoption date of this Regulation which may be revoked through written notification by the Commission. Water User Rights 39. Water being property of the state, any user right developed in the individual, household or community will not tantamount to ownership right over a water body at any point of time. 40. Any customary practices of water use will be discouraged if the practice is per se unfair and inequitable resulting in the arbitrary denial of water use to an individual or community. 41. Whether it is a traditional mode of determining water volume or a modern calibrated mode, water will be distributed amongst its users in a fair and equitable manner. Right to Water Facility of a Land and House 42. The existing right to drinking or irrigation water facilities forms an integral part of the land or house, whether acquired through sale, gift, mortgage or inheritance. The Water Regulation of Bhutan 2014 19 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༡༩ ལེའུ་བཞི་པ། སྤྱིར་བཏང་གི་དགོངས་དོན། ལྷན་ཚོགས་ཀྱི་དབང་ཚད་འགན་སྤྲོད། 38. ཚད་ལྡན་དབང་འཛིན་ཚུ་གིས་ སྒྲིག་གཞི་འདི་ དོན་སྨིན་ཅན་སྦེ་ལག་ལེན་འཐབ་ནི་གི་དོན་ལུ་ ཆུའི་བཅའ་ཁྲིམས་ཀྱི་དོན་ཚན་ ༡༣ པའི་(མ) པ་དང་འཁྲིལ་ཏེ་ ཆུའི་བཅའ་ཁྲིམས་ཀྱི་དོན་ཚན་ ༣༡ པའི་ནང་གསལ་བཀོད་པའི་ ལྷན་ཚོགས་ཀྱི་དབང་ ཚད་དང་ལཱ་འགན་ཚུ་ ངོས་འཛིན་གྲུབ་པའི་ཚད་ལྡན་དབང་འཛིན་ཚུ་ལུ་འགན་སྤྲོད་འབདཝ་ཨིན། ལྷག་པར་དུ་ ཆུའི་བཅའ་ ཁྲིམས་ཀྱི་དོན་ཚན་ ༦༡(ཀ) པའི་ནང་གསལ་བཀོད་པའི་ ལྷན་ཚོགས་ཀྱི་དབང་ཚད་དང་ལཱ་འགན་ཚུ་ རྫོང་ཁག་ལས་མཐོ་ གཏུགས་ཀྱི་དོན་ལུ་ ངོས་འཛིན་གྲུབ་པའི་ཚད་ལྡན་དབང་འཛིན་ཚུ་ལུ་འགན་སྤྲོད་འབདཝ་ཨིན། འགན་སྤྲོད་འདི་ཡང་ སྒྲིག་ གཞི་འདི་ཆ་འཇོག་གྲུབ་པའི་ཚེས་གྲངས་ལས་འགོ་བཙུགས་ བསྟར་སྤྱོད་འབད་དགོ། ཨིན་རུང་ གསལ་བསྒྲགས་ཐོག་ལས་ ལྷན་ཚོགས་ཀྱིས་ཆ་མེད་གཏང་ཆོག། ཆུ་སྤྱོད་མིའི་ཐོབ་དབང་། 39. ཆུ་འདི་རྒྱལ་ཁམས་ཀྱི་རྒྱུ་དངོས་ཨིནམ་ལས་ ནམ་རང་ཨིན་རུང་ མི་ངོ་ བཟའ་ཚང་ ཡང་ན་ མི་སྡེ་གིས་བཟུང་བའི་ཆུ་སྤྱོད་ ཐོབ་དབང་དེ་ ཆུ་གཞུང་ཇོ་བདག་གི་ཐོབ་དབང་དང་མི་འདྲ། 40. གལ་སྲིད་སྔར་སྲོལ་གྱི་ཆུ་སྤྱོད་ལམ་ལུགས་འདི་ ངོ་རྐྱང་ངམ་ མི་སྡེ་ལུ་དྲང་སྙོམས་དང་དྲང་བདེན་མེན་པའི་ ཚུལ་མིན་ཐོག་ ལུ་ ཆུ་སྤྱོད་ནི་ལས་བཀག་ཆ་འབྱུང་པ་ཅིན་ དེ་ཚུ་བཀག་དམ་རྐྱབ་དགོ། 41. ཆུའི་འབོར་ཚད་དེ་ སྔར་སྲོལ་གྱི་དཔེ་ལམ་ཡང་ན་ དེང་སང་གི་ཚད་རྟགས་དཔེ་ལམ་ཚུ་གི་ཐོག་ལས་ ག་འདེ་སྦེ་གཏན་ འཁེལ་འབད་རུང་ ཆུ་སྤྱོད་མི་ཚུ་གི་བར་ན་ དྲང་བདེན་དང་སྤྱི་སྙོམས་ཀྱི་རྣམ་གཞག་ཐོག་ལས་ བཀྲམ་སྤེལ་འབད་དགོ། ས་དང་ཁྱིམ་ལུ་ཆུའི་མཐུན་རྐྱེན་གྱི་ཐོབ་དབང་། 42. ད་རེས་ཡོད་པའི་ཞིང་ཆུ་ཡང་ན་ འཐུང་ཆུའི་མཐུན་རྐྱེན་གྱི་ཐོབ་དབང་འདི་ས་དང་ཁྱིམ་ ཚོང་བསྒྱུར་ གསོལ་རས་ གཏའ་མ་ ཡང་ན་ སྐལ་བགོ་གང་རུང་ཅིག་གི་ཐོག་ལས་ཐོབ་པ་ཨིན་རུང་ ས་དང་ཁྱིམ་གྱི་ཆ་ཤས་གཙོ་བོ་ཅིག་སྦེ་བརྩི་དགོ། 43. Besides ownership transfer of an irrigable landholding or a dwelling house, a person will not sell or exchange his or her user right to drinking or irrigation water facilities to another person. The right to water use from a facility shall terminate with the discontinuity of its original purpose. Permit Requirements 44. Except for the activities existing prior to the adoption of this Regulation, any water abstraction activity will require permit from concerned authority. 45. Unless specified terms therein, a permit granted under this Regulation is deemed for perpetuity. However, the permit terms may be amended, suspended or annulled for the reason of social urgency or violation of permit terms.When the water is determined sufficient and feasible, the concerned authority may issue more than one permit with terms and conditions therein. 46. When the water is determined sufficient and feasible, the concerned authority may issue more than one permit with terms and conditions therein. 47. A permit issued under this Regulation will specify the purpose of abstraction. 48. The concerned Permit issuing authority shall consult with the existing downstream users of the same water source prior to issuance of permit, if the new abstraction is likely to impact them. Permit Issuing Authorities 49. The permit for water abstraction activities not requiring Environmental Clearance under the Water Act and/or Environmental Assessment Act will be issued by the Gewog Administration within whose jurisdiction the water abstraction source point is located. In case the water abstraction is for the use in another Gewog, a copy of an application for permit will be sent to the concerned Gewog Administration. The Water Regulation of Bhutan 2014 20 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༢༠ 43. ཆུ་འདྲེན་བཏུབ་པའི་ས་ཞིང་ ཡང་ན་ སྡོད་ཁྱིམ་གྱི་བདག་དབང་སྤོ་སོར་འབད་ན་མ་གཏོགས་ མི་ངོ་ག་ཨིན་རུང་ ཁོའམ་མོ་ རའི་ འཐུང་ཆུ་ ཡང་ན་ ཞིང་ཆུའི་མཐུན་རྐྱེན་སྤྱོད་ནི་གི་ཐོབ་དབང་དེ་ མི་གཞན་དང་ཅིག་ཁར་བརྗེ་སོར་འཐབ་པའམ་ ཚོང་ བསྒྱུར་འཐབ་པ་ལ་སོགས་པ་འབད་མི་ཆོག། དེ་འབདཝ་ལས་ མཐུན་རྐྱེན་ཐོག་ལས་ ཆུ་སྤྱོད་ནིའི་ཐོབ་དབང་དེ་གི་དགོས་དོན་ ངོ་མ་དེ་རང་མ་སྒྲུབ་པ་ཅིན་ ཐོབ་དབང་དེ་ཡང་བརྩི་ཁུངས་མེད། ཆུ་སྤྱོད་ཆོག་ཐམ་དགོས་མཁོ། 44. སྒྲིག་གཞི་འདི་ཆ་འཇོག་མ་འབད་བའི་སྔ་གོང་གི་ལས་སྣ་ཚུ་ཨིན་ན་མ་གཏོགས་ ཆུ་བཏོན་གྱི་ལས་སྣ་གང་རུང་ལུ་ འབྲེལ་ ཡོད་དབང་འཛིན་ལས་ཆོག་ཐམ་དགོ། 45. ཆོག་ཐམ་དེ་ནང་ དམིགས་བསལ་སྦེ་བཀོད་དེ་ཡོད་ན་མ་གཏོགས་ ཆུ་བཏོན་ལཱ་གི་ཆོག་ཐམ་གནང་མི་འདི་ ངེས་མེད་ཀྱི་དུས་ ཡུན་ཅིག་སྦེ་བརྩི་དགོ། ཨིན་རུང་ མི་སྡེའི་གལ་གནད་དམ་ ཆོག་ཐམ་གྱི་ཁ་ཚིག་ལོག་སྤྱོད་འབད་ཚེ་ ཆོག་ཐམ་གྱི་ཁ་ཚིག་ བསྒྱུར་བཅོས་སམ་ ཆོག་ཐམ་འཚམས་འཇོག་ ཡང་ན་ ཆ་མེད་གཏང་ཆོག། 46. ཆུ་ལངམ་སྦེ་ཡོད་མེད་ དེ་ལས་འོས་འབབ་ཡོད་མེད་དང་བསྟུན་ཏེ་ འབྲེལ་ཡོད་དབང་འཛིན་གྱིས་ ཁ་ཚིག་དང་གནས་ཚིག་ཚུ་ བཀོད་དེ་ གཅིག་ལས་ལྷག་པའི་ཆོག་ཐམ་སྤྲོད་ཆོག། 47. སྒྲིག་གཞི་འདིའི་ནང་གསལ་ལྟར་ ཆུ་བཏོན་ལཱ་གི་ཆོག་ཐམ་སྤྲོད་སྐབས་ ཆུ་བཏོན་དགོ་པའི་གནད་དོན་གསལ་བཀོད་འབད་ དགོ། 48. གལ་སྲིད་ཆུ་གསར་བཏོན་ལཱ་གིས་ ད་རེས་ཡོད་པའི་ཆུ་མཇུག་ས་ཁོངས་ནང་ཆུ་སྤྱོད་མི་ཚུ་ལུ་ གནོད་ཉེན་ཡོད་ཚེ་ ཆོག་ཐམ་ སྤྲོད་མི་འབྲེལ་ཡོད་དབང་འཛིན་དེ་གིས་ ཆོག་ཐམ་མ་སྤྲོད་སྔ་གོང་ལུ་ ད་རེས་ཡོད་པའི་ཆུ་མཇུག་ས་ཁོངས་ལུ་ཆུ་སྤྱོད་མི་ཚུ་ དང་ཅིག་ཁར་གྲོས་བསྟུན་འབད་དགོ། ཆོག་ཐམ་སྤྲོད་ནི་གི་དབང་འཛིན། 49. ཆུའི་བཅའ་ཁྲིམས་དང་ ཡང་ན་ མཐའ་འཁོར་བརྟག་ཞིབ་བཅའ་ཁྲིམས་ནང་གསལ་ལྟར་ མཐའ་འཁོར་གནས་སྟངས་ཀྱི་ ཉོག་མེད་གནང་བ་ཞུ་དགོཔ་མེད་པའི་ཆུ་བཏོན་ལས་སྣ་ཚུ་གི་དོན་ལུ་ ཆོག་ཐམ་དེ་ ཆུ་བཏོན་སའི་ས་གནས་ལུ་དབང་ཁྱབ་ཡོད་ པའི་་རྒེད་འོག་བདག་སྐྱོང་དེ་གིས་སྤྲོད་དགོ། གལ་སྲིད་ཆུ་བཏོན་ཏེ་ རྒེད་འོག་གཞན་ཅིག་གིས་སྤྱོད་ནི་ཨིན་པ་ཅིན་ ཆོག་ཐམ་ གྱི་དོན་ལུ་ཕུལ་བའི་ཞུ་ཚིག་གི་འདྲ་ཅིག་ འབྲེལ་ཡོད་རྒེད་འོག་བདག་སྐྱོང་ལུ་གཏང་དགོ། 50. All new water abstraction permits, other than permits under Section 49 above, will be issued by the Dzongkhag Administration within whose jurisdiction the water abstraction source point is located. 51. Notwithstanding section 49 of this Regulation, permits for groundwater abstraction activities shall be issued by the Dzongkhag Administration. If the Dzongkhag Administration is unable to determine the foreseeable impacts of a proposed ground water abstraction, it may be forwarded to the Secretariat for technical assistance. Exemption from Permit Requirement 52. Routine maintenance activities on existing drinking or irrigation water facilities are not subject to permit requirement. 53. Abstracting water to run mills or prayer wheels will not require a permit unless such abstraction: (a) Involves permanent diversion of a water course into a different channel; or (b) Involves diversion of a water course which does not return to its main course within 50 meters from the diversion point; and (c) Involves diversion above the source point of existing users. Effluent Discharge, Property Damage and Compensation 54. To prevent property damage, sanitary nuisance and diseases within human settlements, every house will design and maintain a proper drainage facility around its premises for the discharge of effluents and other runoffs. 55. When properties are being damaged or objectionable sanitary nuisance is being caused by effluent discharge from a source point: (a) The victims of such damage or sanitary nuisance will require the source point household(s) to attend to its drainage system immediately to prevent further damage or sanitary nuisance; The Water Regulation of Bhutan 2014 21 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༢༡ 50. གོང་གསལ་དོན་ཚན་༤༩ པའི་ནང་དོན་དང་འཁྲིལ་བའི་ཆོག་ཐམ་ཚུ་མ་གཏོགས་ ཆུ་གསརཔ་བཏོན་ནི་གི་ཆོག་ཐམ་གཞན་ ཆ་མཉམ་ ཆུ་བཏོན་ལཱ་གི་ཆུ་རྐའི་ས་གནས་ལུ་དབང་ཁྱབ་ཡོད་པའི་རྫོང་ཁག་བདག་སྐྱོང་དེ་གིས་སྤྲོད་དགོ། 51. གོང་གསལ་སྒྲིག་གཞི་འདིའི་དོན་ཚན་༤༩ ལུ་མ་ལྟོས་པར་ ས་འོག་གི་ཆུ་བཏོན་ལས་སྣའི་དོན་ལུ་ཆོག་ཐམ་འདི་ རྫོང་ཁག་ བདག་སྐྱོང་གིས་སྤྲོད་དགོ། གལ་སྲིད་རྫོང་ཁག་བདག་སྐྱོང་དེ་གིས་ ས་འོག་གི་ཆུ་བཏོན་ནིའི་གྲོས་འཆར་འདི་གིས་ མ་འོངས་ པའི་ཕན་གནོད་ཡོད་མེད་ཀྱི་ཐག་བཅད་མ་ཚུགས་པ་ཅིན་ འཕྲུལ་རིག་རྒྱབ་སྐྱོར་གྱི་དོན་ལུ་ ལྷན་ཚོགས་ཡིག་ཚང་ལུ་གཏང་ཆོག། ཆོག་ཐམ་གྱི་དགོས་མཁོ་ལས་ཡངས་ཆག། 52. ད་རེས་ཡོད་པའི་འཐུང་ཆུ་ ཡང་ན་ ཞིང་ཆུའི་མཐུན་རྐྱེན་ཐོག་ལུ་ དུས་རྒྱུན་རྒྱུན་སྐྱོང་གི་ལས་སྣ་ཚུ་གི་དོན་ལུ་ ཆོག་ཐམ་དང་ འཁྲིལ་དགོཔ་མེད། 53. གཤམ་གསལ་ཆུ་བཏོན་ལཱ་གི་དོན་ལུ་ཨིན་ན་མ་གཏོགས་ ཆུ་འཐག་ ཡང་ན་ ཆུ་འཁོར་མ་ཎེའི་དོན་ལུ་ཆུ་བཏོན་ཆོག་ཐམ་ཞུ་ དགོཔ་མེད། ཀ) ཆུ་ལམ་གཡུར་བ་སོ་སོ་ཅིག་ནང་ གཏན་འཇགས་སྦེ་ཁ་བསྒྱུར་གཏང་ནི་དང་། ཁ) ཆུ་ལམ་ཁ་བསྒྱུར་གཏང་ཞིནམ་ལས་ མི་ཀྲར་༥༠ ནང་འཁོད་ སླར་ལོག་ཆུ་ལམ་ངོ་མ་དང་མ་མཐུད་པ། ག) ད་རེས་ཡོད་པའི་ཆུ་སྤྱོད་མི་ཚུ་གི་ཆུ་རྐའི་ལྟག་ལས་ ཁ་བསྒྱུར་གཏང་ནི་གི་རིགས། བཙོག་ཆུ་ཕྱིར་བཏོན་ རྒྱུ་དངོས་གནོད་སྐྱོན་དང་རྒུད་འཐུས། 54. མིའི་གཞི་ཆགས་སའི་ནང་འཁོད་ རྒྱུ་དངོས་ལུ་གནོད་སྐྱོན་ གཙང་སྦྲ་དང་འབྲེལ་བའི་བསུན་འཚེར་དང་ ནད་གཞི་ཚུ་སྔོན་ འགོག་གི་དོན་ལུ་ གུང་ཁྱིམ་རེ་རེ་བཞིན་དུ་གིས་ རང་སོའི་ས་ཁོངས་མཐའ་སྐོར་ཏེ་བཙོག་ཆུ་དང་ ཆར་ཆུ་ཚུ་ཕྱིར་བཏོན་གཏང་ ནི་གི་ ཚུལ་མཐུན་གཡུར་བའི་བཟོ་བཀོད་བསྒྲིག་སྟེ་བདག་འཛིན་འཐབ་དགོ། 55. བཙོག་ཆུ་ཕྱིར་བཏོན་དེ་གིས་ རྒྱུ་དངོས་ལུ་གནོད་སྐྱོན་བཀལ་བ་ ཡང་ན་ ཉོག་རུང་བའི་གཙང་སྦྲའི་བསུན་འཚེར་བྱུང་བའི་ སྐབསཿ ཀ) རྒྱུ་དངོས་ལུ་གནོད་སྐྱོན་ཡང་ན གཙང་སྦྲའི་བསུན་འཚེར་གྱི་ཉམས་རྒུད་པ་ཚུ་གིས་ གནོད་སྐྱོན་དང་ གཙང་སྦྲའི་ བསུན་འཚེར་བཀག་ཐབས་ཀྱི་དོན་ལུ་ བཙོག་ཆུ་འབྱུང་སའི་ཁྱིམ་གུང་དེ་ལུ་ བཙོག་ཆུ་གཡུར་བ་གི་རིམ་ལུགས་ འདི་ དུས་འཕྲལ་ལས་ལེགས་བཅོས་འབད་བཅུག་དགོ། (b) The source point household(s) may be determined liable to compensate for the damage caused; (c) When necessary by lack of other options, the land owner(s) around such source point will allow and require the source point house owner(s) to construct drainage through their land and enable such effluent discharges or runoffs to find its way into public drains; and (d) The cost for construction of such drainage will be borne by the owner of the effluent source point. 56. If negligence or poor maintenance of a water facility causes property damage, the users of that facility will be liable to compensate the owner of the property damaged. Water Pollution Control 57. In the absence of an effluent discharge standard for rural community application, the outlets from toilet and spillage from septic tanks of each house will be monitored by village health workers or sanitary inspector as designated by the Dzongkhag Administration and report to the Gup with a copy to the Dzongdag. Periodic Water Tank Cleanups 58. The owner of a building/house will clean up its drinking water storage facility periodically and a health worker or sanitary inspector may conduct frequent monitoring to ensure that the water storage facility is safe and hygienic. Integrated Water Use Management Plans 59. Depending on changing economic activities, urbanization, farming patterns, climatic change, demographic projections and changing lifestyles in respective locations, every Dzongkhag Administration will prepare an Integrated Water Use Management Plan for the Dzongkhag based on the NIWRMP for adoption by the Dzongkhag Tshogdu. The Water Regulation of Bhutan 2014 22 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༢༢ ཁ) ཉམས་རྒུད་པ་དེ་གིས་ བཙོག་ཆུ་འབྱུང་སའི་ཁྱིམ་གུང་དེ་ལུ་ རྒུད་འཐུས་བཀལ་ཆོག། ག) གལ་སྲིད་ཐབས་ལམ་གཞན་མེད་པའི་གལ་གནད་ལས་བརྟེན་ བཙོག་ཆུ་དང་ཆར་ཆུ་ཚུ་ མི་མང་བཙོག་ཆུའི་ གཡུར་བ་བདའ་སྟེ་འདྲེན་ཐབས་ལུ་ ཉེ་འཁོར་ཚུ་ནང་སྡོད་མི་སའི་ཇོ་བདག་ཚུ་གིས་ བཙོག་ཆུ་འབྱུང་སའི་ཁྱིམ་གྱི་ ཇོ་བདག་དེ་ལུ་ ཁོང་རའི་སའི་ཐོག་ལས་གཡུར་བ་བཟོ་བསྐྲུན་འབད་བཅུག་དགོ། ང་) འདི་བཟུམ་མའི་གཡུར་བ་བཟོ་བསྐྲུན་གྱི་ཟད་འགྲོ་དེ་ཡང་ བཙོག་ཆུ་འབྱུང་སའི་ཇོ་བདག་དེ་ལུ་ཕོག། 56. སྣང་མེད་ ཡང་ན་ ཆུའི་མཐུན་རྐྱེན་ལེགས་ཞིམ་སྦེ་རྒྱུན་སྐྱོང་མ་འབདཝ་ལས་བརྟེན་ རྒྱུ་དངོས་ལུ་གནོད་སྐྱོན་བཀལ་ཚེ་ རྒུད་ འཐུས་དེ་ གནོད་སྐྱོན་བཀལ་བའི་མཐུན་རྐྱེན་སྤྱོད་མི་ཚུ་གིས་ གནོད་སྐྱོན་ཕོག་པའི་རྒྱུ་དངོས་ཀྱི་བདག་པོ་དེ་ལུ་སྤྲོད་དགོ། ཆུའི་བཙོག་གྲིབ་དམ་འཛིན། 57. གྲོང་གསེབ་མི་སྡེ་ནང་ལག་ལེན་འཐབ་ནིའི་ བཙོག་ཆུ་ཕྱིར་བཏོན་གི་གནས་ཚད་མེད་པའི་སྐབས་ ཁང་ཁྱིམ་ཚུ་གི་ཆབ་གསང་ ལས་འཐོན་མི་དང་ ཆབ་གསང་བསགས་མཛོད་ལས་འཛག་ལུད་ཚུ་ རྫོང་ཁག་བདག་སྐྱོང་གིས་ངོས་འཛིན་འབད་དེ་ཡོད་མི་ གྲོང་གསེབ་གསོ་བའི་ལས་རོགས་པའམ་ གཙང་སྦྲ་ཞིབ་དཔྱད་པ་གིས་ ལྟ་རྟོག་འབད་ཞིནམ་ལས་ རྒ་པོ་ལུ་སྙན་ཞུ་འབད་ ནི་དང་ དེའི་འདྲ་གཅིག་རྫོང་བདག་ལུ་ཕུལ་དགོ། དུས་རིམ་བཞིན་དུ་ ཆུ་མཛོད་ཕྱག་དགོཔ། 58. སྒྲིང་ཁྱིམ/ཁྱིམ་གྱི་སྦྱིན་བདག་དེ་གིས་ འཐུང་ཆུ་གསོག་འཇོག་གི་མཐུན་རྐྱེན་ཚུ་ དུས་རིམ་བཞིན་དུ་ཕྱག་བདར་རྐྱབ་དགོཔ་ དང་ ཆུ་མཛོད་མཐུན་རྐྱེན་ཚུ་ ཉེན་སྲུང་དང་ཧིང་སང་ས་སྦེ་ཡོདཔ་ངེས་བརྟན་བཟོ་ནི་དོན་ལུ གསོ་བའི་ལས་རོགས་པའམ་ གཙང་སྦྲ་ཞིབ་དཔྱད་པ་དེ་གིས་ འཕྲལ་འཕྲལ་འབད་རང་ལྟ་རྟོག་འབད་ཆོག། ཆུ་སྤྱོད་གཅིག་བསྒྲིལ་འཛིན་སྐྱོང་འཆར་གཞི། 59. ས་གནས་སོ་སོའི་དཔལ་འབྱོར་ལས་སྣའི་འགྱུར་བ་ ཁྲོམ་སྡེའི་ངོ་བོར་གྱུར་པ་ སོ་ནམ་ཞིང་ལཱའི་དཔེ་གཞི་ གནམ་གཤིས་ཀྱི་ འགྱུར་བ་ མི་འབོར་ཞིབ་རྩིས་ཀྱི་སྔོན་བཤད་དང་ འཚོ་བའི་གནས་སྟངས་ཀྱི་འགྱུར་བ་ཚུ་དང་བསྟུན་ རྫོང་ཁག་བདག་སྐྱོང་ཆ་ མཉམ་གྱིས་ རྒྱལ་ཡོངས་ཆུའི་གཅིག་བསྒྲིལ་འཛིན་སྐྱོང་འཆར་གཞི་ལུ་གཞི་བཞག་སྟེ་ རྫོང་ཁག་ཚོགས་འདུ་གིས་ཆ་འཇོག་ འབད་ནི་གི་དོན་ལུ་ རང་སོའི་རྫོང་ཁག་གི་ཆུ་སྤྱོད་གཅིག་བསྒྲིལ་འཛིན་སྐྱོང་འཆར་གཞི་བརྩམ་དགོ། Water Harvesting 60. Where there is a water shortage, the concerned Competent Authorities will conduct feasibility studies to harvest rainwater, runoffs and other surface water. Drinking Water Source 61. A drinking water source will be protected from human and animal interferences. However, when no other known water source is available within its vicinity, the fencing of such water source will maintain congenial access to the wild animals who depend on the same water source. Registration of Water Sources 62. For the purpose of preparing the NIWRMP and to maintain records on water sources and use, all water user(s) will be required to register their water sources with the concerned Gewog Administration within one year from the date of adoption of this Regulation. Groundwater Abstraction 63. Based on criteria set by the Commission, groundwater abstraction may be considered permissible where there is no other alternative surface water source. Minimum Environmental Flow 64. The minimum environmental flow to be maintained in a watercourse to sustain its water ecology and environment will be based on the Environmental Impact Assessment (EIA) report. Where scientific study reports are unable to determine the minimum environmental flow to be maintained in a watercourse, at least 30 % of lean season flow shall be maintained. Maintenance of Natural Courses of Rivers and Streams 65. Except in accordance with an Environmental Clearance, rivers and streams shall be maintained in their own natural courses in order to: The Water Regulation of Bhutan 2014 23 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༢༣ ཆུའི་བསྡུ་སྤྱོད། 60. འབྲེལ་ཡོད་ཚད་ལྡན་དབང་འཛིན་ཚུ་གིས་ ཆུ་དཀོན་པའི་དཀའ་ངལ་ཡོད་ས་ལུ་ ཆར་ཆུ་ ས་ཁར་འབབ་ཚར་བའི་ཆར་ཆུ་དང་ ས་ཐོག་གི་ཆུ་ཚུ་བསྡུ་སྤྱོད་ཀྱི་དོན་ལུ་ འོས་འབབ་ཡོད་མེད་ཀྱི་ཞིབ་འཚོལ་ཚུ་འགོ་འདྲེན་འཐབ་དགོ། འཐུང་ཆུའི་རྐ་མགོ། 61. འཐུང་ཆུའི་རྐ་མགོ་འདི་ འགྲོ་བ་མི་དང་སེམས་ཅན་ཚུ་གིས་ བར་དཀྲོགས་ལས་སྲུང་སྐྱོབ་འབད་དགོ། ཨིན་རུང་ ཉེ་འདབས་ ཀྱི་ས་ཁོངས་དེ་ནང་ ངོས་བཟུང་ཚུགས་པའི་ཆུ་རྐ་གཞན་མེད་པའི་སྐབས་ རྐ་མགོ་དེ་ལུ་བརྟེན་པའི་རི་ཁའི་སེམས་ཅན་ཚུ་ལུ་ ཆུ་འདི་ལས་སྤྱོད་ནིའི་དོན་ལུ་ ཆུ་རྐའི་ར་བ་འོས་དང་མཐུན་པ་འབད་རྐྱབ་དགོ། ཆུ་རྐའི་ཐོ་བཀོད་འབད་ཐངས། 62. རྒྱལ་ཡོངས་ཆུའི་ཐོན་ཁུངས་གཅིག་བསྒྲིལ་འཛིན་སྐྱོང་འཆར་གཞི་བརྩམ་ནི་དང་ ཆུ་རྐ་དང་ཆུའི་བེད་སྤྱོད་ཀྱི་ཐོ་དེབ་རྒྱུན་སྐྱོང་ འཐབ་ནིའི་དོན་ལུ་ ཆུ་སྤྱོད་མི་ཆ་མཉམ་གྱིས་ སྒྲིག་གཞི་འདི་ཆ་འཇོག་གྲུབ་པའི་ཚེས་གྲངས་ལས་ ལོ་ངོ་ཅིག་གི་ནང་འཁོད་ རང་སོའི་ཆུ་རྐ་ཚུ་འབྲེལ་ཡོད་རྒེད་འོག་བདག་སྐྱོང་དང་ཐོ་བཀོད་འབད་དགོ། ས་འོག་གི་ཆུ་བཏོན་ཐངས། 63. ལྷན་ཚོགས་ཀྱིས་བཟོ་མི་ཚད་གཞི་དང་བསྟུན་ ཁ་ཐོག་གི་ཆུ་རྐ་གཞན་གང་ཡང་མེད་ས་ལུ་ ས་འོག་གི་ཆུ་བཏོན་ཆོག། མཐའ་འཁོར་གྱི་ཆུ་ཚད་ཉུང་མཐའི་ཚད་གཞི། 64. ཆུའི་སྐྱེ་དངོས་དང་མཐའ་འཁོར་ཡུན་བརྟན་གྱི་དོན་ལུ་ ཆུ་ལམ་ཚུ་ནང་ རྒྱུན་སྐྱོང་འཐབ་དགོ་པའི་མཐའ་འཁོར་གྱི་ཆུ་ཚད་ཉུང་ མཐའི་ཚད་གཞི་དེ་ མཐའ་འཁོར་ཕན་གནོད་བརྟག་ཞིབ་སྙན་ཞུ་ལུ་གཞི་བཞག་ནི་ཨིན། གལ་སྲིད་ཚན་རིག་གི་ཞིབ་འཇུག་ སྙན་ཞུའི་ཐོག་ལུ་ ཆུ་ལམ་ཚུ་ནང་རྒྱུན་སྐྱོང་འཐབ་དགོ་པའི་མཐའ་འཁོར་གྱི་ཆུ་ཚད་ཉུང་མཐའ་ཚད་གཞི་འདི་ གཏན་འཁེལ་ འབད་མ་ཚུགས་པའི་སྐབས་ ཆུ་དཀོན་པའི་ནམ་དུས་ཀྱི་ཚད་གཞི་ལས་བརྒྱ་ཆ་ ༣༠% འི་ཐོག་ལུ་རྒྱུན་སྐྱོང་འཐབ་དགོ། གཙང་ཆུ་དང་རོང་ཆུ་ཚུ་གི་རང་བཞིན་གྱི་ཆུ་ལམ་རྒྱུན་སྐྱོང་། 65. མཐའ་འཁོར་གནས་སྟངས་ཀྱི་ཉོག་མེད་གནང་བ་དང་བསྟུན་ཏེ་མ་གཏོགས་ རང་བཞིན་གྱི་ཆུ་ལམ་ཐོག་ལུ་ གཙང་ཆུ་དང་རོང་ ཆུ་རྒྱུན་སྐྱོང་འཐབ་དགོཔ་འདི་ཡངཿ (a) Attenuate floods by means of the natural dissipation of river forces; (b) Filter pollutions from runoffs it receives; (c) Allow public access and their enjoyments; and (d) Maintain river ecosystems to sustain biodiversity. Buffer Zones 66. No development activities shall be allowed within a buffer zone of one hundred (100) feet, measured from the determinable high flood level of either side, of any water body without an Environmental Clearance. Measurement of Buffer Zones 67. A buffer zone of a water body will be measured along the topography of its bank starting from its determinable high flood level and in case of a watercourse in a flat topography that keeps changing its course, the buffer zone will be measured from the widest determinable bank and not from the determinable high flood level. Existing Infrastructures 68. Any expansion of infrastructure existing within a buffer zone prior to the adoption of this Regulation will not be allowed without an Environmental Clearance. Facilitate Movement of Fish 69. In case of dams without design for fish movements for spawning or other habitat changes, the concerned Competent Authority will require the project authority to explore possibilities of retrofitting the dam with passage or other measures to allow fish movements. The Water Regulation of Bhutan 2014 24 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༢༤ ཀ) གཙང་ཆུ་ཚུ་རང་བཞིན་གྱི་ཐོག་ལས་ཁ་གཏོར་གཏང་སྟེ་ ཆུ་རུད་ཀྱི་ནུས་པ་མར་ཕབ་འབད་ནི་དང་། ཁ) ཆར་ཆུ་མཉམ་ཅིག་འོང་མི་བཙོག་པ་ཚུ་བཙག་ཐབས། ག) མི་མང་སྤྲོ་འཁྱམས་ཀྱི་གོ་སྐབས་སྤྲོད་ནི། ང་) སྐྱེ་ལྡན་རིགས་སྣ་ཡུན་བརྟན་སྦེ་བཞག་ནིའི་དོན་ལུ་ གཙང་ཆུའི་སྐྱེ་དངོས་སྲོག་ཆགས་རིམ་ལུགས་རྒྱུན་སྐྱོང་འཐབ་ནི། བར་བཟུང་ས་ཁོངས། 66. མཐའ་འཁོར་གནས་སྟངས་ཀྱི་ཉོག་མེད་གནང་བ་དང་འཁྲིལ་མ་གཏོགས་ ཆུ་གཞུང་གཡས་གཡོན་ལུ་ ཆུ་རུད་ཀྱི་གནས་ཚད་ མཐོ་ཤོས་ལས་ཕིཀྲི་༡༠༠ ཚུན་བར་བཟུང་ས་ཁོངས་ཨིནམ་ལས་ དེའི་ནང་འཁོད་ གོང་འཕེལ་གྱི་ལས་སྣ་ཚུ་འབད་ནི་མེད། བར་བཟུང་ས་ཁོངས་ཚད་གཞི་འཇལ་ཐངས། 67. ཆུ་གཞུང་ཀྱི་བར་བཟུང་ས་ཁོངས་འདི་ གཏན་འཁེལ་འབད་ཚུགས་པའི་ཆུ་རུད་མཐོ་ཚད་ལས་འགོ་བཟུང་ ཆུའི་གཤམ་གྱི་སའི་ དབྱིབས་བདའ་སྟེ་ ཚད་གཞི་འཇལ་ནི་ཨིན། གལ་སྲིད་ ས་དབྱིབས་འཁོད་སྙོམས་སྦེ་ཡོད་པའི་ཆུ་ངོགས་དེའི་ཆུ་ལམ་སོར་ ཏེ་རང་སྡོད་པ་ཅིན་ བར་བཟུང་ས་ཁོངས་འདི་ གཏན་འཁེལ་འབད་ཚུགས་པའི་ཆུ་རུད་མཐོ་ཚད་ལས་མེན་པར་ རྒྱ་ཁྱོན་མཐོ་ དྲགས་གཏན་འཁེལ་འབད་ཚུགས་པའི་ཆུའི་འགྲམ་ལས་སྦེ་ ཚད་འཇལ་ནི་ཨིན། ད་རེས་ཡོད་པའི་གཞི་རྟེན་མཁོ་ཆས། 68. སྒྲིག་གཞི་འདི་ཆ་འཇོག་མ་འབད་བའི་སྔ་གོང་ལུ་ཡོད་པའི་ བར་བཟུང་ས་ཁོངས་ནང་འཁོད་ཀྱི་གཞི་རྟེན་མཁོ་ཆས་རྒྱ་བསྐྱེད་ གང་ཡང་ མཐའ་འཁོར་གནས་སྟངས་ཀྱི་ཉོག་མེད་གནང་བ་མེད་པར་འབད་མི་ཆོག། ཉའི་འགྲུལ་བསྐྱོད་ཕན་ཐབས། 69. ཆུ་མཛོད་ཁང་ཚུ་ལུ་ ཉ་ཚུ་སྒོང་རྡོག་འབུད་ནི་ ཡང་ན་ འཁྱམས་ས་གཞན་ཁར་སོར་ནིའི་དོན་ལུ་འགྲུལ་བསྐྱོད་ཀྱི་བཟོ་བཀོད་ བཟོ་བཟོཝ་མེད་པ་ཅིན་ འབྲེལ་ཡོད་ཚད་ལྡན་དབང་འཛིན་གྱིས་ ལས་འགུལ་དབང་འཛིན་ལུ་ གཙང་ཆུའི་ཉ་ཚུ་གི་བང་རིམ་དང་ འགྲུལ་བསྐྱོད་གཞན་གྱི་ཐབས་ལམ་གསར་བཙུགས་ཀྱི་གོ་སྐབས་ཚུ་ཞིབ་འཚོལ་འབད་བཅུག་དགོ། Concrete Tank Constructions 70. To prevent changes to the subterranean natural water percolation course of a spring water source, construction of a concrete tank with cement and other installation infrastructure will be required to be located at least thirty (30) feet away from the water source point, depending on the technical feasibility. Laying of Water Conduits 71. Unless prohibited by geographical conditions or a lack of other alternatives, a water conduit through State, community or private land will be laid at least three feet below the surface of the land to avoid hindering the continual use of the surface land and for the safety of the water conduits. Change in Water Use 72. Any decision on a change in water use will be processed in consultation with the water users, stakeholders and/or the concerned Competent Authorities. Avoidance of Pipe Cluttering 73. In order to avoid cluttering of pipes from the water source and to prevent water waste, group of water users will, unless geographical condition prevents it, take a single conduit to the individual distribution point. The Water Regulation of Bhutan 2014 25 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༢༥ རྩི་སའི་ཆུ་མཛོད་བཟོ་བསྐྲུན། 70. ཆུ་རྐའི་རང་བཞིན་ས་འོག་གི་ཆུ་ལམ་ ཕྱོགས་སོར་འགྱོ་ནི་གི་སྔོན་འགོག་འབད་ནི་གི་དོན་ལུ་ རྩི་འདམ་གྱི་ཆུ་རྫིང་དང་ བཙུགས་བསྒྲིག་གཞི་རྟེན་མཁོ་ཆས་གཞན་ཚུ་ འཕྲུལ་རིག་གི་འོས་འབབ་དང་བསྟུན་ཏེ་ ཆུ་རྐ་ཡོད་ས་ལས་ཉུང་ཤོས་ཕིཏྲི་༣༠ དེ་ཅིག་ཁར་བཟོ་བསྐྲུན་འབད་དགོ། ཆུའི་བརྒྱུད་དུང་བཙུགས་ཐངས། 71. སའི་ཆགས་ཚུལ་ལས་བརྟེན་བཀག་རྐྱབ་པ་ ཡང་ན་ ཐབས་ལམ་གཞན་མེད་ན་མ་གཏོགས་ ཆུའི་བརྒྱུད་དུང་གི་ཉེན་སྲུང་དང་ ས་ཐོག་འཕྲོ་མཐུད་དེ་ལག་ལེན་འཐབ་ནི་ལུ་གནོད་ཉེན་བཀག་ནི་གི་དོན་ལུ་ གཞུང་དང་ མི་སྡེ་ ཡང་ན་ སྒེར་གྱི་ས་ཆ་ཚུ་ནང་ ཆུའི་བརྒྱུད་དུང་ཚུ་ ས་འོག་ལུ་ཕིཀྲི་གསུམ་ལས་མ་ཉུང་ཅིག་འབད་ བཙུགས་དགོ། ཆུའི་ལག་ལེན་སོར་ཐངས། 72. ཆུའི་ལག་ལེན་ སོར་ནི་གི་དོན་ལུ་ ཆུ་སྤྱོད་མི་ཚུ་དང་ ཡང་ན་ ཁེ་རྒུད་ཅན་ དེ་ལས་འབྲེལ་ཡོད་ཚད་ལྡན་དབང་འཛིན་ཚུ་དང་ ཅིག་ཁར་ གྲོས་བསྟུན་ཐོག་ལུ་གྲོས་ཐག་གཅད་དགོ། གྱིབ་དུང་རང་རོང་སྦེ་བཞག་ནི་མེདཔ། 73. ཆུ་རྐ་ཡོད་ས་ལས་ཆུ་དུང་ཚུ་ རང་རོང་སྦེ་མི་འཐོན་ནི་དང་ ཆུ་འཕྲོ་བརླག་མི་གཏང་ནི་གི་དོན་ལུ་ ཆུ་སྤྱོད་སྡེ་ཚན་ཚུ་གིས་ སའི་ ཆགས་ཚུལ་ལས་བརྟེན་བཀག་ཆ་འབད་ན་མ་གཏོགས་ རང་སོའི་ཆུ་བཀྲམ་སྤེལ་འབད་ས་ཚུན་ བརྒྱུད་དུང་གཅིག་ཅར་སྦེ་ འཐེན་དགོ། CHAPTER V Rural Drinking Water 74. Depending on the structure and safety of the rural houses, in-house water tap placement will be encouraged for better sanitation and safe drinking water. Water Source and Infrastructure Falling within Registered Land 75. When the source of drinking water, water source area to be protected or water facility to be laid is a registered land, the following will apply: (a) The users of the water will appropriately compensate the land owner based on applicable practices; and (b) The design and maintenance of infrastructure will cause minimal damage or inconveniences to the land owner. 76. If there is no other alternative and a drinking water facility had to be laid on the surface of a registered land, parties may negotiate for free use or agree on a onetime lump sum fee or annual land use fee. If parties fail to agree on any of the compensatory options, it will be decided as per relevant provisions of the Land Act of Bhutan. 77. When the owner of a land, through which a drinking water conveying facility is laid, proposes to develop that land into another type of land use which requires relocating an existing facility to adjacent land, the owner will notify the water users of such intent. The costs of removing and relocating such water conveying facility may be borne as per mutual agreement. When the mutual agreement fails, it will be decided as per relevant provisions of the Land Act. The Water Regulation of Bhutan 2014 26 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༢༦ ལེའུ་ལྔ་པ། གྲོང་གསེབ་ཀྱི་འཐུང་ཆུ། 74. གྲོང་གསེབ་ཀྱི་ཁང་ཁྱིམ་ཚུ་གི་བཟོ་བཀོད་དང་ཉེན་སྲུང་དང་འཁྲིལ་ཏེ་ གཙང་སྦྲ་འཕྲོད་བསྟེན་ཡར་དྲག་དང་ ཉེན་སྲུང་ཅན་གྱི་ འཐུང་ཆུའི་དོན་ལུ་ ཁྱིམ་ནང་ཆུ་དུང་བཙུགས་ནི་གིས་ སེམས་ཤུགས་བསྐྱེད་བཅུག་དགོ། ཐོ་བཀོད་འབད་བའི་ས་ཁོངས་ནང་འཁོད་ཀྱི་ཆུ་རྐ་དང་གཞི་རྟེན་མཁོ་ཆས། 75. འཐུང་ཆུའི་རྐ་མགོ་ ཡང་ན་ སྲུང་སྐྱོབ་འབད་དགོ་པའི་ཆུ་རྐའི་ས་གོ་ ཡང་ན་ ཆུའི་གཞི་རྟེན་མཁོ་ཆས་བཙུགས་དགོཔ་ཚུ་ ཐོ་ བཀོད་འབད་བའི་ས་ཁོངས་ནང་ཨིན་པ་ཅིན་ གཤམ་གསལ་བཀོད་པའི་གནད་དོན་ཚུ་ ལག་ལེན་འཐབ་དགོཔ་འདི་ཡངཿ ཀ) ཆུ་སྤྱོད་མི་ཚུ་གི་ཁ་ཐུག་ལས་ ས་ཆའི་ཇོ་བདག་ཁོངས་སུ་ འཇུག་རུང་བའི་ལམ་ལུགས་དང་བསྟུན་ འོས་ འབབ་དང་ལྡན་པའི་རྒུད་འཐུས་ སྤྲོད་ནི་དང་། ཁ) གཞི་རྟེན་མཁོ་ཆས་ཚུ་གི་བཟོ་བཀོད་དང་ རྒྱུན་སྐྱོང་ལས་བརྟེན་ སའི་བདག་པོ་ལུ་གནོད་སྐྱོན་རྐྱབ་ནི་ ཡང་ན་ བྱ་སྟབས་མ་བདེཝ་ཚུ་ག་དེ་དྲག་དྲག་མར་ཕབ་རྐྱབ་དགོ། 76. འཐུང་ཆུའི་མཐུན་རྐྱེན་ཚུ་ ཐབས་ལམ་གཞན་མེད་པར་ ཐོ་བཀོད་འབད་བའི་ས་ཁ་ལས་བཏོན་དགོ་པ་ཅིན་ རིན་མེད་ཡང་ན་ སྟབས་ཅིག་ལུ་སྤྲོད་ནི་གི་འཐུས་ ཡང་ན་ ལོ་བསྟར་གྱི་སྤྱོད་འཐུས་སྤྲོད་ནི་གི་དོན་ལུ་ རྩ་བོ་ཚུ་གི་བར་ན་མོས་མཐུན་ཐོག་ལས་ བདེ་བསྒྲིག་འབད་ཆོག། རྒུད་འཐུས་གང་རུང་ཅིག་གི་སྐོར་ལས་ རྩ་ཕན་ཚུ་གི་བར་ན་མོས་མཐུན་མ་བྱུང་པ་ཅིན་ འབྲུག་གི་ སའི་བཅའ་ཁྲིམས་དེའི་འབྲེལ་ཡོད་དགོངས་དོན་ཚུ་དང་འཁྲིལ་ཏེ་ ཐག་གཅད་དགོ། 77. འཐུང་ཆུ་སྐྱེལ་འདྲེན་གྱི་མཐུན་རྐྱེན་ཆགས་ཏེ་ཡོད་པའི་སའི་ཇོ་བདག་དེ་གིས་ འབྲེལ་གནད་གཞན་གྱི་དོན་ལུ་ས་ཆ་སྤྱོད་ནི་གི་ གྲོས་འཆར་བཀོད་པའི་སྐབས་ ད་རེས་ཡོད་པའི་མཐུན་རྐྱེན་འདི་ སྦོ་ལོགས་ཁར་ཡོད་པའི་ས་ཆ་ནང་སྤོ་བཤུད་འབད་དགོཔ་ འཐོན་པ་ཅིན་ ཇོ་བདག་དེ་གིས་ ཆུ་སྤྱོད་མི་ཚུ་ལུ་རེ་འདུན་དེ་སྦེ་ཡོད་ལུགས་ཀྱི་བརྡ་འཕྲིན་བྱིན་དགོ་པའི་ཁར་ སྤོ་བཤུད་འབད་ དེ་ལོག་སྟེ་གཞི་གནས་བཟུང་བའི་ཟད་འགྲོ་འདི་ སའི་ཇོ་བདག་དང་ མཐུན་རྐྱེན་ཁེ་ཕན་སྤྱོད་མི་ཚུ་གི་བར་ན་མོས་མཐུན་ཐོག་ ལུ་འབད་དགོཔ་ཨིན། མོས་མཐུན་ཐོག་ལུ་འགྲིག་མ་ཚུགས་པ་ཅིན་ སའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་དགོངས་དོན་ལྟར་ གྲོས་ཐག་གཅད་དགོ། New Users from an Existing System 78. The decision on admission of a new user will be based on the consultation with the existing WUA or water user(s) of the same facility. When a new user is admitted, a letter of membership or acceptance will be issued in writing. However, if the existing users decline to admit such new users, the proposal may be forwarded, through the Gup’s office, to the Dzongkhag Administration for technical determination of the water availability for new users. 