Skip to content
Nelum
Laws of Bhutan

Regulation for Environmental Clearance of Projects 2016

Made 2016 · Text as of 2026-10-01

Public law and official guidance, published as research. Not legal, tax or financial advice.

About this law

Language
English
Kind
Regulation
Country
Bhutan
Subjects
Environment, Water
Keywords
environmental impact assessment (EIA), authorization/permit, enforcement/compliance, institution, liability/compensation, monitoring, offences/penalties, inspection, cultural heritage, governance, sustainable development

Where to read it

    No source link is recorded for this law.

Text

The law's own text, section by section, as held. Each section has its own link.

  1. ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་ གནང་ཐངས་ཀྱི་བཅའ་ཡིག། སྤྱི་ལོ ༢༠༡༦ ཅན་མ། Regulation for Environmental Clearance of Projects 2016 ISBN: 978-99936-865-7-6 ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་ གནང་ཐངས་ཀྱི་བཅའ་ཡིག། སྤྱི་ལོ ༢༠༡༦ ཅན་མ། Regulation for Environmental Clearance of Projects 2016 Table of Contents Regulation for Environmental Clearance of Projects 2016 Chapter I: Preliminary Adoption and Title Purpose Scope Commencement Repeal Chapter II: Application for Environmental Clearance Preparation of an Application Submission of an Application Chapter III: Environmental Assessment Process Modification of Proposal/Application Chapter IV: Environmental Clearance Validity of Environmental Clearance Chapter V: Renewal of Environmental Clearance Modification of Environmental Clearance Chapter VI: Public Consultation Chapter VII: Monitoring, Enforcement and Reporting Monitoring by the Secretariat and Competent Authorities Inspection Monitoring by the Holder Compliance Agreement Enforcement Reporting Title Page 1 1 1 1 2 2 2 2 3 3 4 5 5 5 6 7 8 8 8 9 9 10 10 དཀར་ཆག། ལེའུ་དང་པ། སྔོན་བརྗོད། ཆ་འཇོག་དང་མཚན་གནས། དགོས་དོན། ཁྱབ་ཚད། འགོ་བཙུགས་ཚེས་གྲངས། ཆ་མེད། ལེའུ་གཉིས་པ། མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བའི་དོན་ལུ་ཞུ་ཡིག། ཞུ་ཡིག་བཟོ་ཐངས། ཞུ་ཡིག་ཕུལ་ཐངས། ལེའུ་གསུམ་པ། མཐའ་འཁོར་བརྟག་ཞིབ་ཀྱི་བྱ་རིམ། གྲྲོས་འཆར་/ཞུ་ཡིག་འགྱུར་བཅོས། ལེའུ་བཞི་པ། མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ། མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བའི་ཆ་གནས། ལེའུ་ལྔ་པ། མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་བསྐྱར་གསོ། མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་འགྱུར་བཅོས། ལེའུ་དྲུག་པ། མི་དམང་གྲྲོས་བསྟུན། ལེའུ་བདུན་པ། ལྟ་རྟོག་དང་ བསྟར་སྤྱོད་ སྙན་ཞུ། ལྷན་ཚོགས་ཡིག་ཚང་དང་ ཚད་ལྡན་དབང་འཛིན་ཚུ་གིས་ལྟ་རྟོག་འབད་ཐངས། ཞིབ་དཔྱད། གནང་བ་འཆང་མི་གིས་ལྟ་རྟོག་འབད་ཐངས། འཁྲིལ་བསྟུན་གྱི་གན་རྒྱ། བསྟར་སྤྱོད། སྙན་ཞུ། ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གནང་ཐངས་ཀྱི་བཅའ་ཡིག་ ༢༠༡༦ ཅན་མ། དོན་ཚན། ཤོག་གྲངས། ༡ ༡ ༡ ༡ ༢ ༢ ༢ ༢ ༣ ༣ ༤ ༥ ༥ ༥ ༦ ༧ ༨ ༨ ༨ ༩ ༩ ༡༠ ༡༠ Chapter VIII: Offences and Penalties Offences Sanctions and Compensation Chapter IX: Miscellaneous Provisions Environmental Assessment Advisory Board Appeals and Dispute Resolution Complaint Redressal Environmental Unit and Focal Persons Chance find Property Fee Schedule Rule of construction Revision Definitions Annexes Annex 1: Applicable Time Limits Regulation for Environmental Clearance of Projects 2016 11 11 11 13 13 13 14 15 15 15 15 15 16 19 19 Title Page ལེའུ་བརྒྱད་པ། གནོད་འགེལ་དང་ཉེས་ཆད། གནོད་འགེལ། ཉེས་བྱ་དང་ རྒུད་འཐུས། ལེའུ་དགུ་པ། སྣ་ཚོགས་དགོངས་དོན། མཐའ་འཁོར་བརྟག་ཞིབ་བསླབ་སྟོན་བཀོད་ཚོགས། མཐོ་གཏུགས་དང་རྩོད་ཉོགས་འདུམ་འགྲིག། ཉོགས་བཤད་སེལ་ཐབས། མཐའ་འཁོར་གྱི་སྡེ་ཕྲན་དང་ འབྲེལ་གཏོགས་མི་ངོ་། ཞོར་ཁ་ཐོབ་མི་རྒྱུ་དངོས། གླ་འཐུས་ཀྱི་ཟུར་ཐོ། གོ་དོན་ལེན་ཐངས། འགྱུར་བཅོས། ངེས་ཚིག། ཟུར་སྦྲགས། ཟུར་སྦྲགས་༡ པ། འོས་འབབ་ཅན་གྱི་དུས་ཡུན་ཚད་འཛིན། ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གནང་ཐངས་ཀྱི་བཅའ་ཡིག་ ༢༠༡༦ ཅན་མ། ༡༡ ༡༡ ༡༡ ༡༣ ༡༣ ༡༣ ༡༤ ༡༥ ༡༥ ༡༥ ༡༥ ༡༥ ༡༦ ༡༩ ༡༩ དོན་ཚན། ཤོག་གྲངས། Chapter I: Preliminary Adoption and Title 1. This regulation is adopted under the Environmental Assessment Act, 2000. 2. This regulation is the Regulation for the Environmental Clearance of Projects 2016. Purpose 3. This regulation defines responsibilities and procedures for the implementation of the Environmental Assessment Act, 2000 concerning environmental assessment process for projects including, but not limited to the following: (1) To provide meaningful opportunities for public review of potential environmental impacts of projects; (2) To ensure that all projects are implemented in line with the sustainable development policy of the Royal Government; (3) To ensure that foreseeable impacts on the environment, including cumulative effects are considered prior to any irrevocable commitments of resources or funds; (4) To ensure that feasible alternatives are considered; (5) To ensure that feasible means to avoid or mitigate damage to the environment are implemented; (6) To encourage the use of renewable resources and clean technologies; and (7) To provide information on environmental clearance towards uniform, comprehensive data base on the environmental and cultural conditions and assets in Bhutan. Scope 4. This Regulation applies to all projects which are subject to environmental assessment process. 1 Regulation for Environmental Clearance of Projects 2016 ལེའུ་དང་པ། སྔོན་བརྗོད། ཆ་འཇོག་དང་མཚན་གནས། ༡. བཅའ་ཡིག་འདི་ མཐའ་འཁོར་གནས་སྟངས་ཀྱི་བརྟག་ཞིབ་བཅའ་ཁྲིམས་༢༠༠༠ ཅན་མའི་འོག་ལུ་ཆ་འཇོག་འབདཝ་ཨིན། ༢. བཅའ་ཡིག་འདི་ ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་ཀྱི་གནང་བ་གནང་ཐངས་ཀྱི་བཅའ་ཡིག་ ༢༠༡༦ ཅན་མ་ཨིན། དགོས་དོན། ༣. བཅའ་ཡིག་འདི་གིས་ གཤམ་གསལ་བརྩིས་ཏེ་ དེ་ཚུ་ལུ་ཚད་འཛིན་མེད་པར་ལས་འགུལ་ཚུའི་དོན་ལུ་ མཐའ་འཁོར་བརྟག་ ཞིབ་བྱ་རིམ་གྱི་སྐོར་ལས་ མཐའ་འཁོར་གནས་སྟངས་ཀྱི་བརྟག་ཞིབ་བཅའ་ཁྲིམས་༢༠༠༠ ཅན་མའི་ལག་ལེན་གྱི་དོན་ལུ་ འགན་འཁུར་དང་ བྱ་སྒོ་ལམ་ལུགས་ཚུ་གསལ་བཀོད་འབདཝ་ཨིནཿ (༡) ལས་འགུལ་ཚུ༌ལས༌བརྟེན་ མཐའ་འཁོར་ལུ་འབྱུང༌སྲིད༌པའི༌གནོད་ཉེན་ཚུ་ མི་དམང་གིས་བསྐྱར་ཞིབ་འབད་ནི་གི་དོན་ལུ་ རྒྱུ་མཚན་ལྡན་པའི་གོ་སྐབས་བྱིན་ནི་དང་། (༢) ལས་འགུལ་ག་ར་ རྒྱལ་གཞུང་གི་ཡུན་བརྟན་གོང་འཕེལ་གྱི་སྲིད་བྱུས་དང་འཁྲིལ་ཏེ་ལག་ལེན་འཐབ་ཡོདཔ་ངེས་བརྟན་ བཟོ་ནི། (༣) རིམ་བསགས་ཀྱི་གནོད་ཉེན་ཚུ་བརྩིས་ཏེ་ སྔོན་དཔྱད་འབད་ཚུགས་པའི་གནོད་ཉེན་ཚུ་ འཐོན་ཁུངས་ ཡངན་ མ་དངུལ་ཚུ་ བསྐྱར་བཅོས་འབད་མ་བཏུབ་པའི་ཁས་བླངས་མ་འབད་བའི་ཧེ་མ་ལས་ བརྩི་འཇོག་འབད་ཡོདཔ་ངེས་བརྟན་བཟོ་ནི། (༤) འོས་འབབ་ཅན་གྱི་གདམ་ཁ་ཚུ་བརྩི་འཇོག་འབད་ཡོདཔ་ངེས་བརྟན་བཟོ་ནི། (༥) མཐའ་འཁོར་ལུ་གནོད་སྐྱོན་སྤང་ཐབས་ ཡངན་ མར་ཕབ་ཀྱི་འོས་འབབ་ཅན་གྱི་ཐབས་ལམ་ཚུ་ ལག་ལེན་འཐབ་ཡོདཔ་ ངེས་བརྟན་བཟོ་ནི། (༦) སླར་འབྱུང་གི་ཐོན་ཁུངས་དང་ གཙང་སྦྲ་ཅན་གྱི་འཕྲུལ་རིག་ཚུ་སྤྱོད་ནི་ལུ་སེམས་ཤུགས་བསྐྱེད་བཅུག་ནི། (༧) འབྲུག་གི་མཐའ་འཁོར་དང་ ལམ་སྲོལ་གྱི་གནས་སྟངས་དང་རྒྱུ་དངོས་ཚུའི་སྐོར་ལས་ གཅིག་མཚུངས་དང་ ཀུན་ཚང་གི་ གནས་སྡུད་ཀྱི་དོན་ལུ་ མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་ཀྱི་བརྡ་དོན་བྱིན་ནི་གི་དོན་ལུ་ཨིན། ཁྱབ་ཚད། ༤. བཅའ་ཡིག་འདི་ མཐའ་འཁོར་གྱི་བརྟག་ཞིབ་ཀྱི་དབང་ལུ་འདུ་མི་ ལས་འགུལ་ག་ར་ལུ་འཇུགཔ་ཨིན། ༡ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གནང་ཐངས་ཀྱི་བཅའ་ཡིག་ ༢༠༡༦ ཅན་མ། Commencement 5. In accordance with Article 62 of the EA Act, 2000 this regulation shall come into effect on December 9, 2016. Repeal 6. This regulation hereby repeals the Regulation for the Environmental Clearance of Projects, 2002 and any instruments, notifications, circulars adopted thereunder which are inconsistent with this regulation. Chapter II: Application for Environmental Clearance Preparation of an Application 7. An application for Environmental Clearance must adhere to the relevant environmental assessment guidelines and Initial Environmental Examination form issued by the Commission. 8. When a project is subjected to Environment Impact Assessment, the applicant shall develop a terms of reference in accordance with the guidelines issued by the Secretariat, for approval by the Secretariat. Based on the approved terms of reference, applicant shall develop Environment Impact Assessment report. 9. When a project has numerous components or sub-activities which require individual Environmental Clearances, the applicant shall prepare one application which includes all components or sub-activities. 10. The applicant shall ensure that concerned people and organizations are informed and consulted prior to submission of application for Environmental Clearance. 11. The applicant shall ensure that records of public consultation, as required under the Act and this regulation, authenticated by concerned local authorities are attached with the application for Environmental Clearance. 12. The applicant shall acquire an approval of the concerned Dzongkhag or Thromde administration and clearances from relevant agencies for submission along with the application for Environmental Clearance. 