79. Within 30 working days from the date of receipt of the request for water availability determination for additional users, the Dzongkhag Administration will visit the water source and issue technical recommendation in writing to the Chairperson of the WUA or water user(s) with copy to the Gup. When there is a need to determine water availability during different seasons of a year, the Chairperson of the WUA or the Gup will inform the Dzongkhag Administration to also conduct a technical analysis for the following seasons. The determination of water availability must be completed within the next winter or summer season, as appropriate. 80. The WUA or the Gup shall take decision on new users based on the findings of the Dzongkhag Administration. Application to Abstract New Drinking Water 81. An application for water abstraction will be submitted to the concerned permit issuing authority containing the following information: (a) Name and location of the water source and/or abstraction point; (b) Number of users from the proposed abstraction; (c) Information on existing water users from the same source, if any; (d) Timing of the abstraction (year round or seasonal use); (e) Plans for the protection of the proposed source; (f ) Descriptions of infrastructure; The Water Regulation of Bhutan 2014 27 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༢༧ སྔར་ཡོད་རིམ་ལུགས་ཐོག་ལས་ཆུ་སྤྱོད་གསར་པ། 78. ཆུ་སྤྱོད་མི་གསརཔ་བཙུགས་དགོ་པའི་གྲོས་འཆར་ཐག་བཏོག་ནི་གི་དོན་ལུ་ ད་རེས་ཡོད་པའི་ཆུ་སྤྱོད་ཚོགས་པ་ཡང་ན་ མཐུན་རྐྱེན་དེའི་ཐོག་ལུ་སྤྱོད་པའི་མི་ངོ་ཚུ་དང་གཅིག་ཁར་གྲོས་བསྟུན་འབད་དེ་ཐག་གཅད་ནི། ཆུ་སྤྱོད་མི་གསརཔ་བཙུགས་ ཚེ་ འཐུས་མིའི་གོ་གནས་ཡང་ན་ ངོས་ལེན་གྱི་ཡིག་གུ་སྤྲོད་ནི། ཨིན་རུང་ ད་རེས་ཡོད་པའི་ཆུ་སྤྱོད་མི་ཚུ་གིས་ དེ་བཟུམ་མའི་ ཆུ་སྤྱོད་མི་གསརཔ་འདི་ལུ་ ངོས་ལེན་མེད་ཚེ་ ཆུ་སྤྱོད་འཐུས་མི་གསརཔ་གི་དོན་ལུ་ ཆུ་ལང་མ་ལང་གི་ཁྱད་རིག་གི་གཏན་ འབེབས་འབད་ནི་གི་དོན་ལུ་ གྲོས་འཆར་དེ་ རྒ་པོའི་ཡིག་ཚང་བརྒྱུད་དེ་ རྫོང་ཁག་བདག་སྐྱོང་ལུ་ཕུལ་ནི། 79. ཆུ་སྤྱོད་མི་གསརཔ་ཚུ་གི་དོན་ལུ་ ཆུ་ལང་མི་ལང་ཐག་བཅད་ཀྱི་ཞུ་བ་འབྱོར་བའི་ཚེས་གྲངས་ལས་སྒྲིག་གཡོག་གི་ཉིན་གྲངས་ ༣༠ ནང་འཁོད་ རྫོང་ཁག་བདག་སྐྱོང་དེ་གིས་ ཆུ་རྐ་ཡོད་སར་བརྟག་ཞིབ་འབད་དེ་ འཕྲུལ་རིག་གི་རྒྱབ་སྣོན་ཡིག་ཐོག་ལུ་ ཆུ་ སྤྱོད་ཚོགས་པའི་ཁྲི་འཛིན་ཡང་ན་ ཆུ་སྤྱོད་མི་ཚུ་ལུ་སྦེ་ཚེ་འདྲ་ཅིག་རྒཔོ་ལུ་གཏང་ནི། ཆུ་ལང་མི་ལང་གི་བརྟག་ཞིབ་འདི་ ནམ་ དུས་སོ་སོའི་སྐབས་ལུ་ འབད་དགོཔ་ཡོད་པ་ཅིན་ ཆུ་སྤྱོད་ཚོགས་པའི་ཁྲི་འཛིན་ཡང་ན་ རྒཔོ་དེ་གིས་ རྫོང་ཁག་བདག་སྐྱོང་ལུ་ དེ་ལུགས་ཀྱི་འཕྲུལ་རིག་ཞིབ་དཔྱད་ཚུ་ཡང་ འབད་དགོ་པའི་བརྡ་འཕྲིན་སྤྲོད་དགོ། ཆུ་ལང་མི་ལང་གི་བརྟག་ཞིབ་འདི་ འོས་ འབབ་དང་བསྟུན་ཏེ་ རྟིང་མའི་གནམ་དགུན་ཡང་ན་ གནམ་བྱཱར་གྱི་དུས་ཚོད་མ་འབྱིདཔ་ཅིག་གི་ནང་འཁོད་ མཇུག་བསྡུ་དགོ། 80. ཆུ་སྤྱོད་གསརཔ་གི་དོན་ལུ་ ཆུ་སྤྱོད་ཚོགས་པ་ ཡང་ན་ རྒ་པོ་གིས་ རྫོང་ཁག་བདག་སྐྱོང་གི་བཅུད་དོན་ལུ་གཞི་བཞག་སྟེ་ གྲོས་ཐག་གཅད་དགོ། འཐུང་ཆུ་གསརཔ་བཏོན་ནི་གི་ཞུ་ཡིག། 81. ཆུ་གསརཔ་བཏོན་ནི་གི་ཞུ་ཡིག་འདི་ ཆོག་ཐམ་སྤྲོད་མི་འབྲེལ་ཡོད་དབང་འཛིན་ལུ་ཕུལ་ནི་དང་ ཞུ་ཡིག་འདི་ནང་ གཤམ་ གསལ་གྱི་བརྡ་དོན་ཚུ་ཚུད་དགོཔ་འདི་ཡངཿ ཀ) ཆུའི་རྐ་མགོ་ཡང་ན་ ཆུ་བཏོན་ས་ཁོངས་ཀྱི་མིང་དང་ ས་གནས། ཁ) ཆུ་བཏོན་ལཱ་གི་གྲོས་འཆར་ཡོད་མི་འདི་ལས་ ཆུ་སྤྱོད་མིའི་གྲངས་ཚད། ག) ཆུ་རྐ་ཅིག་ལས་སྤྱོད་བཞིན་ཡོད་པ་ཅིན་ དེའི་ཚུ་བརྡ་དོན། ང་) ནམ་དང་ནམ་ཆུ་བཏོན་ཨིན་ནའི་དུས་ཚོད། (ལོ་ཧྲིལ་བུམ་ ཡང་ན་ ནམ་དུས་དང་བསྟུན།) ཅ) གྲོས་འཆར་བཀོད་དེ་ཡོད་པའི་ཆུ་རྐ་སྲུང་སྐྱོབ་ཀྱི་འཆར་གཞི། ཆ) གཞི་རྟེན་མཁོ་ཆས་ཚུ་གི་འགྲེལ་བཤད། (g) Description of the proposed water treatment plan; and (h) Any other additional information as may be necessary. Issuance of Decision 82. The permit issuing authority will, within 30 working days from the receipt date of an application, complete the consultation and inform the applicant of its decision. Temporary Water Users 83. Any new water users from an existing water facility, whether it is for temporary use or for a length of duration, will first consult and obtain consent from the concerned WUA or water users. If the proposed water source for abstraction does not fall under any WUA or water users, the permit for such water use will be obtained from the concerned Gewog Administration. Routine Maintenance 84. Water users will be responsible for the routine maintenance of their water facility. CHAPTER VI Thromde Drinking Water Competent Authority 85. The MoWHS and Thromde Tshogde supported by its administrations, as may be applicable, will be the Competent Authority on issues relating to water infrastructure development, safe drinking water supply and the management of effluent discharges and seasonal runoff within a Thromde. The Water Regulation of Bhutan 2014 28 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༢༨ ཇ) གྲོས་འཆར་ཐོག་ལུ་ཡོད་མི་ ཆུའི་རྒྱུན་སྐྱོང་འཆར་གཞིའི་འགྲེལ་བཤད། ཉ) དགོས་མཁོ་དང་བསྟུན་གནས་ཚུལ་གཞན་གྱི་རིགས། གྲོས་ཐག་གཅད་རིམ། 82. ཆོག་ཐམ་སྤྲོད་མི་དབང་འཛིན་དེ་གིས་ ཞུ་བ་འབྱོར་བའི་ཚེས་གྲངས་ལས་ སྒྲིག་གཡོག་གི་ཉིན་གྲངས་༣༠ ནང་འཁོད་ གྲོས་ བསྟུན་ཚུ་མཇུག་བསྡུ་སྟེ་ ཞུ་བ་ཕུལ་མི་དེ་ལུ་ དེའི་གྲོས་ཆོད་ཀྱི་བརྡ་སྤྲོད་དགོ། སྐབས་ཐོག་ཅིག་གི་ཆུ་སྤྱོད་མི། 83. ད་རེས་ཡོད་པའི་ཆུའི་མཐུན་རྐྱེན་ཅིག་ལས་ ཆུ་སྤྱོད་མི་གསརཔ་ག་འབད་རུང་ སྐབས་ཐོག་ཅིག་ ཡང་ན་ དུས་ཡུན་ཅིག་གི་ དོན་ལུ་སྤྱོད་ནི་ཚུ་ ག་དེ་སྦེ་ཨིན་རུང་ འབྲེལ་ཡོད་ཆུ་སྤྱོད་ཚོགས་པ་ ཡང་ན་ཆུ་སྤྱོད་མི་ཚུ་དང་གྲོས་བསྟུན་འབད་དེ་ གནང་བ་ ལེན་དགོ། གྲོས་འཆར་བཀོད་པའི་ཆུའི་རྐ་དེ་ ཆུ་སྤྱོད་ཚོགས་པ་ཡང་ན་ ཆུ་སྤྱོད་མི་གང་རུང་ཅིག་གི་འོག་ལུ་མ་ཚུད་པ་ཅིན་ ཆོག་ཐམ་དེ་ འབྲེལ་ཡོད་རྒེད་འོག་བདག་སྐྱོང་ལས་ལེན་དགོ། དུས་རྒྱུན་ཉམས་བཅོས། 84. རང་སོའི་ཆུའི་མཐུན་རྐྱེན་ཚུ་ དུས་རྒྱུན་ཉམས་བཅོས་འབད་ནི་འདི་ ཆུ་སྤྱོད་མི་ཚུ་གིས་འགན་ཁུར་འབག་དགོ། ལེའུ་དྲུག་པ། ཁྲོམ་སྡེའི་འཐུང་ཆུ། ཚད་ལྡན་དབང་འཛིན། 85. ཁྲོམ་སྡེ་ནང་ལུ་ ཆུ་དང་འབྲེལ་བའི་གཞི་རྟེན་མཁོ་ཆས་གོང་འཕེལ་ ཉེན་སྲུང་ཅན་གྱི་འཐུང་ཆུ་བཀྲམ་སྤེལ་ བཙོག་ཆུ་ཕྱིར་ བཏོན་དང་ ནམ་དུས་ཀྱི་ཆར་ཆུའི་འཛིན་སྐྱོང་གི་དོན་ལུ་ འོས་འབབ་དང་བསྟུན་ ཁྲོམ་སྡེ་བདག་སྐྱོང་གིས་རྒྱབ་སྐྱོར་ཐོག་ ཁྲོམ་སྡེ་ཚོགས་སྡེ་དང་ ཞབས་ཏོག་ལྷན་ཁག་འདི ཚད་ལྡན་དབང་འཛིན་ཨིན། 86. Besides technical supports and issuance of guideline(s), the MoWHS will monitor and assist Thromdes in developing and implementing water infrastructure, water safety plans and review their efficiency, from time to time. Functions of Thromde Administraton 87. Every Thromde Administration will develop a water management plan based on demographic projections for at least the next ten years to ensure safe and efficient water supply and effluent discharge systems, including surface runoff within its jurisdiction. 88. For the purpose of determining risk factors and their management, the Thromde Administration will develop a Water Safety Plan and implement it. 89. In collaboration with the MoWHS, Thromde Administration will: (a) Develop and implement plans on the management of public sewerage, surface runoff and other effluent discharges within its jurisdiction; (b) Promote usage of water saving devices; (c) Develop and implement plumbing codes of practice with regard to the design, installation, construction, testing, operation and maintenance of water supply systems in accordance with Bhutan Building Rules, Building Codes and other related guidelines; (d) Establish an effective monitoring and evaluation system and report to concerned Competent Authorities for drinking water systems; and (e) Ensure that water supply schemes are maintained regularly. Thromde Water Supply System 90. The Thromde water supply system will be the only source of potable water supply system within Thromde jurisdiction unless this is technically not feasible. All other water supply connections will be discontinued when the Thromde supplies adequate water. The Water Regulation of Bhutan 2014 29 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༢༩ 86. ཞབས་ཏོག་ལྷན་ཁག་དེ་གིས་ ཁྱད་རིག་གི་རྒྱབ་སྐྱོར་འབད་ནི་དང་ ལམ་སྟོན་བྱིན་ནི་གིས་མ་ཚད་ ཁྲོམ་སྡེ་ནང་འཁོད་ཀྱི་ ཆུའི་གཞི་རྟེན་མཁོ་ཆས་འགྲུབ་ནི་དང་ ཆུའི་ཉེན་སྲུང་འཆར་གཞི་བརྩམ་ཏེ་ ལག་ལེན་འཐབ་ཞིནམ་ལས་ དུས་དང་དུས་ཚོད་ ཁར་ དེ་ཚུའི་ཕན་ནུས་བསྐྱར་ཞིབ་འབད་ནི་གི་དོན་ལུ་ ཁྲོམ་སྡེ་ཚུ་ལུ་གྲོགས་རམ་འབད་དགོ། ཁྲོམ་སྡེ་བདག་སྐྱོང་གི་ལཱ་འགན། 87. ཁོྲམ་སྡེ་བདག་སྐྱོང་ཆ་མཉམ་གྱིས་ རང་སོའི་ས་ཁྱོན་དབང་ཁྱབ་ནང་འཁོད་ལུ་ ཆུ་བཀྲམ་སྤེལ་ ནམ་དུས་ཀྱི་ཆར་ཆུ་བཅས་ པའི་བཙོག་ཆུ་ཕྱིར་བཏོན་ནི་གི་རིམ་ལུགས་ཚུ་ཉེན་སྲུང་དང་ ཕན་ནུས་ཅན་སྦེ་བཟོ་ནི་གི་དོན་ལུ་ མ་འོངས་ལོ་ངོ་བཅུ་ཐམ་ནང་ འཁོད་ཀྱི་མི་འབོར་ཞིབ་རྩིས་ཀྱི་དམིགས་ཚད་དང་བསྟུན་ ཆུའི་འཛིན་སྐྱོང་འཆར་གཞི་བརྩམ་དགོ། 88. ཁྲོམ་སྡེ་བདག་སྐྱོང་དེ་གིས་ ཆུའི་ཉེན་འཚུབ་ཀྱི་འབྲེལ་གནད་ཚུ་བརྟག་ཞིབ་འབད་ནི་དང་ དེ་ཚུ་འཛིན་སྐྱོང་འཐབ་ནི་གི་དོན་ལུ་ ཆུའི་ཉེན་སྲུང་འཆར་གཞི་བརྩམ་ཏེ་ ལག་ལེན་འཐབ་དགོ། 89. ཞབས་ཏོག་ལྷན་ཁག་དང་མཉམ་འབྲེལ་ཐོག་ལུ་ ཁྲོམ་སྡེ་བདག་སྐྱོང་གིས་འབད་དགོཔ་འདི་ཡངཿ ཀ) རང་སོའི་ས་ཁྱོན་དབང་ཁྱབ་ནང་འཁོད་ཀྱི་མི་མང་གི་བཙོག་ཆུ་བཏོན་ཚུལ་དང་ ཆར་ཆུ་དང་བཙོག་ཆུ་ཕྱིར་བཏོན་ གཞན་ཚུ་ འཛིན་སྐྱོང་གི་དོན་ལུ་ འཆར་གཞི་བརྩམ་ཏེ་ ལག་ལེན་འཐབ་ནི། ཁ) ཆུ་གསོག་འཇོག་འབད་ནིའི་འཕྲུལ་རིག་ཚུ་ ཡར་དྲག་གཏང་ནི། ག) འབྲུག་གི་བཟོ་བསྐྲུན་བཅའ་ཡིག་དང་ སྒྲིང་ཁྱིམ་རྣམ་གཞག་དང་འབྲེལ་ཡོད་ལམ་སྟོན་གཞན་དང་འཁྲིལ་ཏེ་ ཆུ་ བཀྲམ་སྤེལ་རིམ་ལུགས་ཀྱི་བཟོ་བཀོད་ བཙུགས་ཐངས་ བཟོ་བསྐྲུན་ བརྟག་དཔྱད་ ལག་ལེན་དང་ རྒྱུན་སྐྱོང་ བཅས་ཀྱི་ ཆུ་དུང་ལག་ལེན་སྒྲིག་ལུགས་བརྩམ་ཏེ་ལག་ལེན་འཐབ་ནི། ང་) འཐུང་ཆུའི་རིམ་ལུགས་ཀྱི་དོན་ལུ་ དོན་སྨིན་ཅན་གྱི་དབྱེ་ཞིབ་དང་ལྟ་རྟོག་ལམ་ལུགས་གཞི་བཙུགས་འབད་དེ་ འབྲེལ་ཡོད་ཚད་ལྡན་དབང་འཛིན་ལུ་སྙན་ཞུ་ཕུལ་ནི། ཅ) ཆུ་བཀྲམ་སྤེལ་གྱི་ལས་འཆར་ཚུ་ དུས་རྒྱུན་དུ་རྒྱུན་སྐྱོང་འཐབ་ཡོདཔ་ངེས་བརྟན་བཟོ་ནི་ཚུ་ཨིན། ཁྲོམ་སྡེའི་ཆུ་བཀྲམ་སྤེལ་རིམ་ལུགས། 90. འཕྲུལ་རིག་གི་འོས་འབབ་མེད་ན་མ་གཏོགས་ ཁྲོམ་སྡེའི་ས་ཁྱོན་དབང་ཁྱབ་ནང་འཁོད་ལུ་ ཁྲོམ་སྡེའི་ཆུ་བཀྲམ་སྤེལ་གྱི་རིམ་ ལུགས་རྐྱངམ་གཅིག་ སྤྱོད་བཏུབ་པའི་འཐུང་ཆུའི་བཀྲམ་སྤེལ་གྱི་རིམ་ལུགས་ཨིནམ་ལས་ ཁྲོམ་སྡེ་གིས་དགོས་མཁོ་དང་ མཐུནམ་འབད་ཆུ་བཀྲམ་སྤེལ་འབད་ཚེ་ ཆུ་བཀྲམ་སྤེལ་གྱི་མཐུད་སྦྲེལ་གཞན་ཆ་མཉམ་མཚམས་འཇོག་བཞག་དགོ། Pipe-Work and Water Meter 91. The water connection pipe from the municipal main to the water meter point, water meter and associated fittings are the property of the Thromde. The care and safety of the water connection beyond the water meter and other associated fittings are the responsibility of the building owner. Water Tariffs 92. The Thromde Administration, in accordance with the Public Finance Act, will charge a reasonable amount of water tariff per unit for its maintenance and service costs, which may be revised from time to time. Water Pricing Committee 93. For the purpose of seeking approval from the Ministry of Finance, the Thromde Administration will appoint a Water Pricing Committee to determine and propose: (a) Water tariffs to be levied to its water users for the efficient water services, capital investment in the water related infrastructure and maintenance services; and (b) Charges to be levied for the discharge of effluents into its drainage and sewer system. Allocation of Strategic Fire Hydrants 94. In coordination with the MoWHS and the MoHCA, the Thromde Administration will allocate and maintain fire hydrants at every strategic location to meet water supply requirements during fire emergencies. The Thromde Administration may pump water from rivers into its storage tanks or keep raw water pipelines at strategic points to augment its emergency water supply needs. The Water Regulation of Bhutan 2014 30 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༣༠ ཆུ་དུང་ཚུ་དང་ཆུའི་ཚད་འཛིན་མི་ཀྲར། 91. ཁྲོམ་སྡེའི་ཆུ་དུང་ཨམ་ལས་ ཆུའི་ཚད་འཛིན་མི་ཀྲར་ཚུན་གྱི་ཆུ་དུང་དང་ ཆུའི་ཚད་འཛིན་མི་ཀྲར་ འདི་དང་སྦྲགས་སྟེ་ཡོད་པའི་ སྒྲིག་ཆས་ཚུ་ ཁྲོམ་སྡེའི་ རྒྱུ་དངོས་ཨིན། ཆུའི་ཚད་འཛིན་མི་ཀྲར་དང་ འདི་ལས་ཕར་བཅད་ཀྱི་ ཆུ་དུང་དང་མཐུད་ཆས་ཚུ་གི་ རིགས་ བདག་འཛིན་དང་ཉེན་སྲུང་འཐབ་དགོཔ་ཚུ་ སྒྲིང་ཁྱིམ་ཇོ་བདག་ཚུ་ལུ་ཕོགཔ་ཨིན། ཆུ་ཁྲལ། 92. ཁྲོམ་སྡེ་བདག་སྐྱོང་དེ་གིས་ མི་མང་དངུལ་རྩིས་བཅའ་ཁྲིམས་དང་འཁྲིལ་ཏེ་ རྒྱུན་སྐྱོང་དང་ དེ་ལས་བརྟེན་པའི་ཞབས་ཏོག་གི་ ཟད་འགྲོའི་དོན་ལུ་ ཐིག་ཚག་རེ་ལུ་ཆུ་ཁྲལ་གང་གནས་ འོས་འབབ་ཡོད་པའི་ཆུ་ཁྲལ་བཀལ་ནི་དང་ འདི་ཚུ་ཡང་ དུས་དང་ དུས་ཚོད་ལུ་བསྒྱུར་བཅོས་འབད་ཆོག། ཆུ་ཁྲལ་གཏན་འབེབས་ཚོགས་ཆུང་། 93. ཁྲོམ་སྡེ་བདག་སྐྱོང་དེ་གིས་ དངུལ་རྩིས་ལྷན་ཁག་ལས་གནང་བ་ཞུ་ནིའི་དོན་ལུ་ ཆུ་ཁྲལ་གཏན་འབེབས་ཚོགས་ཆུང་གཅིག་ བསྐོ་བཞག་འབད་ནི་དང་ ཚོགས་ཆུང་དེ་གིས་གཏན་འབེབས་ཐོག་ལས་གྲོས་འཆར་ཕུལ་དགོཔ་འདི་ཡངཿ (ཀ) ཆུའི་ཞབས་ཏོག་ནུས་ཚད་ཅན་དང་ ཆུའི་གཞི་རྟེན་མཁོ་ཆས་ཀྱི་མ་རྩ་ཡོངས་བསྡོམས་ འདི་ཚུ་འཛིན་སྐྱོང་གི་དོན་ ལུ་ ཆུ་ལག་ལེན་འཐབ་མི་ཚུ་ལུ་ ཁྲོམ་སྡེའི་ཁ་ཐུག་ལས་བཀལ་ནིའི་ཆུ་ཁྲལ་དང་། (ཁ) ཁྲོམ་སྡེའི་གཡུར་བ་དང་ བཙོག་དུང་ཚུ་ནང་ བཙོག་ཆུ་བཏང་བའི་ གླ་ཆ་ཚུ་ཨིན། མེ་གསད་ཆུ་དུང་གི་ཐབས་ལམ་བཏོན་ཐངས། 94. ཁྲོམ་སྡེ་བདག་སྐྱོང་དེ་གིས་ ཞབས་ཏོག་ལྷན་ཁག་དང་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ཅིག་ཁར་མཉམ་འབྲེལ་ཐོག་ལུ་ གློ་བུར་གྱི་མེ་རྐྱེན་བྱུང་བའི་སྐབས་ལུ་ དུས་ཚོད་ཁར་ཆུའི་དགོས་མཁོ་བཀྲམ་སྤེལ་གྱི་དོན་ལུ་ ཐབས་ཤེས་དང་ལྡན་པའི་ས་ ཁོངས་ཚུ་ནང་ མེ་གསད་ཆུ་དུང་རེ་བཙུགས་ཏེ་རྒྱུན་སྐྱོང་འབད་དགོ། དེ་བཟུམ་མའི་གློ་བུར་ཉེན་འཚུབས་ཀྱིི་དོན་ལུ་ ཁྲོམ་སྡེ་ བདག་སྐྱོང་གིས་ དགོས་མཁོ་དང་བསྟུན་ གཙང་ཆུ་ལས་ཆུའི་བསག་མཛོད་ཅིག་ནང་འཐེན་ནི་ ཡང་ན་ ཐབས་ཤེས་དང་ལྡན་ པའི་ས་ཁོངས་ཚུ་ནང་ ཆུ་དུང་ཀྲིང་ཐབས་ལ་སོགས་པ་འབད་ཆོག། CHAPTER VII Irrigation Water Authority and Tasks of Agencies 95. The MoAF will specify powers and functions to be exercised by its respective agencies at various levels of administration for the effective enforcement of the provisions under this Chapter. Existing Right to Irrigation Waterways 96. Unless there is a conflict with the equity and fairness principles under the Water Act, a person or a community who has been practicing a customary right to a waterway, before the adoption of this Regulation, will continue to practice the same right. 97. Existing irrigation channels passing through private land cannot be changed or interfered with by the land owner or by established users without the consent of the other. Laying of Irrigation Water Facilities 98. When irrigation water conveying facilities have to be taken over a registered land, due to a lack of other alternatives, it may be done in a mutual agreement between the owner of such land and the beneficiaries. In case of parties failing to come to a mutual agreement, it will be dealt as per the Land Act of Bhutan. 99. It is the responsibility of the water facility beneficiaries to lay such water facilities with minimal damage to the servient land. Relocation of Irrigation Water Facilities 100. When the owner of a registered land, through which an irrigation water facility is laid, proposes to develop that land into another type of land use which The Water Regulation of Bhutan 2014 31 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༣༡ ལེའུ་དྲུག་པ། ཞིང་ཆུ། ལས་སྡེ་ཚུ་གི་དབང་ཚད་དང་ལཱ་འགན། 95. སོ་ནམ་དང་ནགས་ཚལ་ལྷན་ཁག་དེ་གིས་ བདག་སྐྱོང་གི་གནས་རིམ་མ་འདྲཝ་ཚུ་ནང་ ལེའུ་འདིའི་དགོངས་དོན་ཚུ་དོན་སྨིན་ ཅན་སྦེ་བསྟར་སྤྱོད་འཐབ་ནི་གི་དོན་ལུ་ རང་སོའི་ལས་སྡེ་ཚུ་ལུ་ དབང་ཚད་དང་ལཱ་འགན་ཚུ་གསལ་བཀོད་འབད་དགོ། ད་རེས་ཡོད་པའི་ཞིང་ཆུའི་ཆུ་ལམ་གྱི་ཐོབ་དབང་། 96. བཅའ་ཁྲིམས་གི་ནང་དོན་ལྟར་ སྤྱི་སྙོམས་དང་ དྲང་བདེན་གི་གཞི་རྩ་དང་རྒྱབ་འགལ་འབྱུང་ན་མ་གཏོགས་ སྒྲིག་གཞི་འདི་ ཆ་འཇོག་མ་འབད་བའི་ཧེ་མར་ མི་ངོ་ཡང་ན མི་སྡེ་གིས་ སྔར་སྲོལ་ཆུ་ལམ་གྱི་ཐོབ་དབང་བཟུང་སྟེ་སྤྱོད་བཞིན་ཡོད་མི་ཚུ་ སྔར་ ག་ཨིནམ་སྦེ་འཕྲོ་མཐུད་དེ་ ཐོབ་དབང་ཡོད། 97. སྔར་ལས་སྒེར་གྱི་ས་ཆ་ཅིག་ལས་བརྒྱུད་དེ་བཙུགས་ཡོད་མི་ ཞིང་ཆུའི་གཡུར་བ་ཚུ་ སའི་ཇོ་བདག་ཡང་ན་ ཆུ་སྤྱོད་མི་ཚུ་གིས་ གཅིག་གིས་གཅིག་ལུ་གནང་བ་མེད་པར་སོར་སྡེབ་རྐྱབ་པ་ ཡང་ན་ བར་དཀྲོགས་ལ་སོགས་པ་འབད་མི་ཆོག། ཞིང་ཆུའི་མཐུན་རྐྱེན་ཚུ་བསྐྱལ་ཐངས། 98. ཞིང་ཆུ་སྐྱེལ་འདྲེན་གྱི་མཐུན་རྐྱེན་ཚུ་ ཐབས་ལམ་གཞན་མེད་པར་ ཐོ་བཀོད་འབད་དེ་ཡོད་པའི་ས་ཐོག་ལས་བསྐྱལ་དགོ་པའི་ སྐབས་ སའི་ཇོ་བདག་དང་ ཁེ་ཕན་སྤྱོད་མི་ཚུ་གིས་ མོས་མཐུན་ཐོག་ལས་བསྐྱལ་དགོཔ་ཨིན། གལ་སྲིད་ སའི་ཇོ་བདག་ དང་ ཁེ་ཕན་སྤྱོད་མི་ཚུ་གིས་ མོས་མཐུན་ཐོག་ལུ་འགྲིགས་མ་ཚུགས་པ་ཅིན་ སའི་བཅའ་ཁྲིམས་དང་འཁྲིལ་ཏེ་གྲོས་ཐག་ གཅད་དགོ། 99. ཆུའི་མཐུན་རྐྱེན་ཚུ་ ས་ཞིང་དེ་ཁར་ལས་བསྐྱལ་བའི་སྐབས་ གནོད་སྐྱོན་གང་ཉུང་ཐོག་ལས་རྐྱབ་དགོ་པའི་འགན་ཁུར་འདི་ ཡང་ ཆུའི་མཐུན་རྐྱེན་ལས་ཁེ་ཕན་སྤྱོད་མི་ཚུ་ལུ་ཕོགཔ་ཨིན། ཞིང་ཆུའི་མཐུན་རྐྱེན་ཚུ་སྤོ་བཤུད། 100. ཞིང་ཆུ་སྐྱེལ་འདྲེན་གྱི་མཐུན་རྐྱེན་ཆགས་ཏེ་ཡོད་མི་ ཐོ་བཀོད་འབད་བའི་སའི་ཇོ་བདག་དེ་གིས་ ས་ཆ་དེ་ ལཱ་གཞན་གྱི་དོན་ལུ་ སྤྱོད་དགོཔ་སྦེ་གྲོས་འཆར་བཀོད་པའི་སྐབས་ ད་རེས་ཡོད་པའི་མཐུན་རྐྱེན་འདི་ སྦོ་ལོགས་ཁར་ཡོད་པའི་ས་ཆ་ཅིག་ནང་ སྤོ་ necessarily requires the relocation of an existing facility to an adjacent land, the costs of removing and relocating such water conveying facility may be borne as per mutual agreement between the concerned parties. When the mutual agreement fails, it will be carried out as per relevant provisions of the Land Act. Application to Abstract New Irrigation Water 101. An application for water abstraction will be submitted to the concerned permit issuing authority containing the following information: (a) Name and location of the proposed water source and/or abstraction point; (b) Information of existing water users from the same source, if any; (c) Number of users from the proposed abstraction; (d) Command area and length of irrigation channel; (e) Timing of the abstraction (year round or seasonal use); (f ) Plans for the protection of the proposed source; (g) Descriptions of infrastructure to be built for the abstraction; and (h) Any other information as may be necessary. 102. The Permit issuing authority will, within 30 working days from the receipt date of an application, complete the consultation and inform the applicant of its decision. Routine Maintenance of Irrigation Facilities 103. The routine maintenance works of an irrigation facility is the responsibility of its users. No person will raise an objection against maintenance works on an existing irrigation facility when it involves no changes to the existing alignments and water source. The Water Regulation of Bhutan 2014 32 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༣༢ བཤུད་འབད་དགོཔ་འཐོན་པ་ཅིན་ ཆུའི་མཐུན་རྐྱེན་དེའི་སྤོབཤུད་འབད་ནི་དང་ ལོག་སྟེ་གཞིས་གནས་བཟུང་བའི་རིན་འབབ་ འདི་ འབྲེལ་ཡོད་རྩ་བོ་ཚུ་གིས་མོས་མཐུན་ཐོག་ལུ་འབད་ནི། གལ་སྲིད་མོས་མཐུན་ཐོག་ལུ་འགྲིགས་མ་ཚུགས་པ་ཅིན་ སའི་ བཅའ་ཁྲིམས་ཀྱི་འབྲེལ་ཡོད་དགོངས་དོན་དང་འཁྲིལ་དགོ། ཞིང་ཆུ་གསརཔ་བཏོན་ནི་གི་ཞུ་ཡིག། 101. ཆུ་བཏོན་ལཱ་གི་དོན་ལུ་ཞུ་ཡིག་ནང་ གཤམ་གསལ་གྱི་གནས་ཚུལ་བརྡ་དོན་ཚུ་ འབྲེལ་ཡོད་ཆོག་ཐམ་སྤྲོད་མི་དབང་འཛིན་དེ་ ལུ་ ཕུལ་དགོཔ་འདི་ཡངཿ ཀ) གྲོས་འཆར་ཐོག་ལུ་ཡོད་པའི་ཆུའི་རྐ་དང་ བཏོན་སའི་མིང་དང་ ཡང་ན་ས་གནས། ཁ) ཆུ་རྐ་གཅིག་ལས་སྤྱོད་བཞིན་ཡོད་པ་ཅིན་ དེ་ཚུའི་བརྡ་དོན། ག) གྲོས་འཆར་ཐོག་ལུ་ཡོད་པའི་ཆུ་བཏོན་ནི་ཨིན་མི་ལས་ ཆུ་སྤྱོད་མིའི་གྲངས་ཚད། ང་) ཆུ་འདི་གིས་ཁྱབ་ནི་ཨིན་པའི་ ཆུ་ཞིང་ཡོངས་བསྡོམས་དང་ གཡུར་བའི་རིང་ཐུང་། ཅ) ཆུ་ནམ་དང་ནམ་བཏོན་ནི་ཨིན་ན་གི་དུས་ཚོད། (ལོ་ཧྲིལ་བུམ་ ཡང་ན་ ནམ་དུས་དང་བསྟུན།) ཆ) གྲོས་འཆར་བཀོད་དེ་ཡོད་པའི་ཆུ་རྐ་སྲུང་སྐྱོབ་ཀྱི་འཆར་གཞི། ཇ) ཆུ་བཏོན་ལཱ་གི་དོན་ལུ་ བཟོ་བསྐྲུན་བརྐྱབ་དགོ་པའི་གཞི་རྟེན་མཁོ་ཆས་ཚུ་གི་འགྲེལ་བཤད། ཉ) དགོས་མཁོ་དང་བསྟུན་གནས་ཚུལ་གཞན་གྱི་རིགས། 102. ཆོག་ཐམ་སྤྲོད་མི་དབང་འཛིན་དེ་གིས་ ཞུ་ཡིག་འབྱོར་བའི་ཚེས་གྲངས་ལས་ སྒྲིག་གཡོག་གི་ཉིན་གྲངས་༣༠ འི་ནང་འཁོད་ གྲོས་བསྟུན་ཚུ་མཇུག་བསྡུ་སྟེ་ ཞུ་བ་ཕུལ་མི་དེ་ལུ་ དེའིགྲོས་ཆོད་སྐོར་ལས་ བརྡ་སྤྲོད་དགོ། ཞིང་ཆུའི་མཐུན་རྐྱེན་གྱི་དུས་རྒྱུན་ རྒྱུན་སྐྱོང་། 103. དུས་རྒྱུན་གྱི་ཞིང་ཆུའི་མཐུན་རྐྱེན་རྒྱུན་སྐྱོང་གི་ལཱ་འདི་ ཆུ་སྤྱོད་མི་ཚུ་ལུ་འགན་ཁུར་ཕོགཔ་ཨིན། ད་རེས་ཡོད་པའི་ཞིང་ཆུའི་ མཐུན་རྐྱེན་གྱི་ཉམས་བཅོས་འབད་བའི་སྐབས་ སྔར་གྱི་ཆུ་རྐ་དང་ གཡུར་བའི་ཐད་ཕྲང་ལུ་ འགྱུར་བ་མེད་པ་ཅིན་ མི་ངོ་ག་ གིས་ཡང་ དགག་ཆ་འབད་མི་ཆོག། Unused Irrigation Channel 104. Any proposal to reuse or renovate an irrigation channel that has been left continually unused for the last five years will be considered as new construction. Sharing of Water 105. The water users from an irrigation facility will share its water either through mutual understanding or on the basis of existing practices when such practices are equitable and fair. If the traditional practices are deemed to be unfair and inequitable to some of its users, the water will be shared based on the size of landholdings. Runoff Drainage 106. The Competent Authority will develop guidelines for the safe and proper discharge of runoff and overflow from irrigation fields to prevent property damage or finding its way into water bodies. CHAPTER VIII Planning and Management of Water Resources National Integrated Water Resources Management Plan (NIWRMP) 107. The Secretariat will prepare the NIWRMP for the conservation, development and management of water resources in consultation with the following: (a) Ministry of Agriculture and Forests; (b) Ministry of Works and Human Settlements; (c) Ministry of Economic Affairs; (d) Ministry of Health; The Water Regulation of Bhutan 2014 33 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༣༣ མ་སྤྱོད་པར་བཞག་པའི་ཞིང་ཆུའི་གཡུར་བ། 104. འདས་པའི་ལོ་ངོ་ལྔའི་རིང་ ཞིང་ཆུའི་གཡུར་བ་འདི་འཕྲོ་མཐུད་མ་སྤྱོད་པར་བཞག་ཡོད་ཚེ་ ཞིང་ཆུའི་གཡུར་བ་སླར་ལོག་སྤྱོད་ ནི་ ཡང་ན་ གཡུར་བ་དེ་རང་ཉམས་བཅོས་འབད་ནི་སྦེ་ གྲོས་འཆར་བཀོད་པ་ཅིན་ བཟོ་སྐྲུན་གསརཔ་ཨིནམ་སྦེ་བརྩི་འཇོག་ འབད་དགོ། ཆུའི་བགོ་བཤའ། 105. ཞིང་ཆུའི་མཐུན་རྐྱེན་ཐོག་ལས་ ཆུ་བགོ་བཤའི་ཐད་ཁར་ ཆུ་སྤྱོད་མིའི་ནང་འཁོད་ ཕན་ཚུན་མོས་མཐུན་ཐོག་ལུ་ཡང་ན སྤྱི་ སྙོམས་དང་དྲང་བདེན་ཐོག་ལས་ཨིན་པ་ཅིན་ སྔར་ལས་ཡོད་པའི་ལམ་ལུགས་ཐོག་ལས་བགོ་བཤའ་རྐྱབ་དགོ། གལ་སྲིད་ སྔར་ལས་ཡོད་པའི་ལམ་ལུགས་ཚུ་ ཆུ་སྤྱོད་འཐུས་མི་དག་པ་ཅིག་ལུ་ སྤྱི་སྙོམས་དང་དྲང་བདེན་མེད་པ་ཅིན་ ས་ཞིང་ཆེ་ཆུང་ དང་བསྟུན་ཏེ་བགོ་བཤའ་རྐྱབ་དགོ། བཙོག་ཆུ་བཏོན་ནིའི་གཡུར་བ། 106. འབྲེལ་ཡོད་དབང་འཛིན་དེ་གིས་ ཆུ་ཞིང་ཚུ་ལས་ཞལ་ཏེ་འོང་བའི་ཆུ་གིས་ རྒྱུ་དངོས་ལུ་གནོད་སྐྱོན་འབྱུང་ནི་ལས་བཀག་ནི་ ཡང་ན་ ཆུ་གཞུང་གཞན་ཚུ་ནང་མི་འཛུལ་ནི་གི་དོན་ལུ་ ཉེན་སྲུང་ཅན་དང་ཚུལ་མཐུན་སྦེ་གཏང་ནིའི་ལམ་སྟོན་ཚུ་བརྩམ་དགོ། ལེའུ་བརྒྱད་པ། ཆུའི་ཐོན་ཁུངས་ཀྱི་འཆར་གཞི་དང་འཛིན་སྐྱོང་། རྒྱལ་ཡོངས་ཆུའི་ཐོན་ཁུངས་གཅིག་བསྒྲིལ་འཛིན་སྐྱོང་འཆར་གཞི། 107. ལྷན་ཚོགས་ཡིག་ཚང་དེ་གིས་ གཤམ་འཁོད་ཚུ་དང་གྲོས་བསྟུན་ཐོག་ལུ་ ཆུའི་ཐོན་ཁུངས་ཉམས་སྲུང་དང་ གོང་འཕེལ་ འཛིན་སྐྱོང་འབད་ནིའི་དོན་ལུ་ རྒྱལ་ཡོངས་ཆུའི་ཐོན་ཁུངས་གཅིག་བསྒྲིལ་འཛིན་སྐྱོང་འཆར་གཞི་བརྩམ་དགོཿ ཀ) སོ་ནམ་དང་ནགས་ཚལ་ལྷན་ཁག་དང་། ཁ) ཞབས་ཏོག་ལྷན་ཁག། ག) བསྟན་རྒྱས་ལྷན་ཁག། ང་) གསོ་བའི་ལྷན་ཁག། (e) Ministry of Home and Cultural Affairs; (f ) Bhutan Electricity Authority; (g) Royal Society for the Protection of Nature; and (h) Any other stakeholder as may be identified by the Secretariat. 108. In preparing the NIWRMP, the Secretariat in collaboration with relevant stakeholders will undertake, among others, the following: (a) Conduct an inventory of water resources; (b) Identify and demarcate the river basins; (c) Identify water resources for drinking, irrigation, energy, industry or other uses; and (d) Identify critical issues, gaps, and socio-economic concerns for the protection and conservation of water resources. 109. Before submitting the final NIWRMP draft to the Commission for its approval, the Secretariat will conduct consultations with relevant Ministries and organizations, and invite public comments by posting a draft NIWRMP on the Commission’s website for a minimum of one month. 110. The Commission and Competent Authorities will ensure that the NIWRMP is mainstreamed into national and sectoral policies, plans and programs for the efficient, effective and sustainable management of water resources, including watersheds and wetlands. River Basin Management Plan (RBMP) 111. The Commission will designate major river basins for the purpose of preparing the RBMP for its implementation by respective Competent Authorities. The Water Regulation of Bhutan 2014 34 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༣༤ ཅ) ནང་སྲིད་དང་སྲོལ་འཛིན་ལྷན་ཁག། ཆ) འབྲུག་གློག་མེ་དབང་འཛིན། ཇ) རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ། ཉ) ལྷན་ཚོགས་ཡིག་ཚང་གིས་ངོས་འཛིན་འབད་བའི་ཁེ་རྒུད་ཅན་གཞན། 108. ལྷན་ཚོགས་ཡིག་ཚང་དེ་གིས་ འབྲེལ་ཡོད་ཁེ་རྒུད་ཅན་ཚུ་དང་མཉམ་འབྲེལ་ཐོག་ལུ་ རྒྱལ་ཡོངས་ཆུའི་ཐོན་ཁུངས་གཅིག་ བསྒྲིལ་འཛིན་སྐྱོང་འཆར་གཞི་བརྩམ་ནི་གི་དོན་ལུ་ འགན་ལེན་འབད་དགོཔ་གཤམ་གསལཿ ཀ) ཆུའི་ཐོན་ཁུངས་ཐོ་ཡིག་འགོ་འདྲེན་འཐབ་ནི་དང་། ཁ) གཙང་ཆུའི་ཆུ་གཞོང་ངོས་འཛིན་འབད་ནི་དང་ ས་མཚམས་བཅད་ནི། ག) འཐུང་ཆུའམ་ ཞིང་ཆུ་ གློག་ཤུགས་ བཟོ་གྲྭ་ ཡང་ན་བེད་སྤྱོད་གཞན་གྱི་དོན་ལུ་ ཆུའི་འཐོན་ཁུངས་ཚུ་ངོས་འཛིན་ འབད་ནི། ང་) ཆུའི་ཐོན་ཁུངས་ཉམས་སྲུང་དང་ སྲུང་སྐྱོབ་ལས་བརྟེན་པའི་གལ་ཅན་གྱི་གནད་དོན་དང་ ཉུང་སྐྱོན་ མི་སྡེའི་དཔལ་ འབྱོར་གྱི་དཀའ་ངལ་ཚུ་ ངོས་འཛིན་འབད་ནི་ཚུ་ཨིན། 109. ལྷན་ཚོགས་ཡིག་ཚང་དེ་གིས་ རྒྱལ་ཡོངས་ཆུའི་ཐོན་ཁུངས་གཅིག་བསྒྲིལ་འཛིན་སྐྱོང་འཆར་གཞིའི་མཐའ་དཔྱད་ཟིན་བྲིས་ འདི་ ལྷན་ཚོགས་ཀྱིས་ཆ་འཇོག་གི་དོན་ལུ་མ་ཕུལ་བའི་ཧེ་མར་ འབྲེལ་ཡོད་ལྷན་ཁག་དང་ ལས་ཚོགས་ཚུ་དང་གྲོས་བསྟུན་ འབད་དེ་ མི་མང་བསམ་འཆར་ལེན་ནི་གི་དོན་ལུ་ རྒྱལ་ཡོངས་ཆུའི་ཐོན་ཁུངས་གཅིག་བསྒྲིལ་འཛིན་སྐྱོང་འཆར་གཞིའི་མཐའ་ དཔྱད་ཟིན་བྲིས་འདི་ ཉུང་ཤོས་ཟླཝ་གཅིག་གི་རིང་ ལྷན་ཚོགས་ཀྱི་ཡོངས་འབྲེལ་ཐོག་ལུ་གསལ་བསྒྲགས་འབད་དགོ། 110. ལྷན་ཚོགས་དང་ཚད་ལྡན་དབང་འཛིན་ཚུ་གིས་ ཆུ་འཐོན་ས་ཁོངས་དང་ ཆུ་ས་འདམ་རྫབ་རྩིས་པའི་ ཆུའི་འཐོན་ཁུངས་ཚུ་ ཕན་ནུས་ཅན་དང་ དོན་སྨིན་ཅན་ ཡུན་བརྟན་གྱི་ཐོག་ལས་འཛིན་སྐྱོང་འཐབ་ནི་གི་དོན་ལུ་ རྒྱལ་ཡོངས་ཆུའི་ཐོན་ཁུངས་ གཅིག་བསྒྲིལ་འཛིན་སྐྱོང་འཆར་གཞི་འདི་ རྒྱལ་ཡོངས་དང་ ལས་སྡེ་སོ་སོའི་སྲིད་བྱུས་ འཆར་གཞི་ ལས་རིམ་ཚུ་ནང་གཙོ་ བོ་བཏོན་ཡོདཔ་ངེས་བརྟན་བཟོ་དགོ། གཙང་ཆུའི་ཆུ་གཞོང་འཛིན་སྐྱོང་འཆར་གཞི། 111. ལྷན་ཚོགས་དེ་གིས་ གཙང་ཆུའི་ཆུ་གཞོང་འཛིན་སྐྱོང་འཆར་གཞི་གྲ་བསྒྲིག་འབད་ནིའི་དོན་ལུ་ ཆུ་ཆེན་གྱི་ཆུ་གཞོང་ཚུ་ངོས་ འཛིན་འབད་ནི་དང་ འཆར་གཞི་འདི་འབྲེལ་ཡོད་ཚད་ལྡན་དབང་འཛིན་ཚུ་གིས་ལག་ལེན་འཐབ་དགོ། 112. The Commission will establish River Basin Committees (RBCs) within a basin for the purpose of proper management of water resources and to enhance its economic values. 113. The Commission will declare an area within which the Committee will carry out its functions. Meetings 114. RBC will meet biannually and may call for additional meeting if necessary. 115. The Commission will designate a member of the RBC who will play the secretarial role of coordinating and maintaining records of its decisions and minutes of the meetings. Functions of River Basin Committee 116. The functions of RBC will include the following: (a) Promote community participation in the protection, use, development, conservation, management and control of water resources in its area of operation through education and other appropriate activities; (b) Prepare a River Basin Management Plan for the basin; (c) Monitor and report to the Commission on the effectiveness of policies and action in achieving sustainable management of water resources in its area of operation; (d) Collect, manage and share such data as are necessary to properly manage the basin in coordination with the Commission; (e) Help resolve cross-sectoral and Dzongkhag trans-boundary issues relating to water resources in its area of operation; and (f ) Perform any such additional functions as the Commission may direct. The Water Regulation of Bhutan 2014 35 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༣༥ 112. ལྷན་ཚོགས་དེ་གིས་ ཆུའི་ཐོན་ཁུངས་ཚུ་ཚུལ་མཐུན་སྦེ་འཛིན་སྐྱོང་འཐབ་ནི་དང་ དཔལ་འབྱོར་གྱི་ཕན་ཁུངས་ཚུ་ ཡར་དྲག་ གཏང་ཐབས་ཀྱི་དོན་ལུ་ གཙང་ཆུའི་ཆུ་གཞོང་ཚོགས་པ་ཚུ་གཞི་བཙུགས་འབད་དགོ། 113. ལྷན་ཚོགས་དེ་གིས་ ཚོགས་ཆུང་གིས་ལཱ་འགན་འཐབ་དགོ་པའི་ས་གོ་ཚུ་ གསལ་བསྒྲགས་འབད་དགོ། འཛོམས་འདུ། 114. གཙང་ཆུའི་ཆུ་གཞོང་ཚོགས་ཆུང་གིས་ ལོ་རེ་ནང་ཐེངས་གཉིས་རེ་འཚོགས་དགོ་པའི་ཁར་ ཁག་ཆེ་བ་ཅིན་ འཛོམས་འདུ་ཁ་ སྐོང་གི་དོན་ལུ་ བརྡ་བསྐུལ་འབད་ཆོག། 115. གཙང་ཆུའི་ཆུ་གཞོང་ཚོགས་ཆུང་གི་ འཛོམས་འདུ་འགོ་འདྲེན་འཐབ་ནི་དང་ འཛོམས་འདུའི་གྲོས་ཆོད་དང་ གྲོས་བཅུད་ཀྱི་ འཛིན་ཐོ་བཞག་ནི་གི་དོན་ལུ་ ཡིག་ཚང་གི་ལཱ་འགན་འབག་མི་སྦེ་ ལྷན་ཚོགས་དེ་གིས་ གཙང་ཆུའི་ཆུ་གཞོང་ཚོགས་ཆུང་གི་ འཐུས་མི་ཅིག་བསྐོ་བཞག་འབད་དགོ། གཙང་ཆུའི་ཆུ་གཞོང་ཚོགས་ཆུང་གི་ལཱ་འགན། 116. གཙང་ཆུའི་ཆུ་གཞོང་ཚོགས་པའི་ལཱ་འགན་གྲངས་སུ་ཚུད་པ་གཤམ་གསལཿ ཀ) རང་སོའི་ལས་བྱེད་ས་ཁོངས་ནང་ མི་སྡེ་གིས་ ཆུའི་ཐོན་ཁུངས་ཀྱི་སྲུང་སྐྱོབ་དང་ སྤྱོད་ཐངས་ གོང་འཕེལ་ ཉམས་ སྲུང་ འཛིན་སྐྱོང་ དེ་ལས་ བཀག་འཛིན་ཚུ་ནང་གྲལ་གཏོགས་ཡར་ཕར་ཚུ་ ཤེས་ཡོན་དང་ལཱ་སྒོ་གཞན་རྒྱུད་དེ་ གཏང་ནི། ཁ) ཆུ་གཞོང་གི་དོན་ལས་ གཙང་ཆུའི་ཆུ་གཞོང་འཛིན་སྐྱོང་འཆར་གཞི་བརྩམ་ནི། ག) རང་སོའི་ལས་བྱེད་ས་ཁོངས་ནང་ ཆུའི་ཐོན་ཁུངས་ཀྱི་སྲིད་བྱུས་དང་ ཡུན་བརྟན་འཛིན་སྐྱོང་གི་ལཱ་ཚུ་མཐར་ཕྱིན་ སྒྲུབ་ཡོད་ཀྱི་ ལྟ་རྟོག་དང་སྙན་ཞུ་འབད་ནི། ང་) ལྷན་ཚོགས་དང་གཅིག་ཁར་མཉམ་འབྲེལ་ཐོག་ ཆུ་གཞོང་ལེགས་ཤོམ་སྦེ་འཛིན་སྐྱོང་འབད་ནིའི་དོན་ལས་ དགོས་ མཁོ་དང་བསྟུན་པའི་གནས་ཚུལ་ཚུ་བསྡུ་ལེན་དང་ འཛིན་སྐྱོང་ བགོ་བཀྲམ་ཚུ་འབད་ནི། ཅ) རང་སོའི་ལས་བྱེད་ས་ཁོངས་དང་ རྫོང་ཁག་གི་ས་མཚམས་ནང་ལུ་ ཆུའི་ཐོན་ཁུངས་ཚུ་དང་འབྲེལ་བའི་གནད་ དོན་ཚུ་སེལ་ནི་ལུ་གྲོགས་རམ་འབད་ནི། ཆ) ལྷན་ཚོགས་ཀྱིས་བཀོད་རྒྱ་དང་འཁྲིལ་ ལཱ་འགན་ཁ་སྐོང་གཞན་གང་རུང་འབད་ནི། Elements for RBMP Preparation 117. A RBMP will contain at least the following: (a) Details of the water management area drawn from the NIWRMP; (b) Details on Flood Risk Zones and risk management plans; (c) Details on designated areas for habitat conservation and species directly depending on river water; and (d) A program for the monitoring of water status within the river basin area. 118. The following will constitute as the elements of RBMP preparation for which a RBC may use expertise: (a) Maps of the location and boundaries of water bodies; (b) Compilation of water related baseline data; (c) Maps of watershed areas of the river; (d) Maps of monitoring networks; (e) Maps of human settlements; (f ) Maps of agricultural land use; (g) Hydropower generation plans; (h) Hydropower integration with respect to watershed management; (i) Impacts of human activity on the quality and quantity of water resources; (j) Identification of both point source and non-point source pollution; (k) Analysis of social and health impacts; The Water Regulation of Bhutan 2014 36 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༣༦ གཙང་ཆུའི་ཆུ་གཞོང་འཛིན་སྐྱོང་འཆར་གཞིའི་བརྩམ་གཞི་ཚུ། 117. གཙང་ཆུའི་ཆུ་གཞོང་འཛིན་སྐྱོང་འཆར་གཞི་ནང་ ཚུད་དགོཔ་གཤམ་གསལཿ ཀ) རྒྱལ་ཡོངས་ཆུའི་ཐོན་ཁུངས་གཅིག་བསྒྲིལ་འཛིན་སྐྱོང་འཆར་གཞི་ལས་བཏོན་པའི་ ཆུའི་འཛིན་སྐྱོང་ས་ཁོངས་ཀྱི་ རྒྱས་བཤད་དང་། ཁ) ཆུ་རུད་ཀྱི་ཉེན་འཚུབ་ཡོད་པའི་ས་ཁོངས་ཀྱི་རྒྱས་བཤད་དང་ ཉེན་འཚུབ་འཛིན་སྐྱོང་གི་འཆར་གཞི། ག) སྲོག་ཆགས་འཁྱམས་ས་ཉམས་སྲུང་གི་དོན་ལུ་ ངོས་འཛིན་འབད་དེ་ཡོད་པའི་ས་གོ་དང་ གཙང་ཆུ་དེ་ནང་ཐད་ཀར་ དུ་བརྟེན་པའི་སྲོག་ཆགས་ཚུ་གི་རྒྱས་བཤད། ང་) གཙང་ཆུའི་ཆུ་གཞོང་ས་གནས་ནང་འཁོད་ ཆུའི་གནས་སྟངས་ལྟ་རྟོག་དོན་ལུ་ ལས་རིམ་གྱི་རྒྱས་བཤད་བཀོད་ནི་ ཚུ་ཨིན། 118. གཙང་ཆུའི་ཆུ་གཞོང་འཛིན་སྐྱོང་འཆར་གཞི་བརྩམ་ནིའི་དོན་ལུ་ གཤམ་གསལ་གྱི་ཆ་ཤས་ཚུ་དགོཔ་དང་ དེའི་དོན་ལུ་ གཙང་ཆུའི་ཆུ་གཞོང་ཚོགས་ཆུང་གིས་ མཁས་མཆོག་ཚུ་ལས་གྲོགས་རམ་ལེན་ཆོགཔ་འདི་ཡངཿ ཀ) ཆུ་གཞུང་ཚུ་གི་ས་གནས་དང་ ས་མཚམས་ཚུ་གི་ས་ཁྲ་དང་། ཁ) ཆུ་གཞུང་དང་འབྲེལ་བའི་གནས་སྡུད་ཐོ་ཡིག། ག) གཙང་ཆུའི་ཆུ་འཐོན་ས་ཁོངས་ཀྱི་ས་ཁྲ། ང་) ལྟ་རྟོག་བརྒྱུད་འབྲེལ་གྱི་ས་ཁྲ། ཅ) མི་སྡེ་གཞིས་ཆགས་ཀྱི་ས་ཁྲ། ཆ) སོ་ནམ་ས་ཞིང་གི་ས་ཁྲ། ཇ) ཆུ་གློག་བཟོ་སྐྲུན་འཆར་གཞི་ཚུ། ཉ) ཆུ་ཐོན་ས་ཁོངས་འཛིན་སྐྱོང་དང་ ཆུ་གློག་འབྲེལ་མཐུན་བཟོ་ཐབས། ཏ) འགྲོ་བ་མིའི་ལས་སྣ་ཚུ་ལས་བརྟེན་ ཆུའི་ཐོན་ཁུངས་ཀྱི་སྤུས་ཚད་དང་ འབོར་ཚད་ལུ་ཕན་གནོད་སྐོར། ཐ) བཙོག་གྲིབ་འཐོན་ས་ངོས་འཛིན། ད) མི་སྡེ་དང་གསོ་བའི་འཕྲོད་བསྟེན་ལུ་ཕན་གནོད་དབྱེ་ཞིབ། (l) An economic analysis of water, in particular, those with potential for competing use; (m) Mechanisms to control water abstraction and discharges in relation to permits and environmental clearances issued; and (n) A summary of the public consultation. 119. The Secretariat, in consultation with RBCs, will ensure the incorporation of the following elements into the RBMP: (a) Measures to prevent deterioration of water bodies, limit or control water pollutants; and (b) Measures to enhance and restore polluted or depleted water bodies. Review and Revision of RBMPs 120. In reviewing and updating RBMPs of a designated river basin, the RBCs will consider the following elements: (a) Promotion of efficient and sustainable water use; (b) Safeguarding water quality; (c) Restoration of polluted or depleted water bodies; (d) Control and monitor water abstraction; (e) An assessment of progress and achievements made in relation to its functions and objectives; (f ) Monitoring results for the period of the previous plan; and (g) An explanation for any measures envisaged under the previous plan which were not undertaken. The Water Regulation of Bhutan 2014 37 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༣༧ ན) ཆུའི་དཔལ་འབྱོར་གྱི་དབྱེ་ཞིབ་དང་ དམིགས་སལ་ལག་ལེན་གྱི་དོན་ལུ་དོ་འགྲན་འབྱུང་འོས་ཀྱི་ ཆུ་ཚུ་ལུ། པ) ཆོག་ཐམ་དང་མཐའ་འཁོར་གནས་སྟངས་ཀྱི་ཉོག་མེད་གནང་བ་དང་འབྲེལ་བའི་ ཆུ་བཏོན་ནི་དང་བཙོག་ཆུ་ཕྱིར་ བཏོན་ཚད་འཛིན་གྱི་ཐབས་ལམ། ཕ) མི་མང་དང་གྲོས་བསྟུན་འབད་བའི་བསམ་འཆར་གྱི་བཅུད་དོན་ཚུ་ཨིན། 119. ལྷན་ཚོགས་ཡིག་ཚང་དེ་གིས་ གཙང་ཆུའི་ཆུ་གཞོང་ཚོགས་ཆུང་དང་གྲོས་བསྟུན་ཐོག་ལུ་ གཤམ་གསལ་གྱི་མཁོ་ཆས་ཚུ་ གཙང་ཆུའི་ཆུ་གཞོང་འཛིན་སྐྱོང་འཆར་གཞི་ཚུ་ནང་བཙུགས་ཡོདཔ་ངེས་གཏན་བཟོ་དགོཔ་འདི་ཡངཿ ཀ) ཆུ་གཞུང་ཉམས་ཆག་སྔོན་འགོག་དང་ ཆུ་བཙོག་པ་བཟོ་མི་ཚུ་ཚད་འཛིན་འབད་ནི་གི་ ཐབས་ལམ་ཚུ། ཁ) ཆུ་གཞུང་བཙོག་གྲིབ་ཤོར་ཡོད་པ་ ཡང་ན་མར་ཕབ་སོང་མི་དེ་ ཉམས་གསོ་དང་ཡར་དྲག་གི་ཐབས་ཤེས་ཚུ། གཙང་ཆུའི་ཆུ་གཞོང་འཛིན་སྐྱོང་འཆར་གཞིའི་བསྐྱར་ཞིབ་དང་ བསྒྱུར་བཅོས། 120. ངོས་འཛིན་གྲུབ་པའི་གཙང་ཆུའི་ཆུ་གཞོང་ཚུ་གི་ གཙང་ཆུའི་ཆུ་གཞོང་འཛིན་སྐྱོང་འཆར་གཞི་བསྐྱར་ཞིབ་དང་དུས་མཐུན་བཟོ་ བའི་སྐབས་ གཙང་ཆུའི་ཆུ་གཞོང་ཚོགས་ཆུང་དེ་གིས་ གཤམ་གསལ་གྱི་ཆ་ཤས་ཐོག་ལུ་ བརྟག་ཞིབ་འབད་དགོཔཿ ཀ) ཕན་ནུས་ཅན་དང་ ཡུན་བརྟན་གྱི་ཆུའི་ལག་ལེན་ ཡར་དྲག་གཏང་ནི་དང་། ཁ) ཆུའི་སྤུས་ཚད་ཉེན་སྲུང་འབད་ནི། ག) ཆུ་གཞུང་བཙོག་གྲིབ་ཤོར་ཡོད་པ་ ཡང་ན་མར་ཕབ་སོང་མི་འདི་ཉམས་གསོ་འབད་ནི། ང་) ཆུ་བཏོན་ལཱ་གི་ལྟ་རྟོག་དང་ ཚད་འཛིན་འབད་ནི། ཅ) རང་སོའི་ལཱ་འགན་ དམིགས་ཡུལ་ཚུ་དང་བསྟུན་པའི་གྲུབ་འབྲས་དང་ ལཱ་ཤུལ་བཏོན་མི་ཚུ་གི་བརྟག་ཞིབ་སྐོར། ཆ) ཧེ་མའི་འཆར་གཞིའི་དུས་མཚམས་ཀྱི་གྲུབ་འབྲས་ལྟ་རྟོག་སྐོར། ཇ) ཧེ་མའི་འཆར་གཞི་དེ་ནང་ བཀོད་པའི་ཐབས་ལམ་ཚུ་ ལག་ལེན་མ་འཐབ་པར་ཡོད་མི་ཚུ་གི་གནད་ཁུངས། Participation in RBMPs 121. RBC will ensure involvement of relevant stakeholders in the preparation and revision of RBMP by publishing and making the following available for comments: (a) Circulation of draft copies of RBMP for consultation with relevant stakeholders; and (b) Posting draft copy of RBMP on the Secretariat’s website for at least one month. Monitoring Program 122. RBC will establish monitoring systems to ensure that the RBMP is implemented. CHAPTER IX Watersheds and their Management Classification of Watersheds 123. The MoAF will identify watersheds as (i) pristine, (ii) normal, (iii) degraded or (iv) critical watersheds in the country as per its guidelines for incorporation into the NIWRMP and RBMPs. Timber Extraction from a Watershed Area 124. Timber extraction or logging from a demarcated watershed will be based on scientific management plans. The Water Regulation of Bhutan 2014 38 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༣༨ གཙང་ཆུའི་ཆུ་གཞོང་འཛིན་སྐྱོང་འཆར་གཞི་ནང་གྲལ་གཏོགས། 121. གཙང་ཆུའི་ཆུ་གཞོང་ཚོགས་ཆུང་དེ་གིས་ ཆུ་གཞོང་འཛིན་སྐྱོང་འཆར་གཞི་བརྩམ་ནི་དང་ བསྒྱུར་བཅོས་འབད་བའི་སྐབས་ལུ་ འབྲེལ་ཡོད་ཁེ་རྒུད་ཅན་ཚུ་ གྲལ་གཏོགས་ངེས་བརྟན་བཟོ་ནིའི་དོན་ལུ་ བསམ་འཆར་ལེན་ཐབས་ལུ་ གཤམ་གསལ་གྱི་ བརྗོད་དོན་ཚུ་གསལ་བསྒྲགས་འབད་དགོཔ་འདི་ཡངཿ ཀ) འབྲེལ་ཡོད་ཁེ་རྒུད་ཅན་དང་གྲོས་བསྟུན་འབད་ནི་གི་དོན་ལུ་ གཙང་ཆུའི་ཆུ་གཞོང་འཛིན་སྐྱོང་འཆར་གཞི་ཟིན་བྲིས་ བཀྲམ་སྤེལ་འབད་ནི་དང་། ཁ) གཙང་ཆུའི་ཆུ་གཞོང་འཛིན་སྐྱོང་འཆར་གཞི་ཟིན་བྲིས་འདྲ་དེ་ ཉུང་ཤོས་ཟླཝ་གཅིག་གི་དོན་ལུ་ ལྷན་ཚོགས་ཡིག་ཚང་ གི་ཡོངས་འབྲེལ་ཐོག་ལུ་བཙུགས་བཞག་དགོཔ་ཚུ་ཨིན། ལྟ་རྟོག་ལས་རིམ། 122. གཙང་ཆུའི་ཆུ་གཞོང་ཚོགས་པ་དེ་གིས་ གཙང་ཆུའི་ཆུ་གཞོང་འཛིན་སྐྱོང་འཆར་གཞི་འདི་ལག་ལེན་འཐབ་ཡོདཔ་ ངེས་བརྟན་ བཟོ་ནི་གི་དོན་ལུ་ ལྟ་རྟོག་ལམ་ལུགས་གཞི་བཙུགས་འབད་དགོ། ལེའུ་དགུ་པ། ཆུ་འཐོན་ས་ཁོངས་དང་ དེའི་འཛིན་སྐྱོང་། ཆུ་འཐོན་ས་ཁོངས་དབྱེ་ཁག། 123. སོ་ནམ་དང་ནགས་ཚལ་ལྷན་ཁག་དེ་གིས་ རྒྱལ་ཡོངས་ཆུའི་ཐོན་ཁུངས་གཅིག་བསྒྲིལ་འཛིན་སྐྱོང་འཆར་གཞི་དང་ གཙང་ ཆུའི་ཆུ་གཞོང་འཛིན་སྐྱོང་འཆར་གཞི་ཚུ་ནང་བཙུགས་ཐབས་ལུ་ དེའི་ལམ་སྟོན་དང་འཁྲིལ་ཏེ་ རྒྱལ་ཁབ་ནང་འཁོད་ཀྱི་ཆུ་ འཐོན་ས་ཁོངས་ཚུ་ (༡) ཉམས་མེད་ ཡང་ན། (༢) ཚད་ལྡན། (༣) ཉམས་འགྲིབ་ཤོར་བ། (༤) ཉེན་ཚབས་ཆེ་ བ་སྦེ་ ངོས་འཛིན་འབད་དགོ། ཆུ་འཐོན་ས་ཁོངས་ལས་ཤིང་བཏོན་ཐབས། 124. ས་མཚམས་བཅད་དེ་ཡོད་པའི་ཆུ་འཐོན་ས་ཁོངས་ནང་འཁོད་ལས་ཤིང་བཏོན་ནི་ ཡང་ན་ཤིང་བཏོག་གི་ལཱ་འབད་ནི་ཚུ་ ཚན་ རིག་གི་འཛིན་སྐྱོང་འཆར་གཞི་དང་བསྟུན་ཏེ་འབད་དགོ། Awareness Raising Programs 125. The MoAF will organize periodic awareness raising programs on plant species that are determined to be safe and suitable for the conservation of watershed areas. Community Settlement within Watershed Area 126. In coordination with Dzongkhag and Gewog Administrations, the concerned Competent Authority will identify existing human settlements within watershed areas. In the event of restriction to pursue normal socio-economic activities within their own land, the Competent Authority will devise and implement incentives and compensation mechanisms which may be in the form of payment for environmental services. 