2 Regulation for Environmental Clearance of Projects 2016 འགོ་བཙུགས་ཚེས་གྲངས། ༥. མཐའ་འཁོར་གནས་སྟངས་ཀྱི་བརྟག་ཞིབ་བཅའ་ཁྲིམས་༢༠༠༠ ཅན་མའི་དོན་ཚན་༦༢ པ་དང་འཁྲིལ་ཏེ་ བཅའ་ཡིག་འདི་སྤྱི་ ལོ་༢༠༡༦ ཟླ་༡༢ པའི་ཚེས་༩ ་ལས་འགོ་བཙུགས་ཏེ་བསྟར་སྤྱོད་འབད་དགོ། ཆ་མེད། ༦. བཅའ་ཡིག་འདི་གིས་ ལས་འགུལ་ལུ་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གནང་ཐངས་ཀྱི་བཅའ་ཡིག་༢༠༠༢ ཅན་མ་དང་ འདི་གི་འོག་ལུ་ཆ་འཇོག་འབད་མི་བཅའ་ཡིག་འདི་དང་འབྲེལ་ཆགས་མེད་པའི་ཡིག་ཆ་དང་ བརྡ་བསྐུལ་ ཁྱབ་ བསྒྲགས་གང་རུང་ཆ་མེད་གཏངམ་ཨིན། ལེའུ་གཉིས་པ། མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བའི་དོན་ལུ་ཞུ་ཡིག། ཞུ་ཡིག་བཟོ་ཐངས། ༧. མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བའི་དོན་ལུ་ ཞུ་ཡིག་ཅིག་ འབྲེལ་བ་ཡོད་པའི་མཐའ་འཁོར་གྱི་བརྟག་ཞིབ་ ལམ་སྟོན་དང་ ལྷན་ཚོགས་ཀྱིས་གནང་བའི་འགོ་ཐོག་མཐའ་འཁོར་དབྱེ་ཞིབ་ཀྱི་འབྲི་ཤོག་ཚུ་དང་འཁྲིལ་དགོ། ༨. ལས་འགུལ་འདི་ མཐའ་འཁོར་གནོད་ཉེན་བརྟག་ཞིབ་ཀྱི་དབང་ལུ་འདུ་བའི་སྐབས་ལུ་ ཞུ་ཡིག་ཕུལ་མི་གིས་ ལྷན་ཚོགས་ཡིག་ ཚང་ལས་གནང་བ་གྲྲོལ་ནི་གི་དོན་ལུ་ ལྷན་ཚོགས་ཡིག་ཚང་གིས་སྤྲོད་མི་ལམ་སྟོན་དང་འཁྲིལ་ཏེ་ འགན་ཚིག་ཅིག་བཟོ་དགོ། གནང་བ་གྲྲོལ་བའི་འགན་ཚིག་གུར་གཞི་བཞག་སྟེ་ ཞུ་ཡིག་ཕུལ་མི་གིས་ མཐའ་འཁོར་གནོད་ཉེན་བརྟག་ཞིབ་ཀྱི་སྙན་ཞུ་བཟོ་ དགོ། ༩. ལས་འགུལ་ཅིག་ནང་ མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་སོ་སོ་སྦེ་དགོ་མི་ ཆ་ཤས་ ཡངན་ ནང་གསེས་ལས་ དོན་ལེ་ཤ་ཡོད་པ་ཅིན་ ཞུ་ཡིག་ཕུལ་མི་གིས་ ཆ་ཤས་ ཡངན་ ནང་གསེས་ལས་དོན་ག་ར་ཚུད་པའི་ཞུ་ཡིག་གཅིག་བཟོ་དགོ། ༡༠. ཞུ་ཡིག་ཕུལ་མི་གིས་ མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བའི་དོན་ལུ་ཞུ་ཡིག་མ་ཕུལ་བའི་ཧེ་མ་ འབྲེལ་བ་ཡོད་ པའི་མི་ཚུ་དང་ ལས་སྡེ་ཚུ་ལུ་བརྡ་སྤྲོད་འབད་དེ་ གྲྲོས་བསྟུན་འབད་ཡོདཔ་ངེས་བརྟན་བཟོ་དགོ། ༡༡. ཞུ་ཡིག་ཕུལ་མི་གིས་ བཅའ་ཁྲིམས་དང་ བཅའ་ཡིག་འདི་གི་དགོས་མཁོ་བཀོད་མི་ལྟར་དུ་ འབྲེལ་ཡོད་ས་གནས་དབང་ འཛིན་ཚུ་གིས་བདེན་དཔྱད་འབད་བའི་ མི་དམང་གྲྲོས་བསྟུན་གྱི་སྙན་ཞུ་ཚུ་ མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་ བའི་ཞུ་ཡིག་དང་གཅིག་ཁར་ཟུར་སྦྲགས་སྦེ་ཡོདཔ་ངེས་བརྟན་བཟོ་དགོ། ༡༢. ཞུ་ཡིག་ཕུལ་མི་གིས་ མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བའི་ཞུ་ཡིག་དང་གཅིག་ཁར་ འབྲེལ་ཡོད་རྫོང་ཁག་ ཡངན་ ཁྲོམ་སྡེ་བདག་སྐྱོང་གི་གནང་བ་དང་ འབྲེལ་ཡོད་ལས་སྡེ་ཚུ་ལས་ཉོགས་མེད་གནང་བ་ལེན་དགོ། ༢ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གནང་ཐངས་ཀྱི་བཅའ་ཡིག་ ༢༠༡༦ ཅན་མ། 13. When the location of a proposed project falls within 50 meters distance of a public park, hospital, school or a sacred landscape or site, the applicant shall acquire the official clearance of concerned agencies before submitting the application. Notwithstanding, the Secretariat or the Competent Authority may require the applicant to obtain official clearance of concerned agencies outside 50 meters distance depending on the nature of the project. 14. When there is a requirement of water abstraction for a project, the applicant shall adhere to the Water Act and its regulation. Submission of an Application 15. An applicant shall submit an application for Environmental Clearance to the concerned Competent Authority. The Competent Authority shall review and assess applications for listed projects or forward the application to the relevant Competent Authority or the Secretariat if not listed under their competency. 16. An application for non-listed projects must be submitted to the Secretariat. 17. For a project with numerous components or sub-activities which require individual Environmental Clearances for its component or sub-activities from different competent authorities, an application shall be forwarded to the Competent Authority of the main activity of the project and to the Secretariat for non-listed projects. 18. The applicant shall pay a prescribed application fee to the relevant Competent Authority or the Secretariat, as per the fee schedule approved by the government. Chapter III: Environmental Assessment Process 19. The Secretariat or Competent Authority shall screen the application for Environmental Clearance as per the sectoral guidelines and Initial Environment Examination form within time limit as per Annex 1. 20. When the Secretariat or the Competent Authority determines that information in the application is not sufficient to identify the environmental effects of the project, the applicant may be asked to provide additional information. 3 Regulation for Environmental Clearance of Projects 2016 ༡༣. གྲྲོས་འཆར་བཀོད་པའི་ལས་འགུལ་ཅིག་ མི་དམང་གི་གླིང་ག་ ཡངན་ སྨན་ཁང་ སློབ་གྲྭ་ བྱིན་རླབས་ཅན་གྱི་གནས་ ཡངན་ ས་གནས་ཀྱི་བར་ན་ཐག་རིང་ཐུང་མི་ཀྲར་༥༠ གི་ནང་འཁོད་ལུ་ཚུད་པ་ཅིན་ ཞུ་ཡིག་ཕུལ་མི་གིས་ ཞུ་ཡིག་མ་ཕུལ་བའི་ཧེ་མ་ འབྲེལ་ཡོད་ལས་སྡེ་ཚུ་ལས་གཞུང་འབྲེལ་གྱི་ཉོགས་མེད་གནང་བ་ལེན་དགོ། དེ་ལུ་མ་ལྟོས་པར་ ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ ལས་འགུལ་གྱི་རང་བཞིན་དང་བསྟུན་ཏེ་ ཞུ་ཡིག་ཕུལ་མི་ལུ་ ཐག་རིང་ཐུང་མི་ཀྲར་༥༠ གི་ཕྱི་ཁར་ ཡང་ འབྲེལ་ཡོད་དབང་འཛིན་ཚུ་ལས་གཞུང་འབྲེལ་གྱི་ཉོགས་མེད་གནང་བ་དགོ་འདོད་བཀོད་ཆོག། ༡༤. ལས་འགུལ་ཅིག་ལུ་ཆུ་བཏོན་དགོཔ་ཡོད་པའི་སྐབས་ལུ་ ཞུ་ཡིག་ཕུལ་མི་གིས་ ཆུའི་བཅའ་ཁྲིམས་དང་ སྒྲིག་གཞི་དང་འཁྲིལ་ དགོ། ཞུ་ཡིག་ཕུལ་ཐངས། ༡༥. ཞུ་ཡིག་ཕུལ་མི་གིས་ མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་ཀྱི་དོན་ལུ་ཞུ་ཡིག་འདི༌ འབྲེལ་ཡོད་ཚད་ལྡན་དབང་འཛིན་ལུ་ ཕུལ་དགོ། ཚད་ལྡན་དབང་འཛིན་གྱིས་ ཐོ་ཡིག་ནང་འཁོད་པའི་ལས་འགུལ་ཚུའི་དོན་ལུ་ཞུ་ཡིག་ཚུ་བསྐྱར་ཞིབ་དང་བརྟག་ཞིབ་ འབད་ནི་ ཡངན་ ཁོང་རའི་དབང་ཚད་ཀྱི་འོག་ལུ་ཐོ་བཀོད་དེ་མེད་པ་ཅིན་ ཞུ་ཡིག་དེ་འབྲེལ་ཡོད་ཚད་ལྡན་དབང་འཛིན་ ཡངན་ ལྷན་ཚོགས་ཡིག་ཚང་ལུ་གཏང་དགོ། ༡༦. ཐོ་ཡིག་ནང་མ་འཁོད་པའི་ལས་འགུལ་ཚུའི་དོན་ལུ་ ཞུ་ཡིག་འདི་ལྷན་ཚོགས་ཡིག་ཚང་ལུ་ཕུལ་དགོ། ༡༧. ཆ་ཤས་ ཡངན་ ནང་གསེས་ལས་དོན་ལེ་ཤ་ཡོད་པའི་ལས་འགུལ་ཅིག་ལུ་ ཆ་ཤས་ ཡངན་ ནང་གསེས་ལས་དོན་ཚུའི་དོན་ལུ་ ཚད་ལྡན་དབང་འཛིན་སོ་སོ་ལས་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་སོ་སོ་སྦེ་དགོ་མི་ཚུ་གི་ཞུ་ཡིག་འདི་ ལས་ འགུལ་གྱི་ལས་དོན་གཙོ་བོའི་ཚད་ལྡན་དབང་འཛིན་དང་ ཐོ་ཡིག་ནང་མ་འཁོད་པའི་ལས་འགུལ་ཚུའི་དོན་ལུ་ལྷན་ཚོགས་ཡིག་ ཚང་ལུ་གཏང་དགོ། ༡༨. ཞུ་ཡིག་ཕུལ་མི་གིས་ འབྲེལ་ཡོད་ཚད་ལྡན་དབང་འཛིན་ ཡངན་ ལྷན་ཚོགས་ཡིག་ཚང་ལུ་ གཞུང་གིས་ཆ་འཇོག་གནང་མི་གླ་ འཐུས་ཀྱི་ཚད་གཞི་དང་འཁྲིལ་ཏེ་ ཆེད་དུ་བཀོད་པའི་ཞུ་ཡིག་གི་གླ་འཐུས་སྤྲོད་དགོ། ལེའུ་གསུམ་པ། མཐའ་འཁོར་བརྟག་ཞིབ་ཀྱི་བྱ་རིམ། ༡༩. ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ ཟུར་སྦྲགས་༡ པ་དང་འཁྲིལ་ཏེ་ དུས་ཡུན་ཚད་འཛིན་གྱི་ནང་འཁོད་ ལུ་ སྡེ་ཚན་གྱི་ལམ་སྟོན་དང་ འགོ་ཐོག་མཐའ་འཁོར་དབྱེ་ཞིབ་འབྲི་ཤོག་ལྟར་དུ་ མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་ གནང་བའི་ཞུ་ཡིག་ཕྱི་སེལ་འབད་དགོ། ༢༠. ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ ཞུ་ཡིག་ནང་ ལས་འགུལ་གྱི་མཐའ་འཁོར་གྱི་ཕན་གནོད་ཚུ་ངོས་ འཛིན་འབད་ནི་གི་དོན་ལུ་ བརྡ་དོན་ཚུ་ལངམ་སྦེ་མེད་པའི་ཐག་བཅད་པའི་སྐབས་ལུ་ ཞུ་ཡིག་ཕུལ་མི་ལུ་ བརྡ་དོན་ཁ་སྐོང་བྱིན་ དགོཔ་སྦེ་སླབ་ཆོག། ༣ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གནང་ཐངས་ཀྱི་བཅའ་ཡིག་ ༢༠༡༦ ཅན་མ། 21. The applicant shall submit additional information sought within the applicable time limits (Annex 1), failing which the application shall be treated as cancelled without any compensation or refund of any fee from the government. Notwithstanding, the Secretariat or the Competent Authority may grant a reasonable extension beyond the applicable time limits based on reasoned decision to be recorded in writing. 22. The Secretariat or the Competent Authority shall conduct site visits for field verification of the proposed project. The Secretariat may require the relevant competent authority to conduct site visit where appropriate. 23. If the Secretariat or Competent Authority decides to issue Environmental Clearance or require conducting an Environmental Impact Assessment or deny the project, a notice of the decision shall be promptly sent to the applicant. 24. When the project is subjected to Environmental Impact Assessment, the applicant shall conduct an Environmental Impact Assessment study as per the approved terms of reference and submit an Environmental Impact Assessment report to the Secretariat for review and assessment. 25. The Secretariat shall publish a summary of a project that is subjected to Environmental Impact Assessment on the official webpage for one month for public comments. The Secretariat may also publish such summary in other print Medias. The full report may be made available to interested parties upon request. Modification of Proposal/Application 26. If an applicant intends to make a significant change to a project including, but not limited to, increase in production capacity, change in the location of a project, change in alignment, after submission of an application for environmental clearance or availing Environmental Clearance, the application shall be treated as a new application. 4 Regulation for Environmental Clearance of Projects 2016 ༢༡. ཞུ་ཡིག་ཕུལ་མི་གིས་ བརྡ་དོན་ཁ་སྐོང་དགོས་མཁོ་བཀོད་མི་དེ་ འོས་འབབ་དང་ལྡན་པའི་དུས་ཚོད་ཚད་འཛིན་ནང་འཁོད་ལུ་ (ཟུར་སྦྲགས་༡ པ་) སྤྲོད་དགོཔ་དང་ དེ་ནང་སྤྲོད་མ་ཚུགས་པ་ཅིན་ ཞུ་ཡིག་དེ་ གཞུང་ལས་རྒུད་འཐུས་ ཡངན་ གླ་འཐུས་ གང་རུང་ལོག་བཏབ་མ་དགོ་པར་ ཆ་མེད་སྦེ་བརྩི་དགོ། དེ་ལུ་མ་ལྟོས་པར་ ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་ གྱིས་ ཡིག་ཐོག་གི་རྒྱུ་མཚན་བཀོད་པའི་གྲྲོས་ཆོད་ལུ་གཞི་བཞག་སྟེ་ འོས་འབབ་དང་ལྡན་པའི་དུས་ཚོད་ཚད་འཛིན་ལས་ལྷག་ སྟེ་རྒྱུ་མཚན་ལྡན་པའི་དུས་ཚོད་ཐེབས་བྱིན་ཆོག། ༢༢. ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་གྲྲོས་འཆར་བཀོད་པའི་ལས་འགུལ་གྱི་ས་ཁོངས་བདེན་དཔྱད་ཀྱི་དོན་ ལུ་ ས་གནས་ལྟ་སྐོར་འབད་དགོ། ལྷན་ཚོགས་ཡིག་ཚང་གིས་ འོས་འབབ་དང་བསྟུན་ཏེ་ འབྲེལ་ཡོད་ཚད་ལྡན་དབང་འཛིན་ལུ་ ས་གནས་ལྟ་སྐོར་འབད་དགོ་པའི་དགོས་མཁོ་བཀོད་ཆོག། ༢༣. གལ་སྲིད་ ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ ལས་འགུལ་ཅིག་ལུ་ མཐའ་འཁོར་གནས་སྟངས་ཀྱི་ ཉོགས་མེད་གནང་བ་སྤྲོད་ནི་ ཡངན་ མཐའ་འཁོར་གནོད་ཉེན་བརྟག་ཞིབ་འབད་དགོ་པའི་དགོས་མཁོ་བཀོད་ནི་ ཡངན་ ལས་ འགུལ་འདི་ངོས་ལེན་མི་འབད་ནི་གི་གྲྲོས་ཐག་ཆོད་པ་ཅིན་ གྲྲོས་ཆོད་དེ་གི་སྐོར་ལས་ དེ་འཕྲོ་ལས་ཞུ་ཡིག་ཕུལ་མི་ལུ་ བརྡ་ བསྐུལ་ཅིག་གཏང་དགོ། ༢༤. ལས་འགུལ་དེ་ མཐའ་འཁོར་གནོད་ཉེན་བརྟག་ཞིབ་འབད་དགོ་པའི་དབང་ལུ་འདུ་བའི་སྐབས་ལུ་ ཞུ་ཡིག་ཕུལ་མི་གིས་ ཆ་ འཇོག་གྲུབ་པའི་འགན་ཚིག་ལྟར་དུ་ མཐའ་འཁོར་གནོད་ཉེན་བརྟག་ཞིབ་ཀྱི་ཞིབ་འཇུག་འབད་ཞིནམ་ལས་ བསྐྱར་ཞིབ་དང་ བརྟག་ཞིབ་ཀྱི་དོན་ལུ་མཐའ་འཁོར་གནོད་ཉེན་བརྟག་ཞིབ་ཀྱི་སྙན་ཞུ་འདི་ ལྷན་ཚོགས་ཡིག་ཚང་ལུ་ཕུལ་དགོ། ༢༥. ལྷན་ཚོགས་ཡིག་ཚང་གིས་ མཐའ་འཁོར་གནོད་ཉེན་བརྟག་ཞིབ་ཀྱི་དབང་ལུ་འདུ་བའི་ལས་འགུལ་ཚུ་གི་དོན་ལུ་ ལས་འགུལ་ གྱི་བཅུད་དོན་ཅིག་ མི་དམང་གི་བསམ་འཆར་བཀོད་ནིའི་དོན་ལུ་ ཟླ་ངོ་གཅིག་གི་རིང་ལུ་ གཞུང་འབྲེལ་ཡོངས་འབྲེལ་འཆར་ སྒོ་ནང་དཔེ་བསྐྲུན་འབད་དགོ། ལྷན་ཚོགས་ཡིག་ཚང་གིས་ དེ་བཟུམ་མའི་བཅུད་དོན་ཚུ་པར་བསྐྲུན་གྱི་བརྡ་བརྒྱུད་གཞན་ཚུ་ནང་ ཡང་དཔེ་བསྐྲུན་འབད་ཆོག། སྙན་ཞུ་ཡོངས་རྫོགས་འདི་ དང་འདོད་ཅན་གྱི་མི་ངོ་ཚུ་གིས་ཞུ་བ་འབད་བའི་སྐབས་ལུ་བྱིན་ཆོག། གྲྲོས་འཆར་/ཞུ་ཡིག་འགྱུར་བཅོས། ༢༦. གལ་སྲིད་ཞུ་ཡིག་ཕུལ་མི་ཅིག་གིས་ ལས་འགུལ་ཅིག་ མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བའི་དོན་ལུ་ཞུ་ཡིག་ ཕུལ་ཚར་ཞིནམ་ལས་ ཡངན་ མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་ཐོབ་ཚར་བའི་ཤུལ་ལས་ ཐོན་བསྐྱེད་ཀྱི་ འཇོན་ཚད་ཡར་སེང་གཏང་ནི་དང་ ལས་འགུལ་གྱི་ས་གནས་སོར་ནི་ ཐྱིག་ཚད་སོར་ནི་ཚུ་བརྩིས་ཏེ་ དེ་ཚུ་ལུ་ཚད་འཛིན་མེད་པར་ གལ་གནད་ཅན་གྱི་འགྱུར་བཅོས་འབད་ནི་གི་དང་འདོད་བསྐྱེད་པ་ཅིན་ ཞུ་ཡིག་དེ་ཞུ་ཡིག་གསརཔ་སྦེ་བརྩི་དགོ། ༤ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གནང་ཐངས་ཀྱི་བཅའ་ཡིག་ ༢༠༡༦ ཅན་མ། Chapter IV: Environmental Clearance . 