127. The Competent Authorities will prohibit introduction of any species in the watershed areas without the first hand scientific knowledge regarding its impact on the water yield. Watershed Management 128. In coordination with concerned water users, the designated Competent Authority on drinking or irrigation water will pursue programs to maintain constant flow of water from watershed through proper land management practices, good vegetation cover and control of development activities within the designated watershed area. 129. Water resource development will be based on principles of environment sustainability, economic feasibility and social acceptability with preference for environmental conservation and water use priority principles. The Water Regulation of Bhutan 2014 39 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༣༩ གོ་བ་བརྡ་སྤྲོད་ལས་རིམ། 125. སོ་ནམ་དང་ནགས་ཚལ་ལྷན་ཁག་དེ་གིས་ ཆུ་འཐོན་ས་ཁོངས་ཚུ་ཉམས་སྲུང་གི་དོན་ལུ་ ཉེན་ཁ་མེད་པ་དང་ འོས་འབབ་ ཡོདཔ་སྦེ་གཏན་འབེབས་འབད་བའི་ཤིང་སྣའི་རིགས་ཚུའི་སྐོར་ལས་ དུས་མཚམས་དང་བསྟུན་པའི་ གོ་བ་བརྡ་སྤྲོད་ཀྱི་ལས་ རིམ་ཚུ་ འགོ་འདྲེན་འཐབ་དགོ། ཆུ་འཐོན་ས་ཁོངས་ནང་འཁོད་ཀྱི་མི་སྡེ་གཞིས་ཆགས། 126. རྫོང་ཁག་དང་རྒེད་འོག་བདག་སྐྱོང་ཚུ་དང་ཅིག་ཁར་མཉམ་འབྲེལ་ཐོག་ལུ་ འབྲེལ་ཡོད་ཚད་ལྡན་དབང་འཛིན་དེ་གིས་ ཆུ་ འཐོན་ས་ཁོངས་ཚུ་ནང་ཡོད་པའི་ མི་སྡེའི་གཞིས་ཆགས་ཚུ་ངོས་འཛིན་འབད་དགོ། རང་སོའི་ས་ཞིང་ནང་འཁོད་ལུ་ སྤྱིར་ བཏང་དཔལ་འབྱོར་གྱི་ལས་སྣ་ཚུ་ འབད་ནི་ལུ་བཀག་དམ་འབད་བའི་སྐབས་ མཐའ་འཁོར་ཞབས་ཏོག་གི་གླ་འཐུས་བཟུམ་ ཅིག་སྦེ་ ཚད་ལྡན་དབང་འཛིན་དེ་གིས་ རྒུད་འཐུས་དང་སྤྲོ་འཐུས་སྤྲོད་ནི་གི་ཐམས་ལམ་ཚུ་བརྩམ་ཏེ་ ལག་ལེན་འཐབ་དགོ། 127. ཚད་ལྡན་དབང་འཛིན་ཚུ་གིས་ ཆུའི་ཐོན་སྐྱེད་ལུ་ཕན་གནོད་སྐོར་ལས་ འགོ་ཐོག་ཚན་རིག་གི་ཤེས་ཡོན་མེད་པར་ ཆུ་འཐོན་ས་ ཁོངས་ཚུ་ནང་ རིགས་སྣ་ག་ཅི་ཨིན་རུང་ འཛུགས་སྐྱོང་འབད་ནི་ལས་བཀག་དམ་འབད་དགོ། ཆུ་འཐོན་ས་ཁོངས་འཛིན་སྐྱོང་། 128. ངོས་འཛིན་གྲུབ་པའི་ འཐུང་ཆུའམ་ཞིང་ཆུའི་ཚད་ལྡན་དབང་འཛིན་གྱིས་ འབྲེལ་ཡོད་ཆུ་སྤྱོད་མི་ཚུ་དང་ཅིག་ཁར་འགོ་འདྲེན་ ཐོག་ལུ་ ཚུལ་དང་མཐུན་པའི་ ས་ཞིང་འཛིན་སྐྱོང་གི་ལམ་ལུགས་དང་ སྔོ་ཤིང་གིས་ཁྱབ་ཚད་ཡར་དྲག་ ངོས་འཛིན་འབད་བའི་ ཆུ་འཐོན་ས་ཁོངས་ནང་འཁོད་ གོང་འཕེལ་གྱི་ལས་སྣ་ཚུ་ཚད་འཛིན་ཐོག་ལུ་ ཆུ་འཐོན་ས་ཁོངས་ལས་ཆུའི་ཐོན་སྐྱེད་འགྱུར་ ལྡོག་མེད་པ་འབབ་ཐབས་ཀྱི་དོན་ལུ་ ལས་རིམ་ཚུ་འཕྲོ་མཐུད་འགོ་འདྲེན་འཐབ་དགོ། 129. ཆུའི་ཐོན་ཁུངས་གོང་འཕེལ་འདི་ མཐའ་འཁོར་ཡུན་བརྟན་ དཔལ་འབྱོར་གྱི་འོས་འབབ་དང་ མི་སྡེ་གིས་ཆ་བཞག་ཚུགས་ མ་ཚུགས་ཀྱི་ གཞི་རྩ་ཚུའི་ཐོག་ལུ་གཞི་བཞག་ནི་ཨིན་རུང་ མཁའ་འཁོར་ཉམས་སྲུང་དང་ ཆུའི་སྤྱོད་གཙོ་རིམ་ལུ་གཙོ་བོར་ བཟུང་དགོ། CHAPTER X Dispute Resolution Dispute Settlement 130. When a water related dispute is presented before a concerned Competent Authority under this Regulation, the hearing, deliberation and administrative decision making will be based on the following essential elements of fairness: (a) Both parties must be heard, fairly and exhaustively, on issues presented for its consideration; (b) Witnesses must be summoned and their statements recorded in writing; (c) Examine documentary evidence such as agreements and technical opinions; (d) Investigate and verify customary practices when such rights are claimed; (e) Consider impact on other users; (f ) Any person having a conflict of interest will refrain from attending on such hearing and being part of the deciding authority; and (g) Any decision rendered by the competent authority will be in writing with sign and seal of the authority. 131. Any controversy relating to water use, such as irrigation or drinking water and its infrastructure maintenance, will be presented to and addressed by the concerned WUA. When amicable negotiation fails to resolve a contested issue, the decision will be taken through vote system by its members. When there is no WUA the dispute will be decided by the concerned Gewog Administration. 132. A person aggrieved by the decision of the WUA may appeal to the Gewog Administration, within ten (10) working days, who will hear and decide within fifteen (15) working days from the registration of an appeal. The Water Regulation of Bhutan 2014 40 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༤༠ ལེའུ་བཅུ་པ། ཉོག་འཛིང་སེལ་ཐབས། ཉོག་འཛིང་འདུམ་འགྲིག། 130. ཆུ་དང་འབྲེལ་བའི་ཉོག་འཛིང་ཅིག་ སྒྲིག་གཞི་འདི་ནང་བཀོད་པའི་ཚད་ལྡན་དབང་འཛིན་ཅིག་ནང་འབྱོར་བའི་སྐབས་ གཤམ་ གསལ་གྱི་མེད་ཐབས་མེད་པའི་དྲང་སྙོམས་ཀྱི་ཆ་ཤས་ཚུ་ལུ་གཞི་བཞག་སྟེ་ སྙན་གསན་ གྲོས་བསྡུར་དང་བདག་སྐྱོང་གི་དང་ ལེན་འཐབ་དགོཔ་འདི་ཡངཿ ཀ) རྩ་ཕན་གཉིས་ཆ་རའི་གསལ་ཞུའི་གནད་དོན་ཚུ་བསམ་ཞིབ་དོན་ལུ་ དྲང་སྙོམས་དང་ ཡོངས་སུ་རྫོགསཔ་སྦེ་ ངེས་ པར་དུ་སྙན་ནི་དང་། ཁ) དཔང་པོ་འབོ་ནི་དང་ ཁོང་རའི་ངག་བརྗོད་ཚུ་ ཡིག་ཐོག་བཀོད་ནི། ག) གན་རྒྱ་དང་ ཁྱད་རིག་གི་བསམ་འཆར་ལ་སོགས་པ་དང་འདྲ་བའི་ ཡིག་ཆའི་སྒྲུབ་བྱེད་བརྟག་ཞིབ་འབད་ནི། ང་) སྔར་སྲོལ་ལམ་ལུགས་ཀྱི་ཐོབ་བརྗོད་བཀོད་པའི་སྐབས་ སྔར་སྲོལ་ལམ་ལུགས་ཀྱི་གོམས་སྲོལ་ཚུ་ཞིབ་དཔྱད་འབད་ནི། ཅ) ཆུ་སྤྱོད་མི་གཞན་ཚུ་ལུ་ཕན་གནོད། ཆ) མི་ངོ་གང་རུང་གིས་ ཁེ་ཕན་ལྟག་སྤྲད་འཐོན་པའི་སྐབས་ སྙན་གསན་དང་ ཐག་གཅད་དབང་འཛིན་གྱི་གྲངས་སུ་ གཏོགས་ནི་ལས་འཛེམ་དགོ། ཇ) ཚད་ལྡན་དབང་འཛིན་དེ་གིས་གྲོས་ཆོད་གང་རུང་ ཡིག་ཐོག་ལུ་སྦེ་ ཐིའུ་དང་མིང་རྟགས་བཀོད་དེ་སྤྲོད་ནི་ཚུ་ཨིན། 131. ཞིང་ཆུའམ་ འཐུང་ཆུ་ དང་གཞི་རྟེན་མཁོ་ཆས་རྒྱུན་སྐྱོང་དང་འབྲེལ་བའི་བྱ་སྟབས་བདེ་མིན་གྱི་རྩོད་ཉོག་ག་ཅིག་ཨིན་རུང་ འབྲེལ་ཡོད་ཆུ་སྤྱོད་ཚོགས་པ་དེ་ལུ་ཞུ་ནི་དང་ ཚོགས་པ་དེ་གིས་ སེལ་ཐབས་འབད་དགོ། མ་འགྲིགས་པའི་གནད་དོན་ཐོག་ ལུ་ མཐུན་འབྲེལ་གྱི་འདུམ་འགྲིགས་འབད་མ་ཚུགས་པའི་སྐབས་ དེ་ནང་འཚོགས་པའི་འཐུས་མི་ཚུ་གིས་སྦེ་ ཚོགས་རྒྱན་ གྱི་ལམ་ལུགས་ཐོག་ལས་ གྲོས་ཐག་གཅད་དགོ། ཆུ་སྤྱོད་ཚོགས་པ་མེད་པ་ཅིན་ རྩོད་ཉོག་དེ་འབྲེལ་ཡོད་རྒེད་འོག་བདག་ སྐྱོང་དེ་གིས་གྲོས་ཐག་གཅད་དགོ། 132. ཆུ་སྤྱོད་ཚོགས་པའི་གྲོས་ཆོད་ལུ་བརྟེན་ ཉམས་རྒུད་བྱུང་མི་དེ་གིས་ སྒྲིག་གཡོག་གི་ཉིན་གྲངས་བཅུ་ཐམ་ (༡༠) གྱི་ནང་ འཁོད་ རྒེད་འོག་བདག་སྐྱོང་ལུ་ མཐོ་གཏུགས་འབད་དགོ་པའི་ཁར་ མཐོ་གཏུགས་ཐོ་བཀོད་འབད་བའི་ཚེས་གྲངས་ལས་ སྒྲིག་གཡོག་གི་ཉིན་གྲངས་བཅོ་ལྔ (༡༥) འི་ནང་འཁོད་ སྙན་གསན་ཐོག་ལུ་གྲོས་ཐག་གཅད་དགོ། 133. A person aggrieved by the decision of Gewog Administration may appeal to the Dzongkhag Administration, within ten (10) working days, who will hear and decide within twenty five (25) working days from the appeal registration date. 134. A person aggrieved by the decision of the Dzongkhag Administration may file petition, within ten working days, before a competent court of jurisdiction. Dispute among Communities of Different Gewogs under the Same Dzongkhag 135. When there is a water related dispute between or amongst communities of different Gewogs under the same Dzongkhag, the concerned Gups and Chairpersons of WUAs will facilitate for an amicable resolution of the dispute, failing which the dispute may be appealed to the Dzongkhag Administration. Dispute among Communities of Different Dzongkhags 136. When the water related dispute is between or amongst communities of different Dzongkhags, the concerned Dzongkhag Tshogdus will, within 30 days from the date of dispute registration in one of the Dzongkhag Administrations, coordinate to constitute an ad-hoc Dispute Resolution Committee consisting of members, not less than three from each Dzongkhag Tshogdu, who will be appointed by respective Chairpersons. 137. A person or community aggrieved by the decision of the Dispute Resolution Committee may file a petition before a Court within whose jurisdiction the cause of dispute has arisen. Appeal to the Commission 138. Any water related dispute not covered by the above sections or when there exists water controversy between or amongst different authorities, it may appeal to the Commission who will hear and decide within thirty five (35) working days from the receipt date of the appeal. The Water Regulation of Bhutan 2014 41 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༤༡ 133. རྒེད་འོག་བདག་སྐྱོང་གི་གྲོས་ཆོད་ལུ་བརྟེན་ ཉམས་རྒུད་བྱུང་མི་དེ་གིས་ སྒྲིག་གཡོག་གི་ཉིན་གྲངས་བཅུ་ཐམ་ (༡༠) གྱི་ ནང་འཁོད་ རྫོང་ཁག་བདག་སྐྱོང་ལུ་ མཐོ་གཏུགས་འབད་ཞིནམ་ལས་ རྫོང་ཁག་བདག་སྐྱོང་དེ་གིས་ མཐོ་གཏུགས་ཀྱི་ཐོ་ བཀོད་འབད་བའི་ཚེས་གྲངས་ལས་སྒྲིག་གཡོག་གི་ཉིན་གྲངས་ ཁལ་གཅིག་ལྔ (༢༥) འི་ནང་འཁོད་ སྙན་གསན་ཐོག་ལུ་ གྲོས་ཐག་གཅད་དགོ། 134. རྫོང་ཁག་བདག་སྐྱོང་གི་གྲོས་ཆོད་ལུ་བརྟེན་ ཉམས་རྒུད་བྱུང་བའི་མི་ངོ་དེ་གིས་ དབང་ཁྱབ་ཅན་གྱི་ཁྲིམས་ཀྱི་འདུན་ས་ལུ་ བཤེར་ཡིག་ཕུལ་ཆོག། རྫོང་ཁག་གཅིག་ནང་ རྒེད་འོག་སོ་སོའི་མི་སྡེའི་བར་ནའི་ཉོག་འཛིང་། 135. རྫོང་ཁག་གཅིག་གི་འོག་ལུ་ རྒེད་འོག་སོ་སོའི་མི་སྡེ་ཚུ་གི་བར་ན ཡང་ན་ མི་སྡེ་གཉིས་ཀྱི་གི་བར་ན་ ཆུ་དང་འབྲེལ་བའི་ཉོག་ འཛིང་འཐོན་པའི་སྐབས་ འབྲེལ་ཡོད་རྒཔོ་ཚུ་དང་ ཆུ་སྤྱོད་ཚོགས་པའི་ཁྲི་འཛིན་ཚུ་གིས་ མཐུན་འབྲེལ་གྱི་འདུམ་འགྲིགས་ འབད་ནི་ལུ་ ཕན་གྲོགས་འབད་དགོ་པའི་ཁར་ འདུམ་འགྲིགས་འབད་མ་ཚུགས་པའི་སྐབས་ ཉོག་འཛིང་དེ་ རྫོང་ཁག་བདག་ སྐྱོང་ལུ་མཐོ་གཏུགས་འབད་ཆོག། རྫོང་ཁག་སོ་སོའི་མི་སྡེའི་བར་ནའི་ཉོག་འཛིང་། 136. རྫོང་ཁག་སོ་སོའི་མི་སྡེ་ཚུ་གི་བར་ན་ ཡང་ན་ མི་སྡེ་གཉིས་ཀྱི་བར་ན་ ཆུ་དང་འབྲེལ་བའི་ཉོག་འཛིང་འཐོན་པའི་སྐབས་ འབྲེལ་ ཡོད་རྫོང་ཁག་ཚོགས་འདུ་ཚུ་གིས་ རྫོང་ཁག་བདག་སྐྱོང་ཅིག་ནང་ཉོག་འཛིང་ཐོ་བཀོད་འབད་བའི་ཚེས་གྲངས་ལས་ ཉིན་ གྲངས་སུམ་ཅུ (༣༠) འི་ནང་འཁོད་ དམིགས་བསལ་དུ་དེ་བཟུམ་མའི་ཉོག་འཛིང་བསེལ་ནིའི་དོན་ལུ་ རང་སོའི་ཁྲི་འཛིན་ གྱིས་སྦེ་ རྫོང་ཁག་ཚོགས་འདུ་རེ་རེ་ལས་ འཐུས་མི་གསུམ་ལས་མ་ཉུངམ་སྦེ་བསྐོ་བཞག་འབད་བཞིནམ་ལས ཉོག་འཛིང་ སེལ་ཐབས་ཚོགས་ཆུང་གཞི་བཙུགས་འགོ་འདྲེན་འཐབ་དགོ། 137. ཉོག་འཛིང་སེལ་ཐབས་ཚོགས་ཆུང་གི་གྲོས་ཆོད་ལུ་བརྟེན་ ཉམས་རྒུད་བྱུང་བའི་མི་ངོ་ ཡང་ན་ མི་སྡེ་དེ་གིས་ ཉོག་འཛིང་དེའི་ རྒྱུ་རྐྱེན་འཐོན་སའི་དབང་ཁྱབ་ཅན་གྱི་ཁྲིམས་ཀྱི་འདུན་ལུ་ བཤེར་ཡིག་ཕུལ་ཆོག། ལྷན་ཚོགས་ལུ་མཐོ་གཏུགས། 138. ཆུ་དང་འབྲེལ་བའི་གནད་དོན་སྐོར་ལས་ གོང་གསལ་དོན་ཚན་དེ་གིས་འགབ་མ་ཚུགས་པ་ ཡང་ན་ དབང་འཛིན་ཚུ་གི་བར་ ན་ ཆུའི་སྐོར་ལས་བྱ་སྟབས་བདེ་མིན་གྱི་རྩོད་ཉོག་འཐོན་པ་ཅིན་ ལྷན་ཚོགས་ལུ་མཐོ་གཏུགས་འབད་ཆོག་པའི་ཁར་ མཐོ་ གཏུགས་འབྱོར་བའི་ཚེས་གྲངས་ལས་ སྒྲིག་གཡོག་གི་ཉིན་གྲངས་སུམ་ཅུ་སོ་ལྔ (༣༥) འི་ནང་འཁོད་ ལྷན་ཚོགས་དེ་གིས་ སྙན་གསན་ཐོག་ལས་གྲོས་ཐག་གཅད་དགོ། CHAPTER XI Offences and Penalties Offences 139. A violation or infringement of any of the obligations set forth under the Act and this Regulation shall constitute an offence. Administrative Sanctions 140. The Commission/Secretariat and the Competent Authorities may impose administrative sanctions to persons for any violation of the provisions of the Water Act or this Regulation. The administrative sanctions may comprise of one or more of the following: (a) Order offender with specified terms to come into compliance; (b) Order to take mitigating, corrective or restorative measures as may be deemed necessary to prevent further damage being caused to human health and/ or environment; (c) Payment of a fine not exceeding twelve man-months of the national minimum wage; (d) Reimbursement of any costs incurred by an Authority due to offenders’ failure to take the notified measures in time; (e) Payment of compensatory costs for rectifying any damage to the environment, persons or property caused by the offence; (f ) Suspension or revocation of environmental clearance or permit; (g) A fine equivalent to ten man-months as per the national minimum wage per day in the event of the offence being continued after stop order, till the day such offence is discontinued; The Water Regulation of Bhutan 2014 42 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༤༢ ལེའུ་བཅུ་གཅིག་པ། གནོད་འགེལ་དང་ཉེས་ཆད། གནོད་འགེལ། 139. བཅའ་ཁྲིམས་དང་ སྒྲིག་གཞི་ནང་བཀོད་དེ་ཡོད་པའི་འགན་འཁྲི་གང་རུང་ལས་འགལ་བའམ་ ཁྲིམས་འགལ་འབད་བ་ཅིན་ གནོད་འགེལ་ཅིག་གི་གྲངས་སུ་བརྩི་དགོ། བདག་སྐྱོང་གི་ཉེས་བྱ། 140. ལྷན་ཚོགས་/ལྷན་ཚོགས་ཡིག་ཚང་དང་ ཚད་ལྡན་དབང་འཛིན་ཚུ་གིས་ ཆུའི་བཅའ་ཁྲིམས་ ཡང་ན་སྒྲིག་གཞི་འདིའི་དགོངས་ དོན་ཚུ་ལས་འགལ་མི་ མི་ངོམ་ཚུ་ལུ་བདག་སྐྱོང་གི་ཉེས་བྱ་ཚུ་ བཀལ་ཆོག། བདག་སྐྱོང་གི་ཉེས་བྱའི་གྲངས་སུ་ གཤམ་ གསལ་ལས་གཅིག་ ཡང་ན་ དེ་ལས་ལྷག་སྟེ་ཚུདཔ་ཨིནཿ ཀ) ཁྲིམས་འགལ་འབད་མི་དེ་གིས་ ལག་ལེན་ལུགས་མཐུན་ཐོག་འཐབ་དགོ་པའི་ དང་ལེན་ཁ་གསལ་གྱི་བཀའ་རྒྱ་དང་། ཁ) མིའི་འཕྲོད་བསྟེན་དང་ ཡང་ན་ མཐའ་འཁོར་ལུ་གནོད་སྐྱོན་ཐེབས་འབྱུང་ནི་ལས་སྔོན་འགོག་འབད་ཐབས་ལུ་ མཁོ་ གལ་ཅན་སྦེ་མཐོང་བའི་ མར་ཕབ་དང་ ལེགས་བཅོས་ ཡང་ན་ ཉམས་བཅོས་ཀྱི་ཐབས་ཤེས་འབད་དགོ་པའི་བཀའ་རྒྱ། ག) ཟླ་ངོ་༡༢ཀྱི་ རྒྱལ་ཡོངས་ཉུང་མཐའི་གླ་ཚད་ལས་མ་བརྒལ་བའི་ ཉེས་ཆད་ཅིག་སྤྲོད་དགོཔ། ང་) གནོད་འགེལ་པ་དེ་གིས་ གསལ་བསྒྲགས་འབད་བའི་ཐབས་ལམ་ཚུ་ དུས་ཚོད་ལུ་མ་འབད་མི་ལུ་བརྟེན་ཏེ་ ཚད་ ལྡན་དབང་འཛིན་གྱི་ཁ་ཐུག་ལས་ ཟད་འགྲོ་བཏང་དགོཔ་ཐོན་མི་གི་ རིན་དངུལ་ལོག་སྤྲོད་ནི། ཅ) གནོད་འགེལ་དེ་ལུ་བརྟེན་ཏེ་ མཐའ་འཁོར་དང་ མི་ངོ་ ཡང་ན་ རྒྱུ་དངོས་ཚུ་ལུ་གནོད་སྐྱོན་བྱུང་མི་ ལེགས་བཅོས་ཀྱི་ དོན་ལུ་ རྒུད་འཐུས་ཀྱི་རིན་དངུལ་སྤྲོད་ནི། ཆ) མཐའ་འཁོར་གནས་སྟངས་ཉོགས་མེད་ཀྱི་གནང་བ་ ཡང་ན་ ཆོག་ཐམ་ མཚམས་འཇོག་འབད་ནི་ ཡང་ན་ ཆ་མེད་གཏང་ནི། ཇ) གལ་སྲིད་ བཀག་ཆའི་བཀའ་རྒྱ་བྱིན་ཚར་བའི་ཤུལ་ལུ་ཡང་ གནོད་འགེལ་འཕྲོ་མཐུད་དེ་རང་འབད་བ་ཅིན་ དེ་ལུ་ ཉེས་བྱ་ གནོད་འགེལ་དེ་རྒྱུན་མ་བཅད་ཚུན་ཚོད་ཀྱི་རིང་ལུ་ ཉིན་བསྟར་བཞིན་དུ་ རྒྱལ་ཡོངས་ཉུང་མཐའི་གླ་ཆའི་ ཚད་གཞི་ཐོག་ ཟླ་ངོ་༡༠ གྱི་གླ་ཆ་དང་འདྲ་མཉམ་གྱི་ཉེས་ཆད་ཕོག། (h) Failure to comply with the stop order, an activity shall be shut down without compensation; Enforcement of Administrative Sanctions 141. The Heads of the Competent Authorities designated under this Regulation are empowered to enforce administrative sanctions under this Regulation. Penalty Assessment 142. While determining administrative sanctions under this Regulation, concerned Competent Authorities will consider the following elements: (a) The magnitude of the offence; (b) The frequency of the offence; (c) Actual or potential impact on the environment and human health; (d) The culpability of the offender; (e) The extent of the achieved or intended economic advantage from the offence; and (f ) The need to deter future violations of the Act and Regulations. Offence of Felony 143. A person : (a) Endangering a public water source resulting in an epidemic, death or serious public hazard shall be guilty of an offence of felony of first degree and shall be liable to be sentenced in accordance with the Penal Code of Bhutan. The Water Regulation of Bhutan 2014 43 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༤༣ ཉ) བཀག་ཆའི་བཀོད་རྒྱ་ལུ་གནས་མ་བཏུབ་པའི་སྐབས་ ལས་སྣ་ག་ཅི་རང་ཨིན་རུང་ རྒུད་འཐུས་ག་ནི་ཡང་མེད་པར་ སྒོ་བསྡམ་ནི། བདག་སྐྱོང་གི་ཉེས་བྱ་བསྟར་སྤྱོད། 141. སྒྲིག་གཞི་འདིའི་འོག་ལུ་ངོས་འཛིན་གྲུབ་པའི་ ཚད་ལྡན་དབང་འཛིན་ཚུ་གི་འགོ་འཛིན་ཚུ་གིས་ སྒྲིག་གཞི་འདི་ནང་བཀོད་ པའི་ བདག་སྐྱོང་གི་ཉེས་བྱ་ཚུ་ བསྟར་སྤྱོད་འཐབ་ནིའི་དབང་ཚད་ཡོད། ཉེས་ཆད་བརྟག་ཞིབ། 142. སྒྲིག་གཞི་འདི་ནང་ཡོད་པའི་བདག་སྐྱོང་གི་ཉེས་ཆད་ཚུའི་ཐག་གཅད་སྐབས་ འབྲེལ་ཡོད་ཚད་ལྡན་དབང་འཛིན་ཚུ་གིས་ གཤམ་གསལ་གྱི་གནད་དོན་ཚུ་ལུ་ བརྩི་འཇོག་འབད་དགོཿ ཀ) གནོད་འགེལ་གྱི་ཚབས་ཆེ་ཆུང། ཁ) གནོད་འགེལ་གྱི་དུས་ཐེངས། ག) མཐའ་འཁོར་དང་ འགྲོ་བ་མིའི་འཕྲོད་བསྟེན་ལུ་ གནོད་སྐྱོན་ངོ་མའམ་ འབྱུང་སྲིད་པའི་གནོད་ཉེན། ང་) གནོད་འགེལ་བ་དེའི་ཉེས་འཁྲི། ཅ) གནོད་འགེལ་དེ་ལུ་བརྟེན་ཏེ་ དཔལ་འབྱོར་གྱི་ཁེ་ཕན་ཐོབ་ཡོད་པའམ་ འཐོབ་ནིའི་རེ་འདོད་ཆེ་ཆུང་དང་། ཆ) མ་འོངས་པར་ བཅའ་ཁྲིམས་དང་ སྒྲིག་གཞི་གི་དགོངས་དོན་ཚུ་ལས་འགལ་ནི་ལས་ བཀག་ཐབས་ འབད་དགོཔ་ཡོད་མེད། ཉེས་ཆེན་གྱི་གནོད་འགེལ། 143. མི་ངོ་ཅིག་གིསཿ ཀ) མི་མང་གི་ ཆུའི་འབྱུང་ཁུངས་ཅིག་ལུ་ གནོདཔ་བཀལ་མི་ལུ་བརྟེན་ཏེ་ ནད་ཡམ་དང་ འཆི་རྐྱེན་ ཡང་ན་ མི་ མང་ལུ་ཚབས་ཆེན་ཉེན་ཁ་འབྱུང་པ་ཅིན་ དབྱེ་རིམ་དང་པའི་ཉེས་ཆེན་གནོད་འགེལ་གྱི་ཉེས་སྐྱོན་གྲངས་སུ་བརྩི་ ཞིནམ་ལས་ མི་ངོ་དེ་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་བའི་ བཙོན་ཁྲིམས་སྨིན་དགོ། (b) Endangering a public water source resulting into injury to human health and damage to the environment shall be guilty of felony of second degree and shall be liable to be sentenced in accordance with the Penal Code of Bhutan. (c) Endangering a public water source by creating substantial risk of serious physical injury to the public shall be guilty of the offence of felony of third degree and shall be liable to be sentenced in accordance with the Penal Code of Bhutan. (d) Committing any of the following acts will be guilty of the offence of fourth degree felony and shall be liable to be sentenced in accordance with the Penal Code of Bhutan: (1) Abstracts water resource without obtaining Environmental Clearance; (2) Discharges effluents without obtaining Environmental Clearance; (3) Activities in contravention with the provisions of Section 45(a) and (b) of the Act; and (4) Other illegal activities leading to degradation of watershed and catchment areas. Offence of misdemeanour 144. A person committing any of the following acts shall be guilty of an offence of misdemeanor and shall be liable to be sentenced in accordance with Penal Code of Bhutan: (a) Endangerment of public water source; (b) Failure to comply with the terms and conditions of an Environmental Clearance; (c) Failure to comply with administrative sanctions; and (d) Vandalism and destruction of water supply infrastructure. The Water Regulation of Bhutan 2014 44 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༤༤ ཁ) མི་མང་གི་ ཆུའི་འབྱུང་ཁུངས་ཅིག་ལུ་ གནོདཔ་བཀལ་མི་ལུ་བརྟེན་ཏེ་ མི་གི་གསོ་བའི་འཕྲོད་བསྟེན་ལུ་གནོད་ ཉེན་དང་ མཐའ་འཁོར་གནོད་པ་འབྱུང་པ་ཅིན་ མི་ངོ་དེ་ལུ་ དབྱེ་རིམ་གཉིས་པའི་ཉེས་ཆེན་གནོད་འགེལ་གྱི་ཉེས་ སྐྱོན་གྲངས་སུ་བརྩི་ཞིནམ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་བའི་ བཙོན་ཁྲིམས་སྨིན་དགོ། ག) མི་མང་གི་ ཆུའི་འབྱུང་ཁུངས་ཅིག་ལུ་ གནོདཔ་བཀལ་མི་ལུ་བརྟེན་ མི་མང་གི་གཟུགས་ཁམས་ལུ་ ཚབས་ཆེན་ གནོད་སྐྱོན་གྱི་ ཉེན་ཁ་བཀལ་མི་ མི་ངོ་དེ་ལུ་ དབྱེ་རིམ་གསུམ་པའི་ཉེས་ཆེན་གནོད་འགེལ་གྱི་ཉེས་སྐྱོན་གྲངས་ སུ་བརྩི་ཞིནམ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་བའི་ བཙོན་ཁྲིམས་སྨིན་དགོ། ང་) གཤམ་གསལ་གྱི་བྱ་བ་གང་རུང་འཐབ་མི་ མི་ངོ་དེ་ལུ་ དབྱེ་རིམ་བཞི་པའི་ཉེས་ཆེན་གནོད་འགེལ་གྱི་ཉེས་སྐྱོན་ གྲངས་སུ་བརྩི་ཞིནམ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་བའི་ བཙོན་ཁྲིམས་སྨིན་དགོཔ་འདི་ ཡངཿ (༡) མཐའ་འཁོར་གནས་སྟངས་ཀྱི་ཉོག་མེད་གནང་བ་མ་ལེན་པར་ ཆུའི་ཐོན་ཁུངས་བཏོན་པ། (༢) མཐའ་འཁོར་གནས་སྟངས་ཀྱི་ཉོག་མེད་གནང་བ་མ་ལེན་པར་ བཙོག་ཆུ་བཏང་བ། (༣) བཅའ་ཁྲིམས་གྱི་དོན་ཚན་ ༤༥ པའི་ (ཀ) དང་ (ཁ) ལས་འགལ་བའི་ལས་སྣ། (༤) ཆུ་འཐོན་ས་ཁོངས་དང་ ཆུ་འཛིན་ས་ཁོངས་ཚུ་ ཉམས་ཆག་གཏང་ནིའི་ བྱ་བ་གཞན་འཐབ་པ་ཚུ་ཨིན། ཉེས་ཕྲའི་གནོད་འགེལ། ༡༤༤. མི་ངོ་ཅིག་གིས་ གཤམ་གསལ་གྱི་བྱ་བ་གང་རུང་ཅིག་འཐབ་པ་ཅིན་ མི་ངོ་དེ་ལུ་ ཉེས་ཕྲའི་གནོད་འགེལ་གྱི་ཉེས་སྐྱོན་ གྲངས་སུ་བརྩི་ཞིནམ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ཏེ་ བཙོན་ཁྲིམས་སྨིན་དགོཔ་དེ་ཡངཿ ཀ) མི་མང་གི་ཆུ་རྐ་ཅིག་ལུ་ཉེན་འཚུབ་བཀལ་བ་དང་། ཁ) མཐའ་འཁོར་གནས་སྟངས་ཀྱི་ཉོག་མེད་གནང་བའི་ ཁ་ཚིག་དང་གནས་ཚིག་ལུ་མ་གནས་པ། ག) བདག་སྐྱོང་གི་ཉེས་བྱ་ཚུ་ལུ་མ་གནས་པ། ང་) ཆུའི་བཀྲམ་སྤེལ་གཞི་རྟེན་མཁོ་ཆས་ལུ་གནོདཔ་བཀལ་བ་དང་ མེདཔ་བཏང་བ། Offence of petty misdemeanour 145. A person committing any of the following acts will be guilty of an offence of petty misdemeanor and shall be liable to be sentenced in accordance with the Penal Code of Bhutan: (a) Providing a false or misleading information; (b) Failure to extend the necessary cooperation to a person in execution of authorized duties or obstructs any person in the exercise of powers and authority conferred on him under the Act and this Regulation; and (c) Failure to maintain records and registers required by the provisions of the Act and this Regulation. CHAPTER XII Miscellaneous Provision Offence Reporting Procedure 146. A person with knowledge of or witnessing violations of the Water Act or this Regulation has the right and duty to report the same in writing to the Secretariat, relevant Competent Authorities or Police, as may be applicable. 147. The Secretariat or the concerned Competent Authority shall have the responsibility to investigate the complaint to the extent feasible and take necessary action. Waste Disposal in Water Bodies 148. Issues relating disposal of waste into water bodies or disposing of it in such a way that it consequently finds its way into the water bodies will be dealt as per the provisions of Waste Prevention and Management Act and its Regulation. The Water Regulation of Bhutan 2014 45 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༤༥ ཉེས་པ་ཡང་ཕྲའི་གནོད་འགེལ། 145. མི་ངོ་ཅིག་གིས་ གཤམ་གསལ་གྱི་བྱ་བ་གང་རུང་འཐབ་པ་ཅིན་ མི་ངོ་དེ་ལུ་ ཉེས་པ་ཡང་ཕྲའི་གནོད་འགེལ་གྱི་ཉེས་སྐྱོན་ གྲངས་སུ་བརྩི་ཞིནམ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ཏེ་ བཙོན་ཁྲིམས་སྨིན་དགོཔ་དེ་ཡངཿ ཀ) རྫུན་ཞུགས་ ཡང་ན་ མགུ་སྐོར་གྱི་བརྡ་དོན་སྤྲོད་པ། ཁ) མི་ངོ་ཅིག་ལུ་ བཅའ་ཁྲིམས་དང་ སྒྲིག་གཞི་འདིའི་འོག་ལུ་སྤྲོད་པའི་ གནང་བ་ཅན་གྱི་ སྒྲིག་གཡོག་རྐྱབ་ནི་ ལུ་ དགོས་མཁོ་ཡོད་པའི་ མཉམ་འབྲེལ་མ་འབད་བ་ ཡང་ན་ དབང་ཚད་དང་ དབང་ཆ་བསྟར་སྤྱོད་འབད་ནི་ལུ་ བཀག་ཆ་འབད་བ། ག) བཅའ་ཁྲིམས་དང་ སྒྲིག་གཞི་འདིའི་དགོངས་དོན་ལྟར་དུ་ མཁོ་བའི་དྲན་ཐོ་དང་ ཐོ་དེབ་ཚུ་རྒྱུན་སྐྱོང་མ་འབད་བ། ལེའུ་བཅུ་གཉིས་པ། སྣ་ཚོགས་དགོངས་དོན། གནོད་འགེལ་སྙན་ཞུའི་རིམ་པ། 146. མི་ངོ་ཅིག་གིས་ བཅའ་ཁྲིམས་དང་ སྒྲིག་གཞི་འདི་ནང་བཀོད་པའི་དགོངས་དོན་ལས་འགེལ་བ་ ཤེས་པ་ ཡང་ན་ མཐོང་པ་ ཅིན་ གནོད་འགེལ་དེའི་སྐོར་ལས་ འོས་འབབ་དང་བསྟུན་ ལྷན་ཚོགས་ཡིག་ཚང་ འབྲེལ་ཡོད་ཚད་ལྡན་དབང་འཛིན་ ཡང་ ན་ འགག་སྡེ་ལུ་ ཡིག་ཐོག་ལུ་སྦེ་ ཉོགས་བཤད་བཀོད་ནིའི་ ཐོབ་དབང་ཡོདཔ་མ་ཚད་ འགན་ཁུར་ཕོགཔ་ཨིན། 147. ལྷན་ཚོགས་ཡིག་ཚང་ ཡང་ན་ འབྲེལ་ཡོད་ཚད་ལྡན་དབང་འཛིན་གྱིས་ ཉོགས་བཤད་དེ་ཚུ་ ག་དེ་དྲག་དྲག་ ཞིབ་དཔྱད་ འབད་དེ་ ཉེ་བར་མཁོ་བའི་ དང་ལེན་འབད་ནིའི་ འགན་ཁག་ཕོག། ཆུ་གཞུང་ཚུ་ནང་ ཕྱག་སྙིགས་བཀོ་ནི་ཚུ། 148. ཆུ་གཞུང་ཚུ་ནང་ཕྱག་སྙིགས་བཀོ་ནི་ ཡང་ན་ ས་གནས་གཞན་ཁར་ཕྱག་སྙིགས་བཀོཝ་ལས་བརྟེན་ཏེ་ ཕྱག་སྙིགས་ཚུ་ ཆུ་ གཞུང་ཚུ་ནང་འཛུལ་བའི་གནད་དོན་ཚུ་ ཕྱག་སྙིགས་སྔོན་འགོག་དང་འཛིན་སྐྱོང་བཅའ་ཁྲིམས་དང་ དེའི་སྒྲིག་གཞི་གི་ དགོངས་དོན་དང་འཁྲིལ་ཏེ་ འབྲེལ་བ་འཐབ་དགོ། Revision 149. In keeping with the changing needs, the Secretariat, in consultation with Competent Authorities and other relevant agencies, may review and revise this Regulation from time to time. Interpretation 150. In any instance of a difference in the meaning between the Dzongkha and English texts of this Regulation, each text shall be regarded as equally authoritative and authorities shall reconcile the two texts. Definitions 151. In this Regulation, unless the context otherwise requires: (1) Association- means a Water Users’ Association formed as per the Water Act. (2) Authority- means competent authorities and agencies designated to carry out functions under the Water Act and this Regulation. (3) Commercial use- means any use or abstraction of water intended for generating monetary gains by sale or trading goods or products as may be classified by a permit issuing authority. (4) Commission- means the National Environment Commission. (5) Competent Authority- means the Ministries, Agencies, Local Authorities, committees, CSOs or any other entity as may be designated by the Commission as a competent authority. (6) Conflict of interest- means a situation where a sitting member of Competent Authority who is a family member, relative, employer, employee, dependent or a known business partner, well known close friend or adversary of a party whose water related dispute is being addressed by that competent authority. The Water Regulation of Bhutan 2014 46 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༤༦ བསྒྱུར་བཅོས། 149. འཕོ་འགྱུར་གྱི་དགོས་མཁོ་དང་བསྟུན་ ལྷན་ཚོགས་ཡིག་ཚང་དེ་གིས་ ཚད་ལྡན་དབང་འཛིན་ཚུ་དང་ འབྲེལ་ཡོད་ལས་སྡེ་ གཞན་ཚུ་དང་གྲོས་བསྟུན་ཐོག་ལུ་ སྒྲིག་གཞི་འདི་ དུས་དང་དུས་ཚོད་ལུ་ བསྐྱར་ཞིབ་དང་བསྒྱུར་བཅོས་འབད་ཆོག། དོན་འགྲེལ། 150. སྒྲིག་གཞི་འདིའི་རྫོང་ཁ་དང་དབྱིན་སྐད་གཉིས་ཀྱི་བར་ན་གོ་དོན་མ་འདྲ་བའི་གནད་རེ་ཐོན་ཚེ་ ཚིག་དོན་གཉིས་ཆ་ར་ལུ་ དབང་ཚད་འདྲ་མཉམ་གྱི་བརྩི་འཇོག་འབད་དགོཔ་དང་ དབང་འཛིན་ཚུ་གིས་ ཚིག་དོན་གཉིས་འགྲིགས་འཇགས་འབད་ དགོཔ་ཨིན། ངེས་ཚིག། 151. སྐབས་དོན་སོ་སོ་ཡོད་ན་མ་གཏོགས་ དེ་མིན་བཅའ་ཁྲིམས་འདི་ནངཿ (༡) ཚོགས་པ་ ཟེར་མི་འདི་ ཆུའི་བཅའ་ཁྲིམས་དང་འཁྲིལ་ཏེ་གཞི་བཙུགས་འབད་བའི་ཆུ་སྤྱོད་ཚོགས་པ་ལུ་གོ། (༢) དབང་འཛིན་ ཟེར་མི་འདི་ ཆུའི་བཅའ་ཁྲིམས་དང་སྒྲིག་གཞི་འདི་དང་འཁྲིལ་ རང་སོའི་ལཱ་འགན་སྒྲུབ་ཐབས་ ཀྱི་ ངོས་འཛིན་འབད་བའི་ཚད་ལྡན་དབང་འཛིན་དང་ ལས་སྡེ་ཚུ་ལུ་གོ། (༣) ཚོང་འབྲེལ་ལག་ལེན་ ཟེར་མི་འདི་ ཚོང་བསྒྱུར་ཡང་ན་ ཅ་དངོས་ཡང་ན་ ཐོན་དངོས་ཉོ་ཚོང་ཐོག་ལུ་ ཆོག་ ཐམ་སྤྲོད་མི་འབྲེལ་ཡོད་དབང་འཛིན་དེ་གིས་དབྱེ་ཁག་དཔྱད་ཡོདཔ་བཞིན་དུ་ དངུལ་འབྲེལ་གྱི་ཁེ་འབབ་སྒྲུབ་ ཐབས་ལུ་ ཆུ་བཏོན་ ཡང་ན་ ཆུ་སྤྱོད་པ་ལུ་གོ། (༤) ལྷན་ཚོགས་ ཟེར་མི་འདི་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ལུ་གོ། (༥) ཚད་ལྡན་དབང་འཛིན་ ཟེར་མི་འདི་ རང་གི་བྱ་སྒོ་ཚུ་འཐབ་ནིའི་དོན་ལུ་ ལྷན་ཚོགས་ཀྱིས་ཚད་ལྡན་དབང་ འཛིན་སྦེ་ཐག་བཅད་མི་ལྷན་ཁག་ ཡང་ན་ ལས་སྡེ་ ས་གནས་དབང་འཛིན་ ཚོགས་ཆུང་ མི་སྡེ་ལས་ཚོགས་ དེ་ ལས་གཞན་ལས་སྡེ་གང་རུང་ལུ་གོ། (༦) ཁེ་ཕན་ལྟག་སྤྲད་ ཟེར་མི་འདི་ ཚད་ལྡན་དབང་འཛིན་དེའི་ཆུ་དང་འབྲེལ་བའི་རྩོད་ཉོག་གྲོས་ཐག་བཅད་ནི་ ཨིན་པའི་ མཐུས་མི་གཅིག་ རྩ་བོ་ཚུ་གི་བཟའ་ཚང་ནང་མི་ ཉེ་ཚན་ ལས་གཡོགཔ་ ལ་གཡོག་སྤྲོད་མི་ གཅིག་ གིས་གཅིག་ལུ་བརྟེན་སྡོད་མི་ ཚོང་ལཱ་མཉམ་རོགས་པ་ ཆ་རོགས་མཐུན་ཤོས་ ཡང་ན་ རྩ་བོ་གཅིག་གི་བྱང་ཕྱད་ ཅིག་ཨིན་པའི་གནས་སྟངས་ལུ་གོ། (7) Domestic use- means the household use of water for drinking, cooking, washing, watering of household garden and domestic animal use. (8) Eco-efficient water infrastructure- means an integrated water supply system that progressively reduces ecological impacts and resource intensity in the life cycle of its services and carrying capacity. (9) Environmental Clearance- means the decision issued in writing by the Secretariat or Competent Authority under the Environment Assessment Act of Bhutan to commence implementation of project, which includes terms and conditions to ensure that the project is managed in an environmentally sound and sustainable way. (10) Environmental Standard- means any standard, norms, guidelines and codes of best practices that may be attached with the development consent. (11) Forest- means forest as defined by Forest and Nature Conservation Act of Bhutan. (12) Groundwater- means any water located or found beneath the earth’s surface in soil pore spaces and in the fractures of rock formations which are called aquifers. (13) Infrastructure- means physical elements made or used for the purpose of storage, control, protection and conveyance of water. (14) Integrated Water Resources Management- means a process that promotes coordinated development and management of water resources to maximize the economic and social welfare in an equitable manner without compromising the sustainability of the vital ecosystem. (15) Irrigation- means the process of using water on land for cultivating crops that need a relatively higher volume of water for their growth. (16) Letter of consent- means a permission issued by an existing user or association for the purpose of using water from an existing facility. The Water Regulation of Bhutan 2014 47 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༤༧ (༧) ཁྱིམ་ནང་གི་བེད་སྤྱོད་ ཟེར་མི་འདི་ ཁྱིམ་ནང་ལུ་ འཐུང་ནི་དང་ བཞེས་སྒོ་འབད་ནི་ ཆུ་འཁྱུ་ནི་ ཚོད་བསྲེ་ལྡུམ་ ར་ནང་བླུགས་ནི་ སྒོ་ནོར་སེམས་ཅན་ལུ་བྱིན་ནིའི་ཆུ་ལུ་གོ། (༨) སྣོད་བཅུད་ཕན་ནུས་ཀྱི་ཆུའི་གཞི་རྟེན་མཁོ་ཆས་ ཟེར་མི་འདི་ གཅིག་བསྒྲིལ་གྱི་ཆུ་བཀྲམ་རིམ་ ལུགས་ཀྱི་ཞབས་ཏོག་ དང་ སྐྱེལ་འདྲེན་གྱི་འབྱུང་རིམ་ཚུ་ལུ་ སྐྱེ་དངོས་ལུ་གནོད་སྐྱོན་དང་ འཐོན་ཁུངས་ཚུ་གི་ དགོས་མཁོ་ཚུ་ རིམ་གྱིས་སྦེ་མར་ཕབ་གཏང་མི་དེ་ལུ་གོ། (༩) མཐའ་འཁོར་གནས་སྟངས་ཀྱི་ཉོག་མེད་གནང་བ་ ཟེར་མི་འདི་ ལྷན་ཚོགས་ཡིག་ཚང་ ཡང་ན་ ཚད་ ལྡན་དབང་འཛིན་ཅིག་གིས་ འབྲུག་གི་མཐའ་འཁོར་བརྟག་ཞིབ་བཅའ་ཁྲིམས་ནང་གསལ་ལྟར་ ལས་འགུལ་གྱི་ ལས་དོན་ཚུ་ མཐའ་འཁོར་ལུ་གནོད་པ་མེད་པར་ ཡུན་བརྟན་གྱི་ཐོག་ལས་འཛིན་སྐྱོང་འཐབ་ཡོདཔ་ངེས་གཏན་ བཟོ་ནི་གི་གནད་དོན་ཚུ་བཙུགས་ཏེ་ལས་འགུལ་ལག་ལེན་འགོ་བཙུགས་ནིའི་དོན་ལུ་ ཡིག་ཐོག་ལུ་སྤྲོད་པའི་ གྲོས་ཆོད་ལུ་གོ། (༡༠) མཐའ་འཁོར་གྱི་གནས་ཚད་ ཟེར་མི་འདི་ གོང་འཕེལ་གྱི་གནང་བ་དང་སྦྲགས་ཏེ་ གནས་ཚད་ ཐབས་ ལམ་ ལམ་སྟོན་དང་ ལག་ལེན་སྒྲིག་ལུགས་ལེགས་ཤོས་ཚུ་ལུ་གོ། (༡༡) ནགས་ཚལ་ ཟེར་མི་འདི་ འབྲུག་གི་ནགས་ཚལ་དང་ རང་བཞིན་ཉམས་སྲུང་གི་བཅའ་ཁྲིམས་ནང་གསལ་ ལྟར་གྱི་ ནགས་ཚལ་ལུ་གོ། (༡༢) ས་འོག་གི་ཆུ་ ཟེར་མི་འདི་ ས་མིག་དང་ རྡོ་འགས་པའི་ དོང་ཅུང་ཚུ་ནང་ལས་ཕར་ཆགས་པའི་ས་འོག་གི་ཆུ་ ལུ་གོ། (༡༣) གཞི་རྟེན་མཁོ་ཆས་ ཟེར་མི་འདི་ ཆུ་མཛོད་ནི་ ཚད་འཛིན་འབད་ནི་ སྲུང་སྐྱོབ་འབད་ནི་ སྐྱེལ་འདྲེན་གྱི་དོན་ལུ་ བཟོ་བསྐྲུན་འབད་བའི་ ཡང་ན་ ལག་ལེན་འཐབ་པའི་ཆ་ཤས་ཚུ་ལུ་གོ། (༡༤) ཆུའི་ཐོན་ཁུངས་གཅིག་བསྒྲིལ་འཛིན་སྐྱོང་ ཟེར་མི་འདི་ མེད་ཐབས་མེད་པའི་ སྣོད་བཅུད་རིམ་ལུགས་ ཀྱི་ ཡུན་བརྟན་ལུ་མ་གནོད་པར་ དཔལ་འབྱོར་དང་མི་སྡེའི་ཕན་བདེ་ འདྲ་མཉམ་ཐོག་ལུ་ ཡར་སྤེལ་གཏང་ནི་ལུ་ ཆུའི་ཐོན་ཁུངས་ཚུ་ མཉམ་འབྲེལ་ལྡན་པའི་ གོང་འཕེལ་དང་འཛིན་སྐྱོང་ ཡར་དྲག་གཏང་ནི་ལུ་གོ། (༡༥) ཞིང་ཆུ་ ཟེར་མི་འདི་ ལོ་ཐོག་ཡར་སྐྱེད་ཀྱི་དོན་ལུ་ གཞན་དང་ཕྱདཔ་ད་ ཆུའི་འབོར་ཚད་མཐོ་དྲགས་སྦེ་དགོ་པའི་ ལོ་ཐོག་གི་དོན་ལུ་ ས་ཞིང་ནང་སྤྱོད་པའི་ཆུ་ལུ་གོ། (༡༦) ངོས་ལེན་ཡི་གུ་ ཟེར་མི་འདི་ ད་རེས་ཡོད་པའི་མཐུན་རྐྱེན་ཅིག་ལས་ ཆུའི་བེད་སྤྱོད་དོན་ལུ་ ཚོགས་པ་ ཡང་ན་ ཆུ་སྤྱོད་མི་ཚུ་གིས་སྤྲོད་པའི་ཡིག་ཐོག་གི་གནང་བ་ལུ་གོ། (17) Permit- means an approval issued by an authority to abstract or use water from a source. However, such a permit issued by an authority shall be construed as its no objection when a proposed project, that requires abstraction or use of water from a source, is subject to Environmental Clearance. (18) Person- means any individual or legal entity or agency whether registered or not registered under the Companies Act of Bhutan. (19) Premises- means a land or building including its boundaries together considered as a property or a tract of land registered in the name of an individual, group or agency. (20) Regulation- means this Regulation adopted for the enforcement of the Water Act of Bhutan 2011. (21) River Basin Committee- means a committee established under Section 27 of the Water Act for the purpose of managing river water resources. (22) Routine maintenance- means activities such as clearing canals/pipes of vegetation and sediments, and repairing minor damages to canal embankments, gates and intake structures that can be performed by the beneficiaries without external assistance. (23) Royal Government- means the Royal Government of Bhutan. (24) Rural area- means areas other than Thromde. (25) Secretariat- means the Secretariat of the National Environment Commission. (26) Small scale irrigation schemes - means an irrigation system that supplies water to an area up to 50 acres or the length of the channel up to 2 kilometers provided that it does not traverse through any sensitive area or Protected Areas. The Water Regulation of Bhutan 2014 48 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༤༨ (༡༧) ཆོག་ཐམ་ ཟེར་མི་འདི་ ཆུ་རྐ་ཅིག་ལས་ ཆུའི་བེད་སྤྱོད་ ཡང་ན་ ཆུ་བཏོན་ནིའི་དོན་ལུ་ དབང་འཛིན་གྱིས་སྤྲོད་ པའི་གནང་བ་ལུ་གོ་ནི། ཨིན་རུང་ གྲོས་འཆར་ཐོག་ལུ་ཡོད་པའི་ལས་འགུལ་འདི་ མཐའ་འཁོར་གནས་སྟངས་ ཀྱི་ཉོག་མེད་གནང་བ་དགོ་མི་ཅིག་ཨིན་པ་ཅིན་ དབང་འཛིན་ཅིག་གིས་སྤྲོད་པའི་དེ་ལུགས་ཀྱི་ཆོག་ཐམ་འདི་ ཆུ་ རྐ་ཅིག་ལས་ཆུའི་བེད་སྤྱོད་ ཡང་ན་ ཆུ་བཏོན་ནིའི་དོན་ལུ་ དབང་འཛིན་གྱི་ཁ་ཐུག་ལས་ཉོག་མེད་བཟུམ་སྦེ་གོ་ དགོ། (༡༨) མི་ངོ་ ཟེར་མི་འདི་ མི་ངོ་གང་རུང་ ཡང་ན་ཁྲིམས་མཐུན་གྱི་ངོ་བོ་ དེ་ལས་འབྲུག་གི་ཚོང་སྡེའི་བཅའ་ཁྲིམས་འོག་ ལུ་ ཐོ་བཀོད་འབད་འབདཝ་ཨིན་རུང་མེན་རུང་ ལས་སྡེ་གང་རུང་ལུ་གོ། (༡༩) ས་ཁོངས་ ཟེར་མི་འདི་ ངོ་རྐྱང་ སྡེ་ཚན་ཡང་ན་ ལས་སྡེ་ཅིག་གི་མིང་ཐོག་ལུ་ ཐོ་བཀོད་འབད་བའི་རྒྱུ་དངོས་ ཡང་ན་ ས་ཞིང་གི་ཆ་ཤས་ཅིག་སྦེ་ བརྩི་འཇོག་འབད་བའི་ས་མཚམས་བཅས་པའི་སྒྲིང་ཁྱིམ་ ཡང་ན་ས་ཆ་ཚུ་ལུ་ གོ། (༢༠) སྒྲིག་གཞི་ ཟེར་མི་འདི་ འབྲུག་གི་ཆུའི་བཅའ་ཁྲིམས་བསྟར་སྤྱོད་འཐབ་ནི་གི་དོན་ལུ་ཆ་འཇོག་གྲུབ་པའི་སྒྲིག་ གཞི་འདི་ལུ་གོ། (༢༡) གཙང་ཆུའི་ཆུ་གཞོང་ཚོགས་ཆུང་ ཟེར་མི་འདི་ ཆུའི་བཅའ་ཁྲིམས་དོན་ཚན་༢༧ པའི་ནང་གསལ་ལྟར་ གཙང་ཆུའི་ཐོན་ཁུངས་འཛིན་སྐྱོང་འཐབ་ནི་གི་དོན་ལུ་ གཞི་བཙུགས་འབད་མི་ཚོགས་ཆུང་ལུ་གོ། (༢༢) དུས་རྒྱུན་ རྒྱུན་སྐྱོང་ ཟེར་མི་འདི་ཁེ་ཕན་སྤྱོད་མི་ཚུ་གིས་ གཞན་གྱི་གྲོགས་རམ་མེད་པར་འབད་ཚུགས་པའི་ གཡུར་བ་/ཆུ་དུང་ཚུ་ནང་ སྔོ་ཤིང་དང་ ཆུའི་གཤམ་ལུ་ཆགས་པའི་རག་རོ་ཚུ་སེལ་ནི་དང་ གཡུར་བའི་ཆུ་བྱག་ ཆུ་ སྒོ་ ནང་འདྲེན་གྱི་མཁོ་ཆས་ཚུ་ བཅོ་ཁ་རྐྱབ་ནིའི་ལས་སྣ་ཆུང་ཀུ་ཚུ་ལུ་གོ། (༢༣) རྒྱལ་གཞུང་ ཟེར་མི་འདི་ འབྲུག་གི་རྒྱལ་གཞུང་ལུ་གོ། (༢༤) གྲོང་གསེབ་ཀྱི་ས་ཁོངས་ ཟེར་མི་འདི་ ཁྲོམ་སྡེ་མ་ཡིན་པའི་ས་ཁོངས་གཞན་ལུ་གོ། (༢༥) ལྷན་ཚོགས་ཡིག་ཚང་ ཟེར་མི་འདི་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ཀྱི་ཡིག་ཚང་ལུ་གོ། (༢༦) ཚད་གཞི་ཆུང་བའི་ཞིང་ཆུའི་ལས་འཆར་ ཟེར་མི་འདི་ དྲན་པ་བཏོན་དགོ་པའི་ས་གོ་དང་ སྲུང་སྐྱོབ་འབད་ བའི་ས་ཁོངས་ནང་མ་བརྒྱུད་པར་ རྒྱ་ཚད་ཨེ་ཀར་༥༠ ཚུན་གྱི་ས་ཞིང་ ཡང་ན་ གཡུར་བ་ཀི་ལོ་མི་ཀྲར་༢ མན་ ཆད་ཀྱི་ ཆུ་བཀྲམ་སྤེལ་འབད་བའི་ཞིང་ཆུའི་རིམ་ལུགས་ལུ་གོ། (27) Small scale drinking water supply - means an abstraction of drinking water less than 10, 000 litres per day of freshwater, taken from ground or surface water sources, either permanently or temporarily, and conveyed to the place of use. (28) Surface collection- means collection of loose boulders, stones and gravels from riverbeds and land surfaces without using excavating machineries and explosives. However, it is inclusive of sand dredging from riverbeds using an excavator. (29) Traditional irrigation practice- means customary ways of irrigating and distributing water for Chhuzhing cultivation. (30) Water Act- means the Water Act of Bhutan 2011. (31) Water facility- means drinking, irrigation or commercial water infrastructure, including tanks, conduits or channels used for the conveyance of water from a source point to a destination. (32) Water Resources- means all sources of water including snow, glacier, rivers, lakes, streams, springs, wetlands, rainwater, soil moisture or groundwater, including use of water for therapeutic and religious purposes. (33) Water Safety Plan– means effective ways of consistently ensuring safe drinking water supply through a risk assessment and risk management approach to a water supply chain, beginning from its catchment to consumer point. (34) Watershed- means an area which is drained by a river or its tributaries which protects the supply of water for drinking, irrigation, flood control, hydroelectric project and related purposes. (35) Wetlands- means areas of marsh, fen, bog, peat land or water, whether natural or artificial, permanent or temporary, with water that is static or flowing, fresh or brackish, including snow and glaciers. The Water Regulation of Bhutan 2014 49 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༤༩ (༢༧) ཚད་གཞི་ཆུང་བའི་འཐུང་ཆུ་བཀྲམ་སྤེལ་ ཟེར་མི་འདི་ བསིལ་ཆུ་ཉིནམ་རེ་ལུ་ཉུང་ཤོས་ལི་ཀྲར་༡༠,༠༠༠ རེ་ ས་འོག་ ཡང་ན་ ས་ཐོག་གི་ཆུ་རྐ་ཚུ་ལས་ འཕྲལ་ཡུན་གང་རུང་ཅིག་གི་དོན་ལུ་ བེད་སྤྱོད་འབད་སའི་ས་གོ་ཚུ་ ནང་ སྐྱེལ་འདྲེན་འབད་ནིའི་འཐུང་ཆུ་བཏོན་ནིའི་ལཱ་ལུ་གོ། (༢༨) གཤམ་དང་འགྲམ་ལས་བསྡུ་ལེན་ ཟེར་མི་འདི་ འགས་རྫས་དང་ འཕྲུལ་ཆ་གིས་ས་དོང་མ་རྐོ་བར་ གཙང་ཆུའི་གཤམ་དང་འགྲམ་ལས་ རྡོ་སྦོམ་དང་རྡོ་ཆུང་ རྡོ་རུག་བསྡུ་ནི་ལུ་གོ་ནི་དང་། ཨིན་རུང་ འཕྲུལ་ཆས་ ལག་ལེན་འཐབ་སྟེ་ ཆུའི་གཤམ་ལས་བྱེམ་བཏོན་ནི་ཚུ་ཡང་ དེ་ནང་ཚུདཔ་ཨིན། (༢༩) སྔར་སྲོལ་ཞིང་ཆུའི་ལས་ལུགས་ ཟེར་མི་འདི་ ཆུ་ཞིང་གི་ལྕང་ལཱའི་དོན་ལུ་ ཞིང་ཆུ་འདྲེན་ནི་དང་ བཀྲམ་ སྤེལ་འབད་ནི་གི་སྔར་སྲོལ་ལམ་ལུགས་ཚུ་ལུ་གོ། (༣༠) ཆུའི་བཅའ་ཁྲིམས་ ཟེར་མི་འདི་ འབྲུག་གི་ཆུའི་བཅའ་ཁྲིམས་ ༢༠༡༡ ཅན་མ་ལུ་གོ། (༣༡) ཆུའི་མཐུན་རྐྱེན་ ཟེར་མི་འདི་ ཆུ་རྐ་ཡོད་ས་ལས་ ཆུ་བཀལ་ས་གོ་ཚུན་ ཆུ་མཛོད་ བརྒྱུད་དུང་ ཡང་ན་ཆུ་གཡུར་ དང་བཅས་པའི་འཐུང་ཆུ་ ཡང་ན་ ཞིང་ཆུ་ ཚོང་འབྲེལ་ཆུའི་གཞི་རྟེན་མཁོ་ཆས་ཚུ་ལུ་གོ། (༣༢) ཆུའི་ཐོན་ཁུངས་ ཟེར་མི་འདི་ སྨན་ཆུ་དང་ ཆོས་དོན་བརྩིས་པའི་ཁཝ་དང་ འཁྱེག་གཙང་ཆུ་ མཚོ་ ཆུ་མིག་ རོང་ཆུ་ ཆུ་ས་འདམ་རྫབ་ ཆར་ཆུ་ སའི་རློན་གཤེར་ ཡང་ན་ས་འོག་གི་ཆུའི་འབྱུང་ཁུངས་ཆ་མཉམ་ལུ་གོཝ་ཨིན། (༣༣) ཆུའི་ཉེན་སྲུང་འཆར་གཞི་ ཟེར་མི་འདི་ ཆུ་འབབ་ས་ཁོངས་ལས་ བེད་སྤྱོད་འབད་ས་ཚུན་ འཐུང་ཆུ་བཀྲམ་ སྤེལ་གྱི་ཉེན་ཁ་བརྟག་ཞིབ་དང་ འཛིན་སྐྱོང་གི་ཐབས་ལམ་ཐོག་ལས་ འཐུང་ཆུ་བཀྲམ་སྤེལ་འདི་དུས་རྒྱུན་ཉེན་ སྲུང་ཡོདཔ་ངེས་བརྟན་བཟོ་མི་ཕན་ནུས་ཅན་གྱི་ཐབས་ལམ་ལུ་གོ། (༣༤) ཆུ་འཐོན་ས་ཁོངས་ ཟེར་མི་འདི་ གཙང་ཆུ་ཡང་ན་ དེའི་ཡན་ལག་འགྱོ་སའི་ ས་ཁོངས་ཅིག་དང་ འཐུང་ཆུ་ དང་ ཞིང་ཆུ་ ཆུ་རུད་བཀག་དམ་ ཆུ་གློག་ལས་འགུལ་དང་ དེ་དང་འབྲེལ་བའི་དགོས་དོན་ཚུ་གི་དོན་ལུ་ ཆུའི་ བཀྲམ་སྤེལ་ སྲུང་སྐྱོབ་འབད་མི་ལུ་དགོ། (༣༥) ཆུ་ས་འདམ་རྫབ་ ཟེར་མི་འདི་ འདམ་ས་དང་ འདམ་རྫབ་ ཆུ་ཆགས་ཀྱི་ས་ རུལ་ས་ ཡང་ན་ རང་བཞིན་ནམ་ བཅོས་མའི་ཆུ་ ཁཝ་དང་འཁྱེག་བརྩིས་པའི་དུས་གཏན་ནམ་ གནས་སྐབས་ཅིག་གི་འཁྱིལ་ཆུའམ་རྒྱུག་ཆུ་ ཆུ་ གསར་རམ་ཆུ་ཚྭ་ཁུ་ཚུ་ལུ་གོ། List of abbreviations BEA Bhutan Electricity Authority CSOs Civil Society Organizations DEC Dzongkhagg Environment Committee DWMC Dzongkhag Water Management Committee FWUA Federation of Water Users’ Association MoAF Ministry of Agriculture and Forests MoE Ministry of Education MoEA Ministry of Economic Affairs MoH Ministry of Health MoHCA Ministry of Home and Cultural Affairs MoWHS Ministry of Works and Human Settlement NEC National Environment Commission NIWRMP National Integrated Water Resource Management Plan RBC River Basin Committee RBMP River Basin Management Plan RSPN Royal Society for the Protection of Nature WSP Water Safety Plan WUA Water Users’ Association Glossary Chhu suump Water guard The Water Regulation of Bhutan 2014 50 འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ། ༥༠ ཨིན་སྐད་ཀྱི་བསྡུ་ཡིག། BEA འབྲུག་གློག་མེ་དབང་འཛིན། CSOs ཞི་བའི་མི་སྡེ་ལས་ཚོགས། DEC རྫོང་ཁག་མཐའ་འཁོར་ཚོགས་ཆུང་། DWMC རྫོང་ཁག་ཆུའི་འཛིན་སྐྱོང་ཚོགས་ཆུང་། FWUA ཆུ་སྤྱོད་ཚོགས་པའི་འབྲེལ་ཚོགས། MoAF སོ་ནམ་དང་ནགས་ཚལ་ལྷན་ཁག། MoE ཤེས་རིག་ལྷན་ཁག། MoH གསོ་བའི་ལྷན་ཁག། MoEA བསྟན་རྒྱས་ལྷན་ཁག། MoWHS ཞབས་ཏོག་ལྷན་ཁག། NEC རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས། NIWRMP རྒྱལ་ཡོངས་ཆུའི་ཐོན་ཁུངས་གཅིག་བསྒྲིལ་འཛིན་སྐྱོང་འཆར་གཞི། RBC གཙང་ཆུའི་ཆུ་གཞོང་ཚོགས་ཆུང་། RBMP གཙང་ཆུའི་ཆུ་གཞོང་འཛིན་སྐྱོང་འཆར་གཞི། RSPN རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ། WSP ཆུའི་ཉེན་སྲུང་འཆར་གཞི། WUA ཆུ་སྤྱོད་ཚོགས་པ། Drupchhu/Nyechhu Sacred/holy water Dungkhag Sub-District Dzongkhag District Dzongkhag Tshogdu District Council Gewog County Gewog Tshogde County Committee Gup Head of Gewog Kamzhing Dry land Lhengye Zhungsthog Council of Ministers/Cabinet Men Chhu Medicinal water Thromde Municipality Thromde Tshogde Municipal Committee Tsachhu Hot spring Yenlag Thromde Satellite Town The Water Regulation of Bhutan 2014 51

Water Regulation of Bhutan 2014 · Nelum