27. The Secretariat may issue an Environmental Clearance to non-listed projects only after screening, scoping and assessing the environmental impacts of such projects under chapter III of the EA Act, 2000 and chapter III of this regulation. 28. The Competent Authority may issue an Environmental Clearance for listed projects after screening, scoping and assessing the environmental impacts of such projects under chapter III of the EA Act, 2000 and chapter III of the regulation. 29. An Environmental Clearance must contain terms and conditions to safeguard the environment from adverse impacts of the project and satisfy the test set forth in Chapter III of this Regulation and Article 18 of the EA Act. At the minimum, the environmental clearance shall specify: a) binding mitigation and compliance measures b) appropriate monitoring, recording and reporting requirements. 30. The Secretariat or the Competent Authority shall make a public announcement of the decision on their respective websites as per Article 28 of the Act within one month from the day of decision. Validity of Environmental Clearance 31. The Secretariat or Competent Authority shall issue an Environmental Clearance for five years unless project requires shorter/lesser period. Chapter V: Renewal of Environmental Clearance 32. The application for the renewal of Environmental Clearance shall be submitted to the Secretariat or the concerned Competent Authority at least three months before the expiry date of the Environmental Clearance. 33. The Holder shall submit a compliance report in accordance with the format developed by the Secretariat along with the renewal application. 5 Regulation for Environmental Clearance of Projects 2016 ལེའུ་བཞི་པ། མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ། ༢༧. ལྷན་ཚོགས་ཡིག་ཚང་གིས་ ཐོ་ཡིག་ནང་མ་འཁོད་པའི་ལས་འགུལ་ཚུ་ལུ་ མཐའ་འཁོར་གནས་སྟངས་ཀྱི་བརྟག་ཞིབ་བཅའ་ ཁྲིམས་ ༢༠༠༠ ཅན་མའི་ལེའུ་གསུམ་པ་དང་ བཅའ་ཡིག་འདིའི་ལེའུ་གསུམ་པ་གི་འོག་ལུ་ དེ་བཟུམ་མའི་ལས་འགུལ་ཚུའི་ མཐའ་འཁོར་ལུ་གནོད་ཉེན་ཚུ་ཕྱི་སེལ་དང་ དབྱེ་དཔྱད་ བརྟག་ཞིབ་འབད་ཞིནམ་ལས་རྐྱངམ་ཅིག་ མཐའ་འཁོར་གནས་སྟངས་ ཀྱི་ཉོགས་མེད་གནང་བ་སྤྲོད་ཆོག། ༢༨. ཚད་ལྡན་དབང་འཛིན་གྱིས་ ཐོ་ཡིག་ནང་འཁོད་པའི་ལས་འགུལ་གྱི་དོན་ལུ་ མཐའ་འཁོར་གནས་སྟངས་ཀྱི་བརྟག་ཞིབ་བཅའ་ ཁྲིམས་ ༢༠༠༠ ཅན་མའི་ལེའུ་གསུམ་པ་དང་ བཅའ་ཡིག་འདིའི་ལེའུ་གསུམ་པའི་འོག་ལུ་ དེ་བཟུམ་མའི་ལས་འགུལ་ཚུའི་ མཐའ་འཁོར་ལུ་གནོད་ཉེན་ཚུ་ཕྱི་སེལ་དང་ དབྱེ་དཔྱད་ བརྟག་ཞིབ་འབད་ཞིནམ་ལས་ མཐའ་འཁོར་གནས་སྟངས་ཀྱི་ཉོགས་ མེད་གནང་བ་སྤྲོད་ཆོག། ༢༩. མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་ཅིག་ནང་ ལས་འགུལ་ལས་བརྟེན་ཏེ་མཐའ་འཁོར་ལུ་གནོད་ཉེན་ལས་ཉེན་ སྲུང་འབད་དགོ་པའི་ གནས་ཚིག་དང་ཆ་རྐྱེན་ཚུ་བཀོད་དགོཔ་མ་ཚད་ བཅའ་ཡིག་འདིའི་ལེའུ་གསུམ་པ་དང་ མཐའ་འཁོར་ གནས་སྟངས་བརྟག་ཞིབ་བཅའ་ཁྲིམས་ཀྱི་དོན་ཚན་༡༨ པའི་ནང་བཀོད་དེ་ཡོད་པའི་བརྟག་དཔྱད་ཀྱི་དགོས་མཁོ་ཚུ་ཡང་གྲུབ་ དགོ། མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་ནང་ ངེས་པར་དུ་གསལ་བཀོད་འབད་དགོཔ་འདི་ཡང་: ཀ) ངེས་ ཏིག་གི་མར་ཕབ་དང་ འཁྲིལ་བསྟུན་གྱི་ཐབས་ལམ་ཚུ་ ཁ) འོས་འཚམས་ལྡན་པའི་ལྟ་རྟོག་དང་ ཐོ་བཀོད་ སྙན་ཞུའི་དགོས་ མཁོ་ཚུ། ༣༠. ལྷན་ཚོགས་ཡིག་ཚང་ ཡངན་ཚད་ལྡན་དབང་འཛིན་གྱིས་གྲྲོས་ཆོད་དེའི་སྐོར་ལས་བཅའ་ཁྲིམས་ཀྱི་དོན་ཚན་༢༨ པ་ལྟར་དུ་ གྲྲོས་ཆོད་གྲུབ་པའི་ཉིན་མ་ལས་ཟླ་ངོ་གཅིག་གི་ནང་འཁོད་ལུ་ རང་སོའི་ཡོངས་འབྲེལ་འཆར་སྒོ་ནང་མི་དམང་ཁྱབ་བསྒྲགས་ འབད་དགོ། མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བའི་ཆ་གནས། ༣༡. ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ ལས་འགུལ་ལུ་དུས་ཡུན་ཐུང་སུ་/ཉུང་སུ་དགོཔ་ཡོདན་མ་གཏོགས་ དེ་མིན་ ལོ་ལྔ་གི་དོན་ལུ་སྤྲོད་དགོ། ལེའུ་ལྔ་པ། མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་བསྐྱར་གསོ། ༣༢. མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་བསྐྱར་གསོ་འབད་ནི་གི་དོན་ལུ་ཞུ་ཡིག་དེ་ ཉུང་ཤོས་རང་ གནང་བ་འདིའི་ དུས་ཡུན་ཚང་ནི་གི་ཟླ་ངོ་གསུམ་གྱི་ཧེ་མ་ ལྷན་ཚོགས་ཡིག་ཚང་ ཡངན་ འབྲེལ་ཡོད་ཚད་ལྡན་དབང་འཛིན་ལུ་ཕུལ་དགོ། ༣༣. གནང་བ་འཆང་མི་གིས་ བསྐྱར་གསོའི་ཞུ་ཡིག་དང་སྦྲགས་ ལྷན་ཚོགས་ཡིག་ཚང་གིས་བཟོ་ཡོད་པའི་འབྲི་ཤོག་ལྟར་དུ་ འཁྲིལ་ བསྟུན་གྱི་སྙན་ཞུ་ཅིག་ཕུལ་དགོ། ༥ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གནང་ཐངས་ཀྱི་བཅའ་ཡིག་ ༢༠༡༦ ཅན་མ། 34. The Holder shall pay a prescribed renewal application fee to the Secretariat or the relevant Competent Authority as per the fee schedule approved by the government. 35. The Secretariat or the Competent Authority shall conduct compliance monitoring prior to renewal of the Environmental Clearance. The Secretariat may require the relevant Competent Authority to conduct monitoring where considered appropriate. 36. If the application for renewal of Environmental Clearance has been submitted to the Competent Authority or the Secretariat within the stipulated timeframe, the Secretariat or the Competent Authority shall renew the Environmental Clearance before its expiry provided there is a full compliance of the Environmental Clearance. Failure by the Secretariat or the Competent Authority to renew it before its expiry shall be deemed as renewed with the terms and conditions set forth in the erstwhile Environmental Clearance until issuance of new decision by the Secretariat or the Competent Authority. 37. The Secretariat or the Competent Authority shall provide the Holder a written justification on the delay under section 36 and such information must be maintained for record. 38. The Secretariat or the Competent Authority may renew the Environment Clearance depending on compliance with the terms and conditions of the Environmental Clearance by the Holder. 39. In case of non-compliances or violations, the Secretariat or the Competent Authority may draw a compliance agreement to bring a project into compliance with the terms and conditions of the Environmental Clearance. Based on the compliance agreement, Environmental Clearance may be renewed. The Secretariat or the Competent Authority shall impose necessary mitigation measures including appropriate fines. Modification of Environmental Clearance 40. The Secretariat or Competent Authority may change the environmental terms and conditions at the time of renewal. The Secretariat or the Competent Authority shall provide a basis/ justification for any changes to the environmental terms in writing to the Holder. 6 Regulation for Environmental Clearance of Projects 2016 ༣༤. གནང་བ་འཆང་མི་གིས་ གཞུང་གིས་ཆ་འཇོག་གྲུབ་པའི་གླ་འཐུས་ཀྱི་ཟུར་ཐོ་ནང་བཀོད་མི་ལྟར་དུ་ ལྷན་ཚོགས་ཡིག་ཚང་ ཡངན་ འབྲེལ་ཡོད་ཚད་ལྡན་དབང་འཛིན་ལུ་ ཆེད་དུ་བཀོད་པའི་བསྐྱར་གསོའི་ཞུ་ཡིག་གི་གླ་འཐུས་སྤྲོད་དགོ། ༣༥. ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་མཐའ་འཁོར་གནས་སྟངས་ཀྱི་་ཉོགས་མེད་གནང་བ་བསྐྱར་གསོ་མ་ འབད་བའི་ཧེ་མ་ འཁྲིལ་བསྟུན་གྱི་ལྟ་རྟོག་འབད་དགོ། ལྷན་ཚོགས་ཡིག་ཚང་གིས་ འབྲེལ་ཡོད་ཚད་ལྡན་དབང་འཛིན་ལུ་ འོས་ འབབ་དང་ལྡནམ་སྦེ་མཐོང་མི་ཚུ་གི་དོན་ལུ་ ལྟ་རྟོག་འབད་ནི་གི་དགོས་མཁོ་བཀོད་ཆོག། ༣༦. མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་བསྐྱར་གསོའི་དོན་ལུ་ཞུ་ཡིག་ཅིག་ ཚད་བཟོ་སྟེ་ཡོད་པའི་དུས་ཡུན་གྱི་ནང་ འཁོད་ལུ་ ཚད་ལྡན་དབང་འཛིན་ ཡངན་ ལྷན་ཚོགས་ཡིག་ཚང་ལུ་ཕུལ་ཡོད་པ་ཅིན་ ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་ དབང་འཛིན་གྱིས་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་འདི་འདི་གི་དུས་ཡུན་མ་ཚང་བའི་ཧེ་མ་ བསྐྱར་གསོ་ འབད་དགོཔ་ཨིན་རུང་ མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་ལུ་ཧྲིལ་བུམ་སྦེ་གནས་མི་ཅིག་དགོ། འདི་གི་དུས་ ཡུན་མ་ཚང་བའི་ཧེ་མ་ ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་བསྐྱར་གསོ་འབད་མ་ཚུགས་པ་ཅིན་ ལྷན་ ཚོགས་ ཡངན་ ཚད་ལྡན་དབང་འཛིན་གྱིས་གྲྲོས་ཆོད་གསརཔ་མ་སྤྲོད་ཚུན་ཚོད་ ཧེ་མའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་ མེད་གནང་བ་ནང་བཀོད་པའི་ གནས་ཚིག་དང་ཆ་རྐྱེན་དང་བཅསཔ་སྦེ་ བསྐྱར་གསོ་འབད་ཡོདཔ་སྦེ་བརྩི་དགོ། ༣༧. ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ གནང་བ་འཆང་མི་ལུ་ དོན་ཚན་༣༦ པའི་འོག་ལུ་ཕྱིར་འགངས་ ཞུགས་མི་གི་སྐོར་ལས་ཡིག་ཐོག་གི་རྒྱུ་མཚན་བྱིན་དགོཔ་དང་ དེ་བཟུམ་མའི་བརྡ་དོན་ཚུ་ཟྱིན་ཐོ་གི་དོན་ལུ་རྒྱུན་སྐྱོང་འཐབ་ བཞག་དགོ། ༣༨. ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་འདི་ གནང་ བ་འཆང་མི་གིས་ མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གི་ གནས་ཚིག་དང་ ཆ་རྐྱེན་ཚུ་ལུ་གནས་མི་ལུ་གཞི་ བཞག་སྟེ་བསྐྱར་གསོ་འབད་ཆོག། ༣༩. གལ་སྲིད་འཁྲིལ་བསྟུན་འབད་མ་བཏུབ་ ཡངན་ གནས་མ་བཏུབ་པ་ཅིན་ ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་ གྱིས་ ལས་འགུལ་ཅིག་ མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གི་གནས་ཚིག་དང་ ཆ་རྐྱེན་ལུ་གནས་བཅུག་ནི་ གི་དོན་ལུ་ འཁྲིལ་བསྟུན་གྱི་གན་རྒྱ་ཅིག་བཟོ་ཆོག། འཁྲིལ་བསྟུན་གྱི་གན་རྒྱ་ལུ་གཞི་བཞག་སྟེ་ མཐའ་འཁོར་གནས་སྟངས་ ཀྱི་ཉོགས་མེད་གནང་བ་བསྐྱར་གསོ་འབད་ཆོག། ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ འོས་འཚམས་ཀྱི་ ཉེས་ཆད་ཚུ་བརྩིས་ཏེ་ མཁོ་གལ་ཅན་གྱི་ལེགས་བཅོས་ཀྱི་ཐབས་ལམ་ཚུ་བཀལ་དགོ། མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་འགྱུར་བཅོས། ༤༠. ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ བསྐྱར་གསོའི་སྐབས་ལུ་ མཐའ་འཁོར་གྱི་གནས་ཚིག་དང་ ཆ་རྐྱེན་ ཚུ་འགྱུར་བཅོས་འབད་ཆོག། ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ གནང་བ་འཆང་མི་ལུ་མཐའ་འཁོར་གྱི་ གནས་ཚིག་ཚུ་ལུ་འགྱུར་བཅོས་གང་རུང་འབད་མི་གི་སྐོར་ལས་ རྒྱབ་ཁུངས་/རྒྱུ་མཚན་ཡིག་ཐོག་ལུ་བྱིན་དགོ། ༦ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གནང་ཐངས་ཀྱི་བཅའ་ཡིག་ ༢༠༡༦ ཅན་མ། Chapter VI: Public Consultation 41. The applicant shall send a written notice for public consultation of the proposed project along with project prospectus to the concerned local authorities. The concerned local authority shall provide reasonable and appropriate time for the public consultation. 42. The concerned local authority shall inform the applicant and notify the concerned people and agencies/organizations on the date, time and place for the public consultation. 43. The concerned local authority shall ensure that adequate opportunities are provided to the concerned people and agencies/organizations to express their concerns. 44. The applicant shall make a detail presentation in line with the project prospectus and possible impacts on the environment by the proposed project, including prevention and mitigation measures. 45. The local authorities shall facilitate concerned people express their views on the proposed project. The local authorities may represent the community in negotiations with the applicant and shall do their best to ensure that the applicant has paid adequate attention to local concerns. This includes, among other things, making copies of all environmental assessment documents and decisions available to the concerned people and open for public inspection. 46. The concerned local authority shall keep records of the meeting including minutes of the meeting and attendance of the public and provide a copy of such documents to the applicant. 47. When the proposed project has direct impact on a property owned by or registered in the name of an individual or a juristic person, the applicant shall acquire a written consent, authenticated by the concerned local authority, from that individual or juristic person. 48. The applicant shall carry out, at its sole expense, the public consultation requirements set forth above. 49. For projects subjected to Environmental Impact Assessment, the Secretariat shall upload a summary of a project on its official webpage for public disclosure and comments at least one month prior to the decision. 7 Regulation for Environmental Clearance of Projects 2016 ལེའུ་དྲུག་པ། མི་དམང་གྲྲོས་བསྟུན། ༤༡. ཞུ་ཡིག་ཕུལ་མི་གིས་ གྲྲོས་འཆར་བཀོད་པའི་ལས་འགུལ་གྱི་མི་དམང་གྲྲོས་བསྟུན་གྱི་དོན་ལུ་ འབྲེལ་ཡོད་ས་གནས་དབང་ འཛིན་ཚུ་ལུ་ ལས་འགུལ་གྱི་འཆར་སྣང་དང་བཅསཔ་སྦེ་ ཡིག་ཐོག་གི་བརྡ་བསྐུལ་གཏང་དགོ། ༤༢. འབྲེལ་ཡོད་ས་གནས་དབང་འཛིན་གྱིས་ ཞུ་ཡིག་ཕུལ་མི་དང་ འབྲེལ་ཡོད་མི་སེར་ཚུ་དང་ ལས་སྡེ་/ལས་ཚོགས་ཚུ་ལུ་ མི་ དམང་གྲྲོས་བསྟུན་གྱི་ཚེས་གྲངས་དང་ དུས་ཚོད་ ས་གནས་ཚུའི་སྐོར་ལས་བརྡ་ལན་འབད་དགོ། ༤༣. འབྲེལ་ཡོད་ས་གནས་དབང་འཛིན་གྱིས་ འབྲེལ་ཡོད་ཀྱི་མི་དང་ ལས་སྡེ་/ལས་ཚོགས་ཚུ་ལུ་ ཁོང་རའི་ཚ་གང་ཚུ་བསམ་བརྗོད་ འབད་ནི་དོན་ལུ་གོ་སྐབས་ཚུ་ལངམ་སྦེ་སྤྲོད་ཡོདཔ་ངེས་བརྟན་བཟོ་དགོ། ༤༤. ཞུ་ཡིག་ཕུལ་མི་གིས་ གྲྲོས་འཆར་བཀོད་པའི་ལས་འགུལ་གྱིས་ གནོད་ཉེན་ཚུའི་དོན་ལུ་སྔོན་འགོག་དང་ མར་ཕབ་ཀྱི་ཐབས་ ལམ་ཚུ་བརྩིས་ཏེ་ འབྱུང་སྲིད་པའི་མཐའ་འཁོར་ལུ་ཕན་གནོད་ཀྱི་སྐོར་ལས་ ལས་འགུལ་གྱི་འཆར་སྣང་དང་འཁྲིལ་གསལ་ བཤད་ཁ་གསལ་འབད་དགོ། ༤༥. ས་གནས་དབང་འཛིན་ཚུ་གིས་ འབྲེལ་ཡོད་མི་སེར་ཚུ་གིས་ གྲྲོས་འཆར་བཀོད་པའི་ལས་འགུལ་གྱི་སྐོར་ལས་ ཁོང་རའི་བསམ་ འཆར་ཚུ་བཤད་ནི་ལུ་ཕན་འདེབས་འབད་དགོ། ས་གནས་དབང་འཛིན་ཚུ་གིས་ མི་སྡེ་གི་ཧོང་ལས་ ཞུ་ཡིག་ཕུལ་མི་དང་གཅིག་ ཁར་བདེ་སྒྲིག་གི་ངོ་ཚབ་འབད་ཆོག་ནི་དང་ ཞུ་ཡིག་ཕུལ་མི་གིས་ ས་གནས་ཀྱི་ཚ་གང་ཚུ་ལུ་དྲན་ཚོར་ལངམ་སྦེ་བསྐྱེད་ཡོདཔ་ ངེས་བརྟན་བཟོ་ནིའི་དོན་ལུ་ ག་དེ་དྲག་དྲག་བརྩོན་ཤུགས་བསྐྱེད་དགོ། འདི་གི་གྲངས་སུ་ གནད་དོན་གཞན་དང་གཅིག་ཁར་ འབྲེལ་ཡོད་མི་སེར་ཚུ་ལུ་ མཐའ་འཁོར་བརྟག་ཞིབ་ཡིག་ཆ་དང་གྲྲོས་ཆོད་ཚུ་ག་ར་ཐོབ་ཚུགསཔ་བཟོ་ནི་དང་ མི་དམང་གིས་ བརྟག་དཔྱད་འབད་ཚུགསཔ་བཟོ་ནི་ཚུ་ཚུདཔ་ཨིན། ༤༦. འབྲེལ་ཡོད་ས་གནས་དབང་འཛིན་གྱིས་ འཛོམས་འདུའི་གྲྲོས་ཆོད་དང་ མི་དམང་གི་འཛོམས་ཐོ་བརྩིས་ཏེ་ འཛོམས་འདུའི་ཟྱིན་ ཐོ་བཞག་ཞིནམ་ལས་ ཞུ་ཡིག་ཕུལ་མི་ལུ་ཡིག་ཆ་དེ་ཚུའི་འདྲ་ཅིག་བྱིན་དགོ། ༤༧. གྲྲོས་འཆར་བཀོད་པའི་ལས་འགུལ་གྱིས་ ངོ་རྐྱང་ ཡངན་ ཁྲིམས་མཐུན་མི་ངོ་ཅིག་གི་མིང་ཐོག་བདག་དབང་ཡོད་མི་ ཡངན་ཐོ་ བཀོད་འབད་དེ་ཡོད་པའི་རྒྱུ་དངོས་ལུ་ ཐད་ཀར་དུ་གནོད་པ་ཡོད་པ་ཅིན་ ཞུ་ཡིག་ཕུལ་མི་གིས་ ངོ་རྐྱང་ ཡངན་ ཁྲིམས་མཐུན་མི་ ངོ་དེ་ལས་ འབྲེལ་ཡོད་ས་གནས་དབང་འཛིན་གྱིས་བདེན་དཔྱད་བཀོད་དེ་ཡོད་པའི་ཡིག་ཐོག་གི་གནང་བ་ལེན་དགོ། ༤༨. ཞུ་ཡིག་ཕུལ་མི་གིས་ ཟད་སོང་ཡོངས་རྫོགས་རང་གིས་གཏང་ཐོག་ལས་ གོང་ལུ་བཀོད་མི་མི་དམང་གི་གྲྲོས་བསྟུན་དགོས་ མཁོ་ཚུ་ག་ར་འབད་དགོ། ༤༩. མཐའ་འཁོར་གནོད་ཉེན་བརྟག་ཞིབ་ཀྱི་དབང་ལུ་འདུ་མི་ ལས་འགུལ་ཚུའི་དོན་ལུ་ ལྷན་ཚོགས་ཡིག་ཚང་གིས་ ལས་འགུལ་ འདིའི་བཅུད་དོན་ཅིག་ མི་དམང་ལུ་གསལ་སྟོན་འབད་ནི་དང་ བསམ་འཆར་བཀོད་ནིའི་དོན་ལུ་ ཉུང་ཤོས་རང་ གྲྲོས་ཐག་མ་ ཆོད་པའི་ཟླཝ་གཅིག་གི་ཧེ་མ་ལས་ འདི་གི་གཞུང་འབྲེལ་གྱི་ཡོངས་འབྲེལ་འཆར་སྒོ་ནང་བཙུགས་དགོ། ༧ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གནང་ཐངས་ཀྱི་བཅའ་ཡིག་ ༢༠༡༦ ཅན་མ། 50. The Secretariat or Competent Authority shall review and evaluate implementation of the public consultation process whose comments may be taken into account while taking decision. The Secretariat and the Competent Authority shall give a reasoned decision. 51. The Secretariat or Competent Authority shall evaluate the findings of public consultation. The decision of the Secretariat or Competent Authority shall be final and binding. Chapter VII: Monitoring, Enforcement and Reporting Monitoring by the Secretariat and Competent Authorities 52. The Secretariat or the Competent Authority shall prepare monitoring programs for projects to which Environmental Clearance has been granted and carry out compliance monitoring accordingly. 53. The Secretariat may require the relevant Competent Authority to conduct monitoring for non-listed projects including assistance and cooperation for joint monitoring where necessary. Inspection 54. An officer who enters property under Articles 44 and 46 of the EA Act, 2000 shall, upon request, provide proof of identity/identification and justification of their action to any person on the site. The Holder may deny access to officials without proof of identity/ identification. 55. Procedure for inspection shall be followed as prescribed under section 92 to 98 of the National Environment Protection Act of Bhutan, 2007. 56. Inspection shall, among others, seek to: (1) ensure compliance with the terms and conditions of the Environmental Clearance; (2) identify and address any unforeseen impacts of the project; (3) detect actual changes occurring in the environment during construction and operation of the project; and (4) enable continuous improvement of the environmental performance of the project. 8 Regulation for Environmental Clearance of Projects 2016 ༥༠. ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ གྲྲོས་ཐག་ཆོད་པའི་སྐབས་ལུ་བསམ་འཆར་ཚུ་ལུ་བརྩི་འཇོག་འབད་ དགོ་པའི་ མི་དམང་གི་གྲྲོས་བསྟུན་བྱ་རིམ་ཚུ་བསྐྱར་ཞིབ་དང་ ལག་ལེན་དབྱེ་ཞིབ་འབད་དགོ། ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ རྒྱུ་མཚན་བཀོད་པའི་གྲྲོས་ཆོད་བྱིན་དགོ། ༥༡. ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ མི་དམང་གྲྲོས་བསྟུན་གྱི་གྲུབ་འབྲས་ཚུ་དབྱེ་ཞིབ་འབད་དགོ། ལྷན་ ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱི་གྲྲོས་ཆོད་འདི་མཐའ་དཔྱད་ཨིན། ལེའུ་བདུན་པ། ལྟ་རྟོག་དང་ བསྟར་སྤྱོད་ སྙན་ཞུ། ལྷན་ཚོགས་ཡིག་ཚང་དང་ ཚད་ལྡན་དབང་འཛིན་ཚུ་གིས་ལྟ་རྟོག་འབད་ཐངས། ༥༢. ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ མཐའ་འཁོར་གནས་སྟངས་ཀྱི་་ཉོགས་མེད་གནང་བ་བྱིན་ཏེ་ཡོད་མི་ ལས་འགུལ་ཚུའི་དོན་ལུ་ ལྟ་རྟོག་གི་ལས་རིམ་བཟོ་ཞིནམ་ལས་ དེ་དང་བསྟུན་ཏེ་འཁྲིལ་བསྟུན་གྱི་ལྟ་རྟོག་འབད་དགོ། ༥༣. ལྷན་ཚོགས་ཡིག་ཚང་གིས་ འབྲེལ་ཡོད་ཚད་ལྡན་དབང་འཛིན་ལུ་ མཁོ་གལ་ཡོད་ས་ལུ་མཉམ་རུབ་ལྟ་རྟོག་གི་དོན་ལུ་ རྒྱབ་ སྐྱོར་དང་མཐུན་འབྲེལ་བརྩིས་ཏེ་ ཐོ་ཡིག་ནང་མ་འཁོད་པའི་ལས་འགུལ་ཚུའི་དོན་ལུ་ ལྟ་རྟོག་འབད་ནི་གི་དགོས་མཁོ་བཀོད་ ཆོག། ཞིབ་དཔྱད། ༥༤. མཐའ་འཁོར་གནས་སྟངས་ཀྱི་བརྟག་ཞིབ་བཅའ་ཁྲིམས་༢༠༠༠ ཅན་མའི་དོན་ཚན་༤༤ དང་ ༤༦ པའི་དགོངས་དོན་ལྟར་ དུ་ འགོ་དཔོན་ཅིག་གིས་ གཞན་དབང་གི་རྒྱུ་དངོས་ཚུ་ནང་འཛུལ་སྤྱོད་འབད་བའི་སྐབས་ ས་གནས་ནང་གི་མི་ངོ་གང་རུང་གིས་ ཁོང་རའི་ངོ་རྟགས་/ངོས་འཛིན་གྱི་སྒྲུབ་བྱེད་དང་ ས་ཁོངས་ནང་འཛུལ་དགོ་པའི་གནད་དོན་ཚུ་དོགས་དཔྱད་རེ་འབད་ཚེ་ དེ་ མཚུངས་ཀྱི་བདེན་ཁུངས་ཚུ་བཏོན་དགོ། གནང་བ་འཆང་མི་གིས་ ངོ་རྟགས་/ངོས་འཛིན་གྱི་སྒྲུབ་བྱེད་མེད་མི་འགོ་དཔོན་ཚུ་ལུ་ འཛུལ་སྤྱོད་འབད་ནི་ལས་ངོས་ལེན་མ་འབད་བར་བཞག་ཆོག། ༥༥. ཞིབ་དཔྱད་ཀྱི་དོན་ལུ་བྱ་སྒོ་ལམ་ལུགས་འདི་ འབྲུག་གི་རྒྱལ་ཡོངས་མཐའ་འཁོར་སྲུང་སྐྱོབ་བཅའ་ཁྲིམས་༢༠༠༧ ཅན་མའི་ དོན་ཚན་༩༢ ལས་༩༨ ཚུན་གྱི་འོག་ལུ་ཆེད་དུ་བཀོད་མི་དང་འཁྲིལ་ཏེ་འབད་དགོ། ༥༦. ཞིབ་དཔྱད་འདི་ཡང་ གནད་དོན་གཞན་དང་གཅིག་ཁར་ གཤམ་གསལ་ཚུ་གི་དོན་ལུ་འབད་དགོཔ་འདི་ཡང་ཿ (༡) མཐའ་འཁོར་གནས་སྟངས་ཀྱི་་ཉོགས་མེད་གནང་བའི་ འགན་ཚིག་ཚུ་ལུ་གནས་ཡོདཔ་ངེས་བརྟན་བཟོ་ནི་དང་། (༢) ལས་འགུལ་གྱི་དོན་ལུ་ ཧེ་མ་ལས་སླབ་མ་ཚུགས་པའི་ གནོད་ཉེན་ཚུ་ ངོས་འཛིན་འབད་ནི་དང་ སེལ་ནི། (༣) ལས་འགུལ་གྱི་བཟོ་བསྐྲུན་དང་ ལག་ལེན་གྱི་སྐབས་ལུ་མཐའ་འཁོར་ལུ་འབྱུང་མི་ འགྱུར་བ་ངོ་མ་ཚུ་ཤེས་རྟོགས་འབད་ ནི། (༤) ལས་འགུལ་གྱི་ མཐའ་འཁོར་གྱི་ལས་དོན་འཕྲོ་མཐུད་དེ་ཡར་དྲག་གཏང་ཚུགསཔ་བཟོ་ནི། ༨ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གནང་ཐངས་ཀྱི་བཅའ་ཡིག་ ༢༠༡༦ ཅན་མ། 57. When the Secretariat or the Competent Authority has reasonable grounds to believe that an offence under Article 49 of the EA Act, 2000 has been committed or is about to be committed, it shall warn the person suspected in writing. 58. The warning letter shall describe the action or inaction that constitutes the offense, and order them to cease the offense and to take any necessary remedial measures within a set time limit. It shall state the contact details of the responsible official and deadline for responding to the warning. Monitoring by the Holder 59. The Environmental Unit or the Environmental Focal Person shall be responsible for carrying out regular monitoring as per the monitoring programme developed based on the format after issuance of the Environmental Clearance and report to the Secretariat or the concerned Competent Authority. Compliance Agreement 60. Failure to comply with Section 58 the Secretariat or Competent Authority may give an opportunity to the person committing an offence to make a compliance agreement and/ or impose sanctions under Articles 50-54 of the EA Act, 2000. 61. The Secretariat or Competent Authority may give the person receiving the compliance order the opportunity to make a compliance agreement in writing with the head of the Secretariat or Competent Authorities. In this agreement, the holder must undertake to comply with the Environmental Clearance within the time and on the terms specified in the agreement. 62. When the Holder fails to comply with the compliance agreement, the Secretariat or the Competent Authority shall levy appropriate sanctions as per the EA Act 2000 and this Regulation. 63. The Secretariat and the Competent Authority may take remedial and restorative measures when the Holder fails to comply with imposed order/sanction. Any cost incurred by the Secretariat or the Competent Authority shall be recovered from the Holder. 9 Regulation for Environmental Clearance of Projects 2016 ༥༧. ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ མཐའ་འཁོར་གནས་སྟངས་ཀྱི་བརྟག་ཞིབ་བཅའ་ཁྲིམས་༢༠༠༠ ཅན་མའི་དོན་ཚན་༤༩ པའི་འོག་གི་གནོད་འགེལ་ཅིག་འཐབ་ཡོདཔ་ ཡངན་ འཐབ་ནི་གུར་ཐུག་སྟེ་ཡོད་པའི་བདེན་ཁུངས་ལུ་ རྒྱུ་མཚན་ལྡན་པའི་གཞི་གནད་ཡོད་པ་ཅིན་ དོགས་གཟོན་ཅན་གྱི་མི་ངོ་དེ་ལུ་ཡིག་ཐོག་གི་ཉེན་བརྡ་འབད་དགོ། ༥༨. ཉེན་བརྡ་ཡི་གུ་དེ་ནང་ གནོད་འགེལ་ལུ་གྱུར་མི་ བྱ་སྤྱོད་ ཡངན་ སྣང་མེད་ཀྱི་སྐོར་ལས་འགྲེལ་བཤད་རྐྱབ་སྟེ་ གནོད་འགེལ་ དེ་མཚམས་འཇོག་འབད་དགོཔ་དང་ ཚད་བཀོད་མི་དུས་ཡུན་ནང་འཁོད་ལུ་ མཁོ་གལ་ཅན་གྱི་ལེགས་བཅོས་ཀྱི་ཐབས་ལམ་ཚུ་ འབད་དགོ་པའི་བཀོད་རྒྱ་གཏང་དགོ། འདི་ནང་ འགན་འཁུར་ཅན་གྱི་འགོ་དཔོན་གྱི་འབྲེལ་བ་འཐབ་སའི་ཁ་གསལ་དང་ ཉེན་ བརྡ་ལུ་ལན་འདེབས་འབད་ནི་གི་མཇུག་གི་ཚེས་གྲངས་ཚུ་བཀོད་དགོ། གནང་བ་འཆང་མི་གིས་ལྟ་རྟོག་འབད་ཐངས། ༥༩. མཐའ་འཁོར་སྡེ་ཕྲན་ ཡངན་ མཐའ་འཁོར་གྱི་འབྲེལ་གཏོགས་མི་ངོ་གིས་ མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་ བ་ཐོབ་ཞིནམ་ལས་ ལྟ་རྟོག་གི་ལས་རིམ་བཟོ་མི་དང་འཁྲིལ་ཏེ་ རྒྱུན་རིམ་གྱི་ལྟ་རྟོག་འབད་དེ་ ལྷན་ཚོགས་ཡིག་ཚང་ ཡངན་ འབྲེལ་ཡོད་ཚད་ལྡན་དབང་འཛིན་ལུ་སྙན་ཞུ་འབད་ནི་གི་འགན་འཁུར་འབག་དགོ། འཁྲིལ་བསྟུན་གྱི་གན་རྒྱ། ༦༠. དོན་ཚན་༥༨ པ་ལུ་མ་གནས་པ་ཅིན་ ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ གནོད་འགེལ་འཐབ་མི་ མི་ ངོ་དེ་ལུ་འཁྲིལ་བསྟུན་གྱི་གན་རྒྱ་བཟོ་ནི་གི་གོ་སྐབས་བྱིན་ནི་དང་/ཡངན་ མཐའ་འཁོར་གནས་སྟངས་ཀྱི་བརྟག་ཞིབ་བཅའ་ ཁྲིམས་༢༠༠༠ ཅན་མའི་དོན་ཚན་༥༠-༥༤ འོག་གི་ཉེས་ཆད་ཚུ་བཀལ་ཆོག། ༦༡. ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ འཁྲིལ་བསྟུན་གྱི་བཀའ་རྒྱ་ཐོབ་མི་ མི་ངོ་དེ་ལུ་ ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱི་འགོ་འཛིན་དང་གཅིག་ཁར་ ཡིག་ཐོག་གི་འཁྲིལ་བསྟུན་གན་རྒྱ་བཟོ་ནིའི་གོ་སྐབས་བྱིན་ཆོག། གན་རྒྱ་འདི་ནང་ གནང་བ་འཆང་མི་གིས་ གན་རྒྱ་ནང་བཀོད་པའི་དུས་ཚོད་ནང་འཁོད་དང་ ཁ་ཚིག་ཐོག་ལུ་ མཐའ་འཁོར་ གནས་སྟངས་ཀྱི་ཉོགས་མེད་གནང་བ་ལུ་གནས་ནི་གི་ཁས་ལེན་འབད་དགོ། ༦༢. གནང་བ་འཆང་མི་གིས་ འཁྲིལ་བསྟུན་གྱི་གན་རྒྱ་ལུ་གནས་མ་བཏུབ་པ་ཅིན་ ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་ འཛིན་གྱིས་ མཐའ་འཁོར་གནས་སྟངས་ཀྱི་བརྟག་ཞིབ་བཅའ་ཁྲིམས་དང་ བཅའ་ཡིག་འདི་དང་འཁྲིལ་ཏེ་འོས་འཚམས་ལྡན་ པའི་ཉེས་ཆད་ཚུ་བཀལ་དགོ། ༦༣. གནང་བ་འཆང་མི་གིས་བཀའ་རྒྱ་/ཉེས་ཆད་གུར་གནས་མ་བཏུབ་པའི་སྐབས་ལུ་ ལྷན་ཚོགས་ཡིག་ཚང་དང་ ཚད་ལྡན་དབང་ འཛིན་གྱིས་ ལེགས་བཅོས་དང་ བསྐྱར་བཅོས་ཀྱི་ཐབས་ལམ་ཚུ་བཏོན་ཆོག། ལྷན་ཚོགས་ཡིག་ཚང་དང་ ཚད་ལྡན་དབང་འཛིན་ གྱིས་ཟད་སོང་གནས་མི་ཚུ་ གནང་བ་འཆང་མི་ལས་ལོག་ལེན་དགོ། ༩ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གནང་ཐངས་ཀྱི་བཅའ་ཡིག་ ༢༠༡༦ ཅན་མ། 64. The Secretariat or Competent Authority may issue a separate order concerning: (1) Matters not covered by the compliance agreement; (2) The consequences of non-compliance with the agreement; and (3) Matters covered by the agreement, if additional facts relevant to the agreement were not known to the Secretariat or competent authority at the time of the agreement. Enforcement 65. The Secretariat or Competent Authorities shall ensure compliance with requirements under the Act and this Regulation. 66. When a Competent Authority fails to take reasonable enforcement action, the Secretariat may ask the Competent Authority to take appropriate action to remedy the situation within a given deadline. 67. When the Competent Authority fails to comply with the order from the Secretariat, the Secretariat shall report the matter to the Commission. The Commission may take appropriate action against the Competent Authority. 68. When the Secretariat fails to take reasonable enforcement action, the Commission may order the Secretariat to take appropriate action. Reporting 69. The Secretariat shall report annually on the implementation and enforcement of the EA Act, 2000 to the National Environment Commission. Similarly, the Competent Authorities shall report annually to the Secretariat. 70. The report must contain the following information: (1) A list of application for environmental clearance received and it’s status (whether approved, rejected, withdrawn, pending or under appeal giving reasons and justifications for the decisions); (2) monitoring and enforcement status; (3) application fees collected 10 Regulation for Environmental Clearance of Projects 2016 ༦༤. ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ གཤམ་གསལ་གྱི་སྐོར་ལས་ བཀའ་རྒྱ་ལོགས་སུ་སྦེ་གནང་ཆོག་ ནི་འདི་ཡང་ཿ (༡) འཁྲིལ་བསྟུན་གྱི་གན་རྒྱ་ནང་མ་ཚུད་པའི་གནད་དོན་ཚུ་དང་། (༢) གན་རྒྱ་ལུ་མ་གནས་པའི་འཁྲི་བ་ཚུ། (༣) ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་གྱིས་ གན་རྒྱ་བཟོ་བའི་སྐབས་ལུ་ གན་རྒྱ་དེ་དང་འབྲེལ་བ་ཡོད་པའི་ གནད་དོན་ཁ་སྐོང་ཚུ་ མ་ཤེས་པར་གན་རྒྱ་ནང་མ་ཚུད་པར་ལུས་པའི་གནད་དོན་ཚུ། བསྟར་སྤྱོད། ༦༥. ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ བཅའ་ཁྲིམས་དང་ བཅའ་ཡིག་འདིའི་འོག་གི་དགོས་མཁོ་ཚུ་ལུ་ གནས་ཡོདཔ་ངེས་བརྟན་བཟོ་དགོ། ༦༦. ཚད་ལྡན་དབང་འཛིན་གྱིས་ རྒྱུ་མཚན་ལྡན་པའི་བསྟར་སྤྱོད་ཀྱི་གདོང་ལེན་ཚུ་འཐབ་མ་བཏུབ་པ་ཅིན་ ལྷན་ཚོགས་ཡིག་ཚང་གིས་ ཚད་ལྡན་དབང་འཛིན་ལུ་ དུས་ཡུན་བྱིན་མི་གི་ནང་འཁོད་ལུ་གནས་སྟངས་དེ་ལེགས་བཅོས་འབད་ནི་གི་དོན་ལུ་ འོས་འབབ་དང་ ལྡན་པའི་གདོང་ལེན་འཐབ་དགོཔ་སྦེ་སླབ་ཆོག། ༦༧. ཚད་ལྡན་དབང་འཛིན་གྱིས་ ལྷན་ཚོགས་ཡིག་ཚང་ལས་བཏང་མི་བཀའ་རྒྱ་ལུ་མ་གནས་པ་ཅིན་ ལྷན་ཚོགས་ཡིག་ཚང་གིས་ གནད་དོན་དེ་གི་སྐོར་ལས་ ལྷན་ཚོགས་ལུ་སྙན་ཞུ་འབད་དགོ། ལྷན་ཚོགས་ཀྱིས་ ཚད་ལྡན་དབང་འཛིན་ལུ་འོས་འཚམས་ལྡན་ པའི་གདོང་ལེན་འཐབ་ཆོག། ༦༨. ལྷན་ཚོགས་ཡིག་ཚང་གིས་ རྒྱུ་མཚན་ལྡན་པའི་བསྟར་སྤྱོད་ཀྱི་གདོང་ལེན་འཐབ་མ་བཏུབ་པ་ཅིན་ ལྷན་ཚོགས་ཀྱིས་ལྷན་ཚོགས་ ཡིག་ཚང་ལུ་ འོས་འཚམས་ལྡན་པའི་གདོང་ལེན་འཐབ་དགོ་པའི་བཀའ་རྒྱ་གནང་ཆོག། སྙན་ཞུ། ༦༩. ལྷན་ཚོགས་ཡིག་ཚང་གིས་ མཐའ་འཁོར་གནས་སྟངས་ཀྱི་བརྟག་ཞིབ་བཅའ་ཁྲིམས་༢༠༠༠ ཅན་མའི་ལག་ལེན་དང་བསྟར་ སྤྱོད་སྐོར་ལས་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ལུ་ ལོ་བསྟར་སྙན་ཞུ་འབད་དགོ། དེ་བཟུམ་སྦེ་ ཚད་ལྡན་དབང་འཛིན་ གྱིས་ ལྷན་ཚོགས་ཡིག་ཚང་ལུ་ལོ་བསྟར་སྙན་ཞུ་འབད་དགོ། ༧༠. སྙན་ཞུ་དེ་ནང་ གཤམ་གསལ་བརྡ་དོན་ཚུ་བཀོད་དགོ་ཿ (༡) མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གི་དོན་ལུ་ལྷོད་པའི་ཞུ་ཡིག་གི་ཐོ་དང་ དེ་གི་གནས་ཚད། (གྲྲོས་ ཆོད་ཀྱི་སྐོར་ལས་རྒྱུ་མཚན་དང་ བདེན་ཁུངས་ཚུ་བྱིན་ཐོག་ལས་ ཆ་འཇོག་གྲུབ་ཡོདཔ་ཨིན་ན་ ཡངན་ ཕྱིར་འབུད་བཏང་ ཡོདཔ་ཨིན་ན་ ཕྱིར་བཏོན་འབད་ཡོདཔ་ཨིན་ན་ ཕྱིར་འགངས་སྦེ་ཡོདཔ་ཨིན་ན་ མཐོ་གཏུགས་ནང་ཡོདཔ་ཨིན་ན་) (༢) ལྟ་རྟོག་དང་ བསྟར་སྤྱོད་ཀྱི་གནས་ཚད། (༣) ཞུ་ཡིག་གི་གླ་འཐུས་བསྡུ་ལེན་འབད་ཡོད་མི་ཚུ། ༡༠ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གནང་ཐངས་ཀྱི་བཅའ་ཡིག་ ༢༠༡༦ ཅན་མ། Chapter VIII: Offences and Penalties Offences 71. The following actions shall constitute an offence: (1) Establishing, commencing or carrying out a project without the required environmental clearance; (2) Altering or interfering with devices, installed as per the environmental terms; (3) Giving false or misleading statements or information regarding an application for or compliance with the environmental clearance to any officer under the EA Act; (4) Failure to comply with an order issued under Article 42 of the EA Act; (5) Failure to provide information according to Articles 26 and 27 of the EA Act; (6) Willfully delaying or preventing access to the project site in violation of Article 44 of EA Act; (7) Failure to extend cooperation to officers of the competent authority or the secretariat in execution of their duties under the EA Act and the Regulation; (8) Failure to report according to Article 48 of the EA Act; (9) Failure to comply with the terms of the environmental clearance; (10) Issuance of environmental clearance in violation of the procedures and requirements of the Act and the Regulation; and (11) Failure to comply with any other provision of the Act, regulations or rules under it. Sanctions and Compensation 72. Whoever commits an offense under the EA Act, 2000 may be subject to sanctions, held liable for payment of compensation for environmental damage resulting from their action, as well as subject to prosecution for any related criminal offense. 11 Regulation for Environmental Clearance of Projects 2016 ལེའུ་བརྒྱད་པ། གནོད་འགེལ་དང་ཉེས་ཆད། གནོད་འགེལ། ༧༡. གཤམ་གསལ་བྱ་སྤྱོད་ཚུ་གནོད་འགེལ་གྱི་གྲངས་སུ་ཚུད་ནི་འདི་ཡང་ཿ (༡) དགོས་མཁོ་ཅན་གྱི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་མེད་པར་ ལས་འགུལ་ཅིག་གཞི་བཙུགས་འབད་ ནི་ ཡངན་ འགོ་བཙུགས་ནི་ ལག་ལེན་འཐབ་ནི་དང་། (༢) མཐའ་འཁོར་གནས་སྟངས་ཀྱི་འགན་ཚིག་དང་འཁྲིལ་ཏེ་བཙུགས་ཡོད་མི་ འཕྲུལ་ཆས་ཚུ་ལུ་འགྱུར་བཅོས་བཏང་ནི་ ཡངན་ བར་བཀྲོགས་འབད་ནི། (༣) མཐའ་འཁོར་གནས་སྟངས་ཀྱི་བརྟག་ཞིབ་བཅའ་ཁྲིམས་འོག་ལུ་འགོ་དཔོན་གང་རུང་ཅིག་ལུ་ མཐའ་འཁོར་གནས་ སྟངས་ཀྱི་ཉོགས་མེད་གནང་བའི་དོན་ལུ་ཞུ་ཡིག་ ཡངན་ མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་དང་ འཁྲིལ་བསྟུན་གྱི་སྐོར་ལས་ ངག་བརྗོད་ ཡངན་ བརྡ་དོན་རྫུན་མ་ ཡངན་ ཕྱི་འགྱུར་བྱིན་ནི། (༤) མཐའ་འཁོར་བརྟག་ཞིབ་བཅའ་ཁྲིམས་ཀྱི་དོན་ཚན་༤༢ པའི་འོག་ལུ་སྤྲོད་མི་ བཀའ་རྒྱ་ལུ་གནས་མ་བཏུབ་མི། (༥) མཐའ་འཁོར་བརྟག་ཞིབ་བཅའ་ཁྲིམས་ཀྱི་དོན་ཚན་༢༦ དང་༢༧ པ་དང་འཁྲིལ་ཏེ་བརྡ་དོན་བྱིན་མ་བཏུབ་མི། (༦) མཐའ་འཁོར་བརྟག་ཞིབ་བཅའ་ཁྲིམས་ཀྱི་དོན་ཚན་༤༤ པ་ལུ་མ་གནས་པར་ ལས་འགུལ་གྱི་ས་གནས་ནང་འཛུལ་སྤྱོད་ འབད་ནི་ལུ་ཆེད་དམིགས་ཀྱི་ཐོག་ལས་ཕར་འགངས་འབད་ནི་ ཡངན་ ལམ་བཀག་རྐྱབ་ནི། (༧) ཚད་ལྡན་དབང་འཛིན་ ཡངན་ ལྷན་ཚོགས་ཡིག་ཚང་གི་འགོ་དཔོན་ཚུ་ལུ་ མཐའ་འཁོར་བརྟག་ཞིབ་བཅའ་ཁྲིམས་དང་ ་ བཅའ་ཡིག་གི་འོག་ལུ་ཁོང་རའི་ལཱ་འགན་ཚུ་འཐབ་ནི་ནང་མཐུན་འབྲེལ་འབད་མ་བཏུབ་མི། (༨) མཐའ་འཁོར་བརྟག་ཞིབ་བཅའ་ཁྲིམས་ཀྱི་དོན་ཚན་༤༨ པ་དང་འཁྲིལ་ཏེ་སྙན་ཞུ་འབད་མ་བཏུབ་མི། (༩) མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གི་ འགན་ཚིག་ཚུ་ལུ་གནས་མ་བཏུབ་མི། (༡༠) བཅའ་ཁྲིམས་དང་ བཅའ་ཡིག་གི་བྱ་སྒོ་ལམ་ལུགས་དང་ དགོས་མཁོ་ཚུ་ལས་འགལ་ཏེ་ མཐའ་འཁོར་གནས་སྟངས་ ཀྱི་ ཉོགས་མེད་གནང་བ་སྤྲོད་ནི། (༡༡) བཅའ་ཁྲིམས་ ཡངན་ སྒྲིག་གཞི་ ཡངན་ དེའི་འོག་གི་བཅའ་ཡིག་ཚུའི་དགོངས་དོན་གཞན་གང་རུང་ལུ་གནས་མ་བཏུབ་ མི། ཉེས་བྱ་དང་ རྒུད་འཐུས། ༧༢. མཐའ་འཁོར་གནས་སྟངས་ཀྱི་བརྟག་ཞིབ་བཅའ་ཁྲིམས་༢༠༠༠ ཅན་མའི་འོག་ལུ་ གནོད་འགེལ་འཐབ་མི་ག་རང་ཨིན་རུང་ ཉེས་བྱ་བཀལ་ནི་དང་ གནོད་འགེལ་གྱི་བྱ་སྤྱོད་ལས་བརྟེན་ཏེ་མཐའ་འཁོར་ལུ་གནོད་སྐྱོན་བྱུང་མི་གི་རྒུད་འཐུས་སྤྲོད་བཅུག་ནི་ དེ་བཟུམ་སྦེ་ཉེས་ལས་ཀྱི་གནོད་འགེལ་འཐབ་མི་གི་དོན་ལུ་ཉེས་བཤེར་འབད་ཆོག། ༡༡ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གནང་ཐངས་ཀྱི་བཅའ་ཡིག་ ༢༠༡༦ ཅན་མ། 73. Sanctions under the EA Act, 2000 include one or more of the following: (1) suspension or revocation of environmental clearance, in part or in whole, (2) Order to take mitigating, corrective or restorative measures as may be considered necessary to prevent further damage being caused to human health or environment or both. (3) payment of a fine. 74. The Secretariat or the Competent Authorities may order for reimbursement of any costs incurred by an authority because of the offender’s failure to take the notified measures in time and also payment of compensatory costs for rectifying any damage to persons or property caused by the offence. 75. Fine Schedule: A fine shall range from five thousand to fifty thousand Ngultrums, depending on the severity of the offence. When the offense is repeated in violation of an order issued under Article 42 of the EA Act, 2000, an additional fine of twenty thousand Ngultrums may be imposed for every day the offense continues after the expiration of the time limit. The amount of fine may be reviewed and revised from time to time. 76. A fine equivalent to ten times of the applicable application fees shall be imposed for establishing, commencing or carrying out a project without the required environmental clearance. 77. The fine amount for the repeated offence shall be double the previous amount imposed for the same offence. 78. The Secretariat or the Competent Authority may provide a reasonable timeline for payment of imposed fines. The Secretariat or the Competent Authority may issue stop order for failure to pay the imposed fine within the given deadline. 79. An authorized officer(s) of the Secretariat or Competent Authority may be empowered to levy fine under this regulation. 80. A sanction for an offence under the EA Act, 2000 does not relieve a person from other liabilities under the law. 12 Regulation for Environmental Clearance of Projects 2016 ༧༣. མཐའ་འཁོར་གནས་སྟངས་ཀྱི་བརྟག་ཞིབ་བཅའ་ཁྲིམས་༢༠༠༠ ཅན་མའི་འོག་གི་ཉེས་བྱ་ཚུ་ནང་གཤམ་གསལ་ལས་གཅིག་ ཡངན་ དེ་ལས་མངམ་སྦེ་ཚུད་མི་འདི་ཡང་ཿ (༡) མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་ ཆ་ཤས་ཅིག་ཡངན་ཡོངས་རྫོགས་སྦེ་མཚམས་འཇོག་ ཡངན་ ཆ་ མེད་གཏང་ནི། (༢) མི་གི་འཕྲོད་བསྟེན་ ཡངན་ མཐའ་འཁོར་ ཡངན་ གཉིས་ཆ་ར་ལུ་གནོད་སྐྱོན་ཐེབས་འབྱུང་ནི་ལས་སྔོན་འགོག་འབད་ནི་གི་ དོན་ལུ་ མཁོ་གལ་ཅན་སྦེ་མཐོང་མི་ མར་ཕབ་ ཡངན་ ལེགས་བཅོས་ བསྐྱར་བཅོས་ཀྱི་ཐབས་ལམ་ཚུ་འབད་དགོ་པའི་ བཀའ་རྒྱ་གཏང་ནི། (༣) ཉེས་ཆད་སྤྲོད་ནི། ༧༤. ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་ཚུ་གིས་ གནོད་འགེལ་པ་གིས་ གསལ་བསྒྲགས་འབད་བའི་ཐབས་ལམ་ ཚུ་དུས་ཚོད་ལུ་མ་འབད་མི་ལུ་བརྟེན་ཏེ་ དབང་འཛིན་གྱི་ཁ་ཐུག་ལས་ཟད་སོང་གཏང་དགོཔ་འཐོན་མི་གི་ རིན་དངུལ་ལོག་སྤྲོད་ ནི་དང་ གནོད་འགེལ་ལུ་བརྟེན་ཏེ་ མི་ངོ་ཚུ་ལུ་ ཡངན་ རྒྱུ་དངོས་ཚུ་ལུ་གནོད་སྐྱོན་བྱུང་མི་ཚུ་ལེགས་བཅོས་འབད་བའི་རྒུད་ འཐུས་ཀྱི་རིན་དངུལ་སྤྲོད་དགོ་པའི་བཀའ་རྒྱ་གནང་ཆོག། ༧༥. ཉེས་ཆད་ཀྱི་ཟུར་ཐོཿ ཉེས་སྤྱོད་ཀྱི་ཤུགས་ཆེ་ཧིང་དང་འཁྲིལ་ཉེས་ཆད་དངུལ་ཀྲམ་༥༠༠༠་ལས་དངུལ་ཀྲམ་༥༠༠༠༠ཚུན་ བཀལ་ཆོག། སྤྱི་ལོ་༢༠༠༠་ལོའི་མཐའ་འཁོར་གནས་སྟངས་ཀྱི་བརྟག་ཞིབ་བཅའ་ཁྲིམས་དེའི་ཁྲིམས་དོན་༤༢་ལྟར་གནང་ བའི་བཀའ་རྒྱ་ལས་འགལ་ཏེ་ ཡངས་བསྐྱར་ཉེས་སྤྱོད་འབད་ཡོད་ཚེ་ དུས་ཡུན་གྱི་ཚད་བཟོ་ཡོད་མི་འདི་རྫོགས་ཞིནམ་ལས་ ཉེས་སྤྱོད་འཕྲོ་མཐུད་དེ་འབད་མི་ལུ་ ད་རུང་ཉེས་ཆད་ཁ་སྐོང་ཉིནམ་རེ་ལུ་དངུལ་ཀྲམ་༢༠༠༠༠་རེ་བཀལ་ཆོག། ཉེས་ཆད་དེ་ དུས་ཐོག་ལུ་བསྐྱར་ཞིབ་དང་བསྒྱུར་བཅོས་འབད་ཆོག། ༧༦. མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་མེད་པར་ ལས་འགུལ་ཅིག་གཞི་བཙུགས་དང་ འགོ་བཙུགས་ཡངན་ ལག་ ལེན་འཐབ་འདི་ཡོད་པ་ཅིན་ ཉེས་ཆད་འདི་འཇུག་ཏུ་རུང་བའི་ཞུ་ཡིག་གི་གླ་འཐུས་ཀྱི་བཅུ་ལྟབ་དང་འདྲ་མཉམ་བཀལ་དགོ། ༧༧. གནོད་འགེལ་ལོག་སྟེ་འབད་མི་གི་དོན་ལུ་ ཉེས་ཆད་དངུལ་བསྡོམས་འདི་ ཧེ་མ་གནོད་འགེལ་ཅོག་འཐདཔ་དེ་གུར་བཀལ་མི་ དངུལ་བསྡོམས་ཀྱི་ལོག་བལྟབ་བཀལ་དགོ། ༧༨. ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་གྱིས་ ཉེས་ཆད་བཀལ་མི་ཚུ་སྤྲོད་ནི་གི་དོན་ལུ་ རྒྱུ་མཚན་ལྡན་པའི་དུས་ཚོད་བྱིན་ ཆོག། ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་དུས་ཚོད་བྱིན་མི་ནང་འཁོད་ལུ་ ཉེས་ཆད་བཀལ་མི་དེ་བཏབ་མ་ བཏུབ་མི་ལུ་ བཀག་དམ་གྱི་བཀའ་རྒྱ་སྤྲོད་ཆོག། ༧༩. ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱི་དབང་ཚད་ཅན་གྱི་འགོ་དཔོན་(ཚུ་)ལུ་ བཅའ་ཡིག་འདིའི་འོག་ལུ་ཉེས་ ཆད་བཀལ་ནི་གི་དབང་ཚད་སྤྲོད་ཆོག། ༨༠. མཐའ་འཁོར་གནས་སྟངས་བརྟག་ཞིབ་བཅའ་ཁྲིམས་༢༠༠༠ ཅན་མའི་འོག་ལུ་མི་ཅིག་ལུ་གནོད་འགེལ་གྱི་ཉེས་བྱ་སྨིན་གྲུབ་ པ་ཙམ་གྱིས་ མི་ངོ་དེ་ལུ་ ཁྲིམས་གཞན་གྱི་འོག་ལུ་ཕོག་མི་འགན་འཁྲི་ཚུ་ལས་ཡངས་ཆག་མི་ཐོབ། ༡༢ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གནང་ཐངས་ཀྱི་བཅའ་ཡིག་ ༢༠༡༦ ཅན་མ། Chapter IX: Miscellaneous Provisions Environmental Assessment Advisory Board 81. The Head of the Secretariat may establish an Environmental Assessment Advisory Board under Article 38 of the EA Act, 2000. 82. The Head of the Secretariat shall nominate 6 to 10 qualified or knowledgeable persons to become members of the Environmental Assessment Advisory Board. The members may serve in their official or individual capacity. 83. The Board shall adopt rules and procedures governing its activities. 84. The Secretariat shall adopt a schedule of honorariums and reimbursable expenses for the services provided by the members of the Environmental Assessment Advisory Board, which shall be reviewed and updated periodically. 85. The names of the members of the Board shall be published annually. Appeals and Dispute Resolution 86. The following procedures apply to all appeals and legal challenges of screening process and environmental clearance decisions of a project by either the Secretariat or Competent Authority: (1) Any person intending to commence legal action against the screening process and Environmental Clearance decision shall notify the Secretariat or the Competent Authority within 10 days of public notice of the decision. The notice shall identify in particular why the decision by the Secretariat or Competent Authority is considered improper. (2) The concerned parties to a dispute shall first attempt to settle any dispute amicably and in good faith through alternative dispute resolutions. (3) If the parties are unable to amicably settle the dispute under section 86 (2) , they may appeal to the National Environment Commission. The National Environment Commission shall decide whether to hear the dispute and, if so, may conduct an adjudicatory hearing to decide the matter. 13 Regulation for Environmental Clearance of Projects 2016 ལེའུ་དགུ་པ། སྣ་ཚོགས་དགོངས་དོན། མཐའ་འཁོར་བརྟག་ཞིབ་བསླབ་སྟོན་བཀོད་ཚོགས། ༨༡. ལྷན་ཚོགས་ཡིག་ཚང་གི་འགོ་འཛིན་གྱིས་ མཐའ་འཁོར་གནས་སྟངས་ཀྱི་བརྟག་ཞིབ་བཅའ་ཁྲིམས་༢༠༠༠ ཅན་མའི་དོན་ཚན་ ༣༨ པའི་འོག་ལུ་ མཐའ་འཁོར་བརྟག་ཞིབ་བསླབ་སྟོན་བཀོད་ཚོགས་གཞི་བཙུགས་འབད་ཆོག། ༨༢. ལྷན་ཚོགས་ཡིག་ཚང་གི་འགོ་འཛིན་གྱིས་ མཐའ་འཁོར་བརྟག་ཞིབ་བསླབ་སྟོན་བཀོད་ཚོགས་ཀྱི་འཐུས་མི་འབད་ནི་ལུ་ ཤེས་ ཚད་ཅན་ ཡངན་ ཤེས་ཡོན་ཅན་གྱི་མི་ངོ་༦ ལས་༡༠ ཚུན་འདེམས་འཐུ་འབད་དགོ། འཐུས་མི་ཚུ་གིས་ རང་སོའི་ཡིག་ཚང་གི་ ཁ་ཐུག་ལས་ ཡང་ན་སྒེར་གྱི་ངོ་ཐོག་ལས་ བཀོད་ཚོགས་ཀྱི་ མཐུས་མི་འབད་ཕྱག་ཞུ་ཆོག། ༨༣. བཀོད་ཚོགས་ཀྱིས་ རང་གི་ལས་དོན་ཚུ་ལུ་ཁྱབ་དབང་ཅན་གྱི་བཅའ་ཡིག་དང་ བྱ་སྒོ་ལམ་ལུགས་ཚུ་ཆ་འཇོག་འབད་དགོ། ༨༤. ལྷན་ཚོགས་ཡིག་ཚང་གིས་ མཐའ་འཁོར་བརྟག་ཞིབ་བསླབ་སྟོན་བཀོད་ཚོགས་ཀྱི་འཐུས་མི་ཚུ་གིས་ ཞབས་ཏོག་བྱིན་མི་གི་ དོན་ལུ་ ཁྱད་འཐུས་དང་ ཟད་འགྲྲོའི་ཟུར་ཐོ་ཚུ་ཆ་འཇོག་འབད་དགོཔ་དང་ དུས་མཚམས་དང་བསྟུན་ཏེ་བསྐྱར་ཞིབ་འབད་དེ་ དུས་མཐུན་བཟོ་དགོ། ༨༥. བཀོད་ཚོགས་ཀྱི་འཐུས་མི་ཚུའི་མིང་ཚུ་ ལོ་བསྟར་དཔེ་བསྐྲུན་འབད་དགོ། མཐོ་གཏུགས་དང་རྩོད་ཉོགས་འདུམ་འགྲིག། ༨༦. འོག་གི་བྱ་སྒོ་ལམ་ལུགས་ཚུ་ ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ ལས་འགུལ་ཅིག་གི་ ཕྱི་སེལ་གྱི་བྱ་ རིམ་དང་ མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གི་གྲྲོས་ཆོད་ལུ་མཐོ་གཏུགས་དང་ ཁྲིམས་ཀྱི་གདོང་ལེན་ཚུ་ག་ ར་གི་དོན་ལུ་འཇུགཔ་ཨིན་: (༡) ཕྱི་སེལ་ཀྱི་བྱ་རིམ་དང་ མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གི་གྲྲོས་ཆོད་ལུ་ ཁྲིམས་གཏུགས་འབད་ནི་ གི་དང་འདོད་ཡོད་མི་ མི་ངོ་ཅིག་གིས་ གྲྲོས་ཆོད་དེ་མི་དམང་གསལ་བསྒྲགས་འབད་དེ་ཉིན་གྲངས་༡༠ གྱི་ནང་འཁོད་ལུ་ ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་ལུ་བརྡ་ལན་འབད་དགོ། བརྡ་བསྐུལ་འདི་ནང་ ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱི་གྲྲོས་ཆོད་དེ་ ཚུལ་མཐུན་མེདཔ་སྦེ་བརྩི་དགོ་པའི་རྒྱུ་མཚན་ཚུ་བཀོད་དགོ། (༢) རྩོད་ཉོགས་ཀྱི་འབྲེལ་ཡོད་རྩ་ཕན་ཚུ་གིས་ འགོ་ཐོག་ལུ་ གདམ་ཁ་ཅན་གྱི་རྩོད་ཉོགས་འདུམ་འགྲིག་གི་ཐོག་ལས་ རྩོད་ ཉོགས་གང་རུང་ནང་འགྲིག་དང་ དད་དམ་ཐོག་ལས་བདེ་སྒྲིག་འབད་ནི་ལུ་བརྩོན་ཤུགས་བསྐྱེད་དགོ། (༣) གལ་སྲིད་རྩ་ཕན་ཚུ་གིས་དོན་ཚན་༨༦ (༢) པའི་འོག་ལུ་རྩོད་ཉོགས་དེ་ ནང་འགྲིག་ཐོག་ལུ་བདེ་སྒྲིག་འབད་མ་ཚུགས་ པ་ཅིན་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ལུ་མཐོ་གཏུགས་འབད་ཆོག། རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ཀྱིས་ རྩོད་ཉོགས་དེ་སྙན་གསན་འབད་ནི་ཨིན་ན་མེན་ན་ཐག་གཅད་ཞིནམ་ལས་ གལ་སྲིད་སྙན་གསན་འབད་ནི་གི་ཐག་བཅད་ པ་ཅིན་ གནད་དོན་དེ་ཐག་གཅད་ནི་གི་དོན་ལུ་ཁྲིམས་མཐུན་གྱི་སྙན་གསན་འབད་ཆོག། ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གནང་ཐངས་ཀྱི་བཅའ་ཡིག་ ༢༠༡༦ ཅན་མ། ༡༣ (4) After the concerned parties have exhausted the above procedures, an aggrieved party may appeal to a Court of Law within 30 days of the decision by the National Environment Commission. Complaint Redressal 87. The following procedures must be followed for any complaints against a project following issuance of Environmental Clearance: (1) A complaint must be filed to the concerned Competent Authority for the listed projects and to the Secretariat for non-listed projects, in writing with the name and signature of the complainant. A complaint must identify the potential or actual adverse impacts caused by the project. (2) The Competent Authority or the Secretariat shall conduct site visit to study and verify the complaints without undue delay. The Secretariat and the Competent Authority may seek assistance from relevant agencies for the study and verification. (3) In case of a valid complaint, the Secretariat or the Competent Authority may, inter alia, facilitate the concerned parties to resolve the issue amicably, order for mitigation measures and compensation, review and modify terms and conditions of the Environmental Clearance or suspend the implementation of project, as considered necessary to address the issues. (4) Any party aggrieved by the decision of the Competent Authority may appeal either to the Secretariat or the competent court of law. (5) When the appeal has been made to the Secretariat, the Secretariat shall review the decision of the Competent Authority and may uphold the decision of the Competent Authority or issue a new decision. (6) Any party aggrieved by the decision of the Secretariat may appeal to the National Environment Commission or the competent court of law within 30 days of the decision. (7) In case of invalid complaint, the complainant may be held liable for payment of cost incurred to conduct site visit. 14 Regulation for Environmental Clearance of Projects 2016 (༤) འབྲེལ་ཡོད་རྩ་ཕན་ཚུ་གིས་ གོང་གི་བྱ་སྒོ་ལམ་ལུགས་ཚུ་ག་ར་འབད་ཚར་བའི་ཤུལ་ལས་ བསམ་པ་མ་རྫོགས་མི་རྩ་ ཕན་གྱིས་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ཀྱིས་གྲྲོས་ཆོད་བཏོན་ཏེ་ ཉིན་གྲངས་༣༠ གི་ནང་འཁོད་ལུ་ ཁྲིམས་ ཀྱི་འདུན་ས་ལུ་མཐོ་གཏུགས་འབད་ཆོག། ཉོགས་བཤད་སེལ་ཐབས། ༨༧. མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་སྤྲོད་པའི་ཤུལ་ལས་ ལས་འགུལ་ཅིག་ལུ་ཉོགས་བཤད་གང་རུང་འཐོན་པ་ ཅིན་ གཤམ་གསལ་བྱ་སྒོ་ལམ་ལུགས་ཚུ་ལག་ལེན་འཐབ་དགོ་མི་འདི་ཡང་ཿ (༡) ཉོགས་བཤད་འདི་ཡང་ ཐོ་ཡིག་ནང་འཁོད་པའི་ ལས་འགུལ་ཚུའི་དོན་ལུ་ཨིན་པ་ཅིན་ འབྲེལ་ཡོད་ཚད་ལྡན་དབང་འཛིན་ དང་ ཐོ་ཡིག་ནང་འཁོད་པའི་ ལས་འགུལ་ཚུའི་དོན་ལུ་ཨིན་པ་ཅིན་ལྷན་ཚོགས་ཡིག་ཚང་ལུ་ ཉོགས་བཤད་བཀོད་མི་གི་ མིང་དང་ ལག་བྲིས་དང་བཅསཔ་སྦེ་ཡིག་ཐོག་ལུ་བཀོད་དགོ། ཉོགས་བཤད་ནང་ ལས་འགུལ་དེ་ལས་བརྟེན་ཏེ་འབྱུང་ནི་ གི་ཉེན་ཁ་ཡོད་མི་ ཡངན་ ངོ་མ་སྦེ་བྱུང་སྟེ་ཡོད་པའི་གནོད་ཉེན་ཚུ་ངོས་འཛིན་འབད་དགོ། (༢) ཚད་ལྡན་དབང་འཛིན་ ཡངན་ ལྷན་ཚོགས་ཡིག་ཚང་གིས་ ཉོགས་བཤད་ཚུའི་ཞིབ་འཇུག་དང་ བདེན་དཔྱད་འབད་ནི་གི་ དོན་ལུ་ ཕྱིར་འགངས་སྦེ་མ་བཞག་པར་ས་གནས་ནང་ལྟ་སྐོར་འབད་དགོ། ལྷན་ཚོགས་ཡིག་ཚང་དང་ཚད་ལྡན་དབང་འཛིན་ གྱིས་ ཞིབ་འཇུག་དང་བདེན་དཔྱད་ཀྱི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་ལས་ ལས་རོགས་འཚོལ་ཆོག། (༣) ཆ་གནས་ཅན་གྱི་ཉོགས་བཤད་ཅིག་ཨིན་པ་ཅིན་ ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ འབྲེལ་ ཡོད་རྩ་ཕན་ཚུ་ལུ་ མཁོ་གལ་ཅན་གྱི་ ཐབས་ལམ་གཞན་དང་གཅིག་ཁར་ གནད་དོན་དེ་ནང་འགྲིག་ཐོག་ལས་སེལ་ནི་ ལུ་ཕན་འདེབས་འབད་ནི་ ཡངན་ མར་ཕབ་ཀྱི་ཐབས་ལམ་དང་རྒུད་འཐུས་ཀྱི་བཀའ་རྒྱ་གཏང་ནི་ ཡངན་ མཐའ་འཁོར་ གནས་སྟངས་ཀྱི་ཉོགས་མེད་གནང་བའི་གནས་ཚིག་དང་ཆ་རྐྱེན་ཚུ་བསྐྱར་ཞིབ་དང་འགྱུར་བཅོས་འབད་ནི་ ཡངན་ ལས་ འགུལ་གྱི་ལག་ལེན་མཚམས་འཇོག་འབད་ནི་ཚུ་འབད་ཆོག། (༤) ཚད་ལྡན་དབང་འཛིན་གྱི་གྲྲོས་ཆོད་ལུ་བློ་ཁ་མ་རྫོགས་མི་རྩ་ཕན་གང་རུང་གིས་ ལྷན་ཚོགས་ཡིག་ཚང་ ཡངན་ དབང་ཁྱབ་ ཅན་གྱི་ཁྲིམས་ཀྱི་འདུན་ས་ལུ་མཐོ་གཏུགས་འབད་ཆོག། (༥) ལྷན་ཚོགས་ཡིག་ཚང་ལུ་མཐོ་གཏུགས་འབད་བའི་སྐབས་ལུ་ ལྷན་ཚོགས་ཡིག་ཚང་གིས་ ཚད་ལྡན་དབང་འཛིན་གྱི་གྲྲོས་ ཆོད་དེ་ བསྐྱར་ཞིབ་འབད་ཞིནམ་ལས་ གྲྲོས་ཆོད་དེ་རང་འཇགས་བཞག་ནི་ ཡངན་ གྲྲོས་ཆོད་གསརཔ་སྤྲོད་ཆོག། (༦) ལྷན་ཚོགས་ཡིག་ཚང་གི་གྲྲོས་ཆོད་ལུ་བློ་ཁ་མ་རྫོགས་མི་ རྩ་ཕན་གང་རུང་གིས་ གྲྲོས་ཆོད་དེ་སྤྲོད་དེ་ཉིན་གྲངས་༣༠ འི་ ནང་འཁོད་ལུ་རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ ཡངན་ དབང་ཁྱབ་ཅན་གྱི་ཁྲིམས་ཀྱི་འདུན་ས་ལུ་མཐོ་གཏུགས་ འབད་ཆོག། (༧) ཆ་གནས་མེད་པའི་ཉོགས་བཤད་ཅིག་ཨིན་པ་ཅིན་ ཉོགས་བཤད་བཀོད་མི་ལུ་ ས་གནས་ནང་ལྟ་སྐོར་འབད་བའི་སྐབས་ལུ་ གནས་མི་ཟད་སོང་ཚུ་ སྤྲོད་ནི་གི་འགན་འཁྲི་བཀལ་ཆོག། ༡༤ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གནང་ཐངས་ཀྱི་བཅའ་ཡིག་ ༢༠༡༦ ཅན་མ། Environmental Unit and Focal Persons 88. The Competent Authorities shall establish an environmental unit responsible for reporting on implementation, enforcement and monitoring compliance of the EA Act, 2000 and this regulation. 89. The Secretariat or the Competent Authority may require the applicant to designate a focal person to ensure compliance with the terms and conditions of the Environmental Clearance. 90. All significant projects shall establish an environmental unit responsible for ensuring compliance with the terms and conditions of Environmental Clearance. Chance find Property 91. The Holder shall be responsible for the chance find property during the implementation of the project and report immediately to the Secretariat or the Competent Authority of such finding. 92. Chance-find property will be the property of the state and the Holder shall surrender it to a relevant government agency. Fee Schedule 93. The National Environment Commission shall issue fee schedules for application for Environmental Clearance of projects. The prescribed fee may be reviewed and revised as and when considered necessary. Rule of construction 94. In this Regulation unless the context indicates otherwise, the singular shall include plural and the masculine gender shall include the feminine gender and vice versa. Revision 95. The National Environment Commission may review and revise this Regulation, as and when necessary, in consultation with relevant agencies. 15 Regulation for Environmental Clearance of Projects 2016 ༡༥ མཐའ་འཁོར་གྱི་སྡེ་ཕྲན་དང་ འབྲེལ་གཏོགས་མི་ངོ་། ༨༨. ཚད་ལྡན་དབང་འཛིན་ཚུ་གིས་ མཐའ་འཁོར་གནས་སྟངས་ཀྱི་བརྟག་ཞིབ་བཅའ་ཁྲིམས་༢༠༠༠ ཅན་མ་དང་ བཅའ་ཡིག་འདིའི་ ལག་ལེན་དང་ བསྟར་སྤྱོད་ ལྟ་རྟོག་ འཁྲིལ་བསྟུན་གྱི་སྐོར་ལས་ སྙན་ཞུ་འབད་ནི་གི་འགན་འཁུར་འབག་མི་ མཐའ་འཁོར་གྱི་ སྡེ་ཕྲན་ཅིག་གཞི་བཙུགས་འབད་དགོ། ༨༩. ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ཞུ་ཡིག་ཕུལ་མི་ལུ་ མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་ བ་གི་ཁ་ཚིག་དང་ཆ་རྐྱེན་ཚུ་ལུ་གནས་ཡོདཔ་ངེས་བརྟན་བཟོ་ནིའི་དོན་ལུ་ འབྲེལ་གཏོགས་མི་ངོ་ཅིག་ངོས་འཛིན་འབད་དགོ་ པའི་དགོས་མཁོ་བཀོད་ཆོག། ༩༠. གལ་གནད་ཅན་གྱི་ལས་འགུལ་ག་ར་གིས་ མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གི་ཁ་ཚིག་དང་ཆ་རྐྱེན་ལུ་ གནས་ཡོདཔ་ངེས་བརྟན་བཟོ་ནིའི་དོན་ལུ་ འགན་འཁུར་འབག་མི་མཐའ་འཁོར་གྱི་སྡེ་ཕྲན་ཅིག་གཞི་བཙུགས་འབད་དགོ། ཞོར་ཁ་ཐོབ་མི་རྒྱུ་དངོས། ༩༡. གནང་བ་འཆང་མི་གིས་ ལས་འགུལ་གྱི་ལག་ལེན་སྐབས་ལུ་ ཞོར་ཁར་ཐོབ་མི་རྒྱུ་དངོས་ཀྱི་འགན་འཁྲི་འབག་དགོཔ་དང་ རྒྱུ་ དངོས་དེ་བཟུམ་ཐོབ་པའི་སྐོར་ལས་ དེ་འཕྲོ་ལས་ ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་ལུ་སྙན་ཞུ་འབད་དགོ། ༩༢. ཞོར་ཁར་ཐོབ་མི་རྒྱུ་དངོས་དེ་ རྒྱལ་ཁམས་ཀྱི་རྒྱུ་དངོས་ཨིནམ་དང་ གནང་བ་འཆང་མི་གིས་འབྲེལ་ཡོད་གཞུང་གི་ལས་སྡེ་ཅིག་ ལུ་རྩིས་སྤྲོད་དགོ། གླ་འཐུས་ཀྱི་ཟུར་ཐོ། ༩༣. རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ཀྱིས་ ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བའི་ཞུ་ཡིག་གི་ དོན་ལུ་གླ་འཐུས་ཀྱི་ཚད་གཞི་སྤྲོད་དགོ། ཆེད་དུ་བཀོད་པའི་གླ་འཐུས་དེ་ མཁོ་གལ་ཅན་སྦེ་བརྩི་འཇོག་འབད་བའི་ནམ་དུས་ལུ་ བསྐྱར་ཞིབ་འབད་དེ་འགྱུར་བཅོས་འབད་ཆོག། གོ་དོན་ལེན་ཐངས། ༩༤. བཅའ་ཡིག་འདི་ནང་ ཚིག་དོན་གྱི་གོ་བ་སོ་སོ་སྦེ་ལེན་དགོཔ་ཡོདན་མ་གཏོགས་ དེ་མིན་ གཅིག་ཚིག་གིས་མང་ཚིག་དང་ མང་ ཚིག་གིས་གཅིག་ཚིག་ལུ་ཡང་གོ་དགོཔ་དང་ ཕོ་ཚིག་གིས་མོ་ཚིག་དང་ མོ་ཚིག་གིས་ཕོ་ཚིག་ལུ་ཡང་གོ་དགོཔ་ཨིན། འགྱུར་བཅོས། ༩༥. རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ཀྱིས་ བཅའ་ཡིག་འདི་ མཁོ་གལ་འཐོན་པའི་ནམ་དུས་ལུ་ འབྲེལ་ཡོད་ལས་སྡེ་ཚུ་དང་ གྲྲོས་བསྟུན་གྱི་ཐོག་ལས་ བསྐྱར་ཞིབ་འབད་དེ་འགྱུར་བཅོས་འབད་ཆོག། ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གནང་ཐངས་ཀྱི་བཅའ་ཡིག་ ༢༠༡༦ ཅན་མ། Definitions 96. For the purpose of this regulation: Agency means a Ministry, Department, or Municipality established under the Local Government Act of Bhutan or an autonomous public body of the Royal Government of Bhutan, including sector, region or local administrations. Chance-find means an archaeological deposit, religious or ecological features and minerals that become exposed during earthmoving and ground altering activities associated with a project. Clean Technologies means technological improvements or management practices which will result in improved environmental performance as measured by, for example, lower or less toxic discharges, more efficient use of energy or improved worker health. Competent Authority means the agency of the Royal Government of Bhutan, as defined in Article 6.4 of the EA Act, 2000, which has the power to issue development consent for a project. Concerned People means all individuals, groups or communities whose interests may be affected by a project. Cumulative and large scale environmental effects are those that are built up incrementally over periods of time, result from the addition and interaction of multiple activities and stresses, and are pervasive, cutting across policy sectors and ecological boundaries. Cultural Heritage means tradition and culture that should be preserved for future generations. Development Consent means the approval issued or renewed by a Competent Authority in the form of a license, lease, or permit for land use or construction. EA Act means the Environmental Assessment Act, 2000. Environment means the complex web of interrelationships between the abiotic and biotic components which sustains life on earth, including the social, health and cultural aspects of human beings. 16 Regulation for Environmental Clearance of Projects 2016 ངེས་ཚིག། ༩༦. བཅའ་ཡིག་འདི་གི་དོན་ལུཿ ངོ་ཚབ་ལས་སྡེ་ ཟེར་མི་འདི་ ལྷན་ཁག་ ཡངན་ ལས་ཁུངས་ འབྲུག་གི་ས་གནས་གཞུང་གི་བཅའ་ཁྲིམས་འོག་ལུ་གཞི་བཙུགས་ འབད་བའི་ཁྲོམ་སྡེ་ སྡེ་ཚན་ ལུང་ཕྱོགས་ ཡངན་ ས་གནས་བདག་སྐྱོང་ཚུ་བརྩིས་ཏེ་འབྲུག་རྒྱལ་གཞུང་གི་རང་སྐྱོང་མི་དམང་འདུས་ ཚོགས་ཚུ་ལུ་གོ། ཞོར་ཁར་ཐོབ་མི་ ཟེར་མི་འདི་ ལས་འགུལ་དང་འབྲེལ་བ་ཡོད་པའི་ ས་བརྐོ་ནི་དང་ ས་གཞི་བརྗེ་འགྱུར་གྱི་ལས་དོན་སྐབས་ལུ་ ཕྱི་ཁར་ འཐོན་མི་ས་འོག་གི་གཏེར་རྫས་ ཡངན་ ཆོས་ཕྱོགས་ཀྱི་རྒྱུ་དངོས་ སྣོད་བཅུད་ཀྱི་ཁྱད་ཆོས་དང་ ས་གཏེར་ཚུ་ལུ་གོ། གཙང་སྦྲ་ཅན་གྱི་འཕྲུལ་རིག་ ཟེར་མི་འདི་ དཔྱྱེ་འབད་བ་ཅིན་ དུག་རྫས་ཕྱིར་འཐོན་དམའ་སུ་ ཡངན་ ཉུང་སུ་ ཡངན་ ནུས་ཤུགས་ བཀོལ་སྤྱོད་ཀྱི་འཇོན་ཚད་ཆེ་སུ་ ལས་མི་གི་འཕྲོད་བསྟེན་ཡར་དྲག་ཅན་ཚུ་གི་ཐོག་ལས་ཚད་འཇལ་འབད་བའི་ ཡར་དྲག་ཅན་གྱི་མཐའ་ འཁོར་གྱི་ལས་དོན་ལུ་འགྱུར་ནི་ཨིན་པའི་ འཕྲུལ་རིག་ཡར་དྲག་ ཡངན་ འཛིན་སྐྱོང་གི་ལག་ལེན་ཚུ་ལུ་གོ། ཚད་ལྡན་དབང་འཛིན་ ཟེར་མི་འདི་ མཐའ་འཁོར་བརྟག་ཞིབ་བཅའ་ཁྲིམས་༢༠༠༠ ཅན་མའི་དོན་ཚན་༦.༤ པ་ནང་བཀོད་མི་ལྟར་དུ་ ལས་འགུལ་གྱི་དོན་ལུ་གོང་འཕེལ་གྱི་གནང་བ་སྤྲོད་ནི་གི་དབང་ཚད་ཡོད་མི་ འབྲུག་རྒྱལ་གཞུང་གི་ལས་སྡེ་ལུ་གོ། འབྲེལ་ཡོད་ཀྱི་མི་ ཟེར་མི་འདི་ ལས་འགུལ་གིས་ ཕན་གནོད་གྱི་མཐའ་དོན་ཡོད་མི་ ངོ་རྐྱང་ ཡངན་ སྡེ་ཚན་ མི་སྡེ་ག་ར་ལུ་གོ། མཐའ་འཁོར་གནས་སྟངས་དང་འབྲེལ་བའི་གཅིག་སྤུངས་དང་རྒྱ་ཆེའི་གནོད་ཉེན་ ཟེར་མི་འདི་ དུས་ཡུན་ལེ་ཤ་གི་རིང་ལུ་ཡར་སེང་གི་ ཐོག་ལས་ སྣ་མང་གི་ལས་དོན་དང་ གནོན་ཤུགས་ཁ་སྐོང་དང་ འབྲེལ་གཏུགས་ལས་བརྟེན་ཏེ་བྱུང་མི་དང་ སྣ་བསྡོམས་ཀྱི་ཐོག་ལུ་ སྲིད་བྱུས་ཀྱི་སྡེ་ཚན་དང་ སྣོད་བཅུད་འབྲེལ་བའི་མངའ་ཁོངས་ག་ར་ལུ་ཁྱབ་མི་དེ་ཚུ་ལུ་གོ། ལམ་སྲོལ་གྱི་མཛད་ཤུལ་ ཟེར་མི་འདི་ མ་འོངས་པའི་མི་རབས་ཀྱི་དོན་ལུ་ཉམས་སྲུང་འབད་དགོ་པའི་ སྲོལ་རྒྱུན་དང་ ལམ་སྲོལ་ལུ་ གོ། གོང་འཕེལ་གྱི་གནང་བ་ ཟེར་མི་འདི་ ཚད་ལྡན་དབང་འཛིན་གྱིས་ ས་ཆ་བཀོདལ་སྤྱོད་ ཡངན་ བཟོ་བསྐྲུན་གྱི་དོན་ལུ་ཆོག་ཐམ་ གླར་ སྤྱོད་ ཡངན་ གནང་བ་གི་ཐོག་ལུ་ ཆ་འཇོག་སྤྲོད་མི་ ཡངན་ བསྐྱར་གསོ་འབད་མི་ལུ་གོ། མཐའ་འཁོར་གནས་སྟངས་ཀྱི་བརྟག་ཞིབ་བཅའ་ཁྲིམས་ ཟེར་མི་འདི་ མཐའ་འཁོར་གནས་སྟངས་ཀྱི་བརྟག་ཞིབ་བཅའ་ཁྲིམས་ ༢༠༠༠ ཅན་མ་ལུ་གོ། མཐའ་འཁོར་གནས་སྟངས་ ཟེར་མི་འདི་ མི་སྡེ་དང་ འགྲྲོ་བ་མིའི་འཚོ་བའི་འཕྲོད་བསྟེན་དང་ལམ་སྲོལ་ལ་སོགས་པའི་གནད་དོན་ཚུ་ གིས་གཙོས་པའི་ སྲོག་ཅན་དང་ སྲོག་མེད་ཀྱི་བར་ན་ཕན་ཚུན་མཐུན་འབྲེལ་གྱི་ཐོག་ལས་ འཛམ་གླིང་འདི་ནང་གནས་ཚུགས་པའི་སྣོད་ བཅུད་ཀྱི་རང་བཞིན་ཅིག་ལུ་གོ། ༡༦ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གནང་ཐངས་ཀྱི་བཅའ་ཡིག་ ༢༠༡༦ ཅན་མ། Environmental Assessment means all procedures required under Bhutanese law to identify means to ensure that the activities of a project are managed in an environmentally sound and sustainable way. Environmental Clearance means the decision under Chapter III of the EA Act, 2000, issued in writing by the Secretariat or the Competent Authority, to let a project proceed, which includes terms and conditions to ensure that the project is managed in an environmentally sound and sustainable way. Environmental Impact Assessment (EIA) means a process of evaluating the likely environmental impacts of a proposed project or development activity, taking into account inter-related socio-economic, cultural and human-health impacts, both beneficial and adverse. Environmental Impact Assessment report means written analysis of the environmental impacts associated with the implementation of the projects in line with the terms of reference approved by the Secretariat. Juristic person means a body of persons, a corporation, a partnership, or other legal entity that is recognized by law as the subject of rights and duties. Listed projects means those projects for which the competent authority shall screen and issue Environmental Clearance. Main activity of a project means a key component of a project in case of a project with numerous component or sub-activities which require a separate Environmental Clearance. Sub-activities include those activities that will be undertaken as a part of the project. Non-listed Project means those projects that are not listed under any competent authority for screening and issuing Environmental Clearance. Policy means a statement of long-term goals or strategies of the Royal Government of Bhutan. Plan means a coordinated set of programs, based on the political decisions of the Royal Government of Bhutan, intended to achieve specific objectives within a specified time period. 17 Regulation for Environmental Clearance of Projects 2016 མཐའ་འཁོར་གནས་སྟངས་ཀྱི་བརྟག་ཞིབ་ ཟེར་མི་འདི་ ལས་འགུལ་གྱི་ལཱ་ཚུ་ མཐའ་འཁོར་གནས་སྟངས་དང་མཐུནམ་འབད་ ངེས་ གཏན་དང་ཡུན་བརྟན་ཐོག་ལས་ འཛིན་སྐྱོང་འབད་ཚུགས་པའི་ཐབས་ཤེས་ཚུ་ངོས་འཛིན་འབད་ནིའི་དོན་ལུ་ འབྲུག་གི་ཁྲིམས་ལུགས་ ལྟར་དུ་འབད་དགོ་པའི་བྱ་བའི་གནད་སྤྱོད་ག་ར་ལུ་གོ། མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་ ཟེར་མི་འདི་ ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ མཐའ་ འཁོར་གནས་སྟངས་ཀྱི་བརྟག་ཞིབ་བཅའ་ཁྲིམས་༢༠༠༠ ཅན་མའི་ལེའུ་གསུམ་པའི་གོང་དོན་དང་འཁྲིལ་ཏེ་ ལས་འགུལ་གྱི་ལཱ་ཚུ་ མཐའ་འཁོར་གནས་སྟངས་དང་མཐུན་པའི་ཐོག་ལས་དང་ ཡུན་བརྟན་གྱི་ཐོག་ལས་འཛིན་སྐྱོང་འབད་དགོ་པའི་ཁ་ཚིག་ཚུ་ཚུད་ཡོད་པའི་ ཡིག་ཐོག་གི་གྲྲོས་ཆོད་འདི་ལུ་གོ། མཐའ་འཁོར་གནས་སྟངས་ཀྱི་གནོད་ཉེན་བརྟག་ཞིབ་ ཟེར་མི་འདི་ ཕན་ཚུན་མཐུན་འབྲེལ་ཅན་གྱི་མི་སྡེ་དཔལ་འབྱོར་དང་ ལམ་སྲོལ་ མིའི་འཕྲོད་བསྟེན་གྱི་ཕན་གནོད་ ཕན་པ་དང་གནོད་པ་གཉིས་ཆ་ར་ལུ་བརྩི་འཇོག་ཐོག་ལས་ གྲྲོས་འཆར་བཀོད་པའི་ལས་འགུལ་ ཡངན་ གོང་འཕེལ་ལས་དོན་ཅིག་གི་འབྱུང་ཉེན་ཅན་གྱི་མཐའ་འཁོར་གྱི་གནོད་པ་དབྱེ་ཞིབ་འབད་མི་བྱ་རིམ་ཅིག་ལུ་གོ། མཐའ་འཁོར་གནས་སྟངས་ཀྱི་གནོད་ཉེན་བརྟག་ཞིབ་ཀྱི་སྙན་ཞུ་ ཟེར་མི་འདི་ ལྷན་ཚོགས་ཡིག་ཚང་གིས་ཆ་འཇོག་འབད་མི་ འགན་ ཚིག་ཚུ་དང་འཁྲིལ་ཏེ་ ལས་འགུལ་ཚུའི་ལག་ལེན་དང་འབྲེལ་བ་ཡོད་མི་ མཐའ་འཁོར་གྱི་གནོད་པའི་ཡིག་ཐོག་གི་དབྱེ་དཔྱད་ལུ་གོ། ཁྲིམས་མཐུན་མི་ངོ་ ཟེར་མི་འདི་ ཐོབ་དབང་དང་ འགན་འཁུར་གྱི་གནད་དོན་སྦེ་ཁྲིམས་ཀྱིས་ངོས་འཛིན་ཡོད་པའི་ མི་ངོའི་འདུས་ ཚོགས་ ལས་འཛིན་ མཉམ་རོགས་ ཁྲིམས་མཐུན་གྱི་ངོ་བོ་གཞན་ཚུ་ལུ་གོ། ཐོ་ཡིག་ནང་འཁོད་པའི་ལས་འགུལ་ ཟེར་མི་འདི་ ཚད་ལྡན་དབང་འཛིན་གྱིས་ཕྱི་སེལ་འབད་ཞིནམ་ལས་ མཐའ་འཁོར་གནས་སྟངས་ ཀྱི་ཉོགས་མེད་གནང་བ་སྤྲོད་དགོ་མི་ལས་འགུལ་དེ་ཚུ་ལུ་གོ། ལས་འགུལ་གྱི་ལས་དོན་གཙོ་བོ་ ཟེར་མི་འདི་ ལས་འགུལ་ཅིག་ལུ་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་སོ་སོ་དགོ་ མི་ ཆ་ཤས་ ཡངན་ ནང་གསེས་ལས་དོན་ལེ་ཤ་ཡོད་མི་གི་ཆ་ཤས་གཙོ་ཅན་ཅིག་ལུ་གོ། ནང་གསེས་ལས་དོན་ནང་ ལས་འགུལ་གྱི་ ཆ་ཤས་ཅིག་སྦེ་ལག་ལེན་འཐབ་ནི་ཨིན་པའི་ ལས་དོན་དེ་ཚུ་ཚུདཔ་ཨིན། ཐོ་ཡིག་ནང་མ་འཁོད་པའི་ལས་འགུལ་ ཟེར་མི་འདི་ མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་ཕྱི་སེལ་འབད་ནི་དང་ སྤྲོད་ནི་ གི་དོན་ལུ་ ཚད་ལྡན་དབང་འཛིན་གང་རུང་ཅིག་གི་འོག་ལུ་ཐོ་བཀོད་དེ་མེད་མི་ལས་འགུལ་དེ་ཚུ་ལུ་གོ། སྲིད་བྱུས་ ཟེར་མི་འདི་ འབྲུག་རྒྱལ་གཞུང་གི་ཡུན་རིང་གི་ དམིགས་དོན་ ཡངན་ ཐབས་བྱུས་ཀྱི་བརྗོད་ཚིག་ཅིག་ལུ་གོ། འཆར་གཞི་ ཟེར་མི་འདི་ ཆེད་དུ་བཀོད་པའི་དུས་ཡུན་ནང་འཁོད་ལུ་དམིགས་བསལ་གྱི་དམིགས་ཡུལ་ཚུ་གྲུབ་ནི་གི་དོན་ལུ་དམིགས་ གཏད་བསྐྱེད་པའི་ འབྲུག་རྒྱལ་གཞུང་གི་སྲིད་དོན་གྱི་གྲྲོས་ཆོད་ལུ་གཞི་བཞག་མི་ མཉམ་འབྲེལ་ཅན་གྱི་ལས་རིམ་གྱི་སྒྲིག་ཚན་ཅིག་ ལུ་གོ། ༡༧ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གནང་ཐངས་ཀྱི་བཅའ་ཡིག་ ༢༠༡༦ ཅན་མ། Program means a set of coordinated activities of the Royal Government of Bhutan to achieve specific objectives of a plan Project means an activity, which may have significant effects on the environment. Protected area includes any area declared as national park, wildlife reserve, nature reserve, protected forest, biosphere reserve, critical watersheds, corridors and such other categories meriting protection. Regulation means the rules adopted pursuant to the powers granted by the EA Act, 2000. Screening means the determination by the Secretariat or the Competent Authority of how the environmental assessment process under Chapter III of the EA Act, 2000 shall be applied to a project. Sectoral Guidelines means all guidance documents, including best practices, published by the Secretariat concerning the siting or operation of a set of activities. Significant Project means a project that is grouped/defined as a category A or B type of project in sectoral guidelines issued by the NEC. Category C and D projects may also be considered significant projects if the cumulative effects of two or more projects are significant. 18 Regulation for Environmental Clearance of Projects 2016 ལས་རིམ་ ཟེར་མི་འདི་ འཆར་གཞི་གི་དམིགས་བསལ་གྱི་དམིགས་ཡུལ་ཚུ་གྲུབ་ནི་གི་དོན་ལུ་ འབྲུག་རྒྱལ་གཞུང་གི་མཉམ་འབྲེལ་ ཅན་གྱི་ལས་དོན་གྱི་སྒྲིག་ཚན་ཅིག་ལུ་གོ། ལས་འགུལ་ ཟེར་མི་འདི་ མཐའ་འཁོར་གནས་སྟངས་ལུ་གལ་གནད་ཅན་གྱི་གནོད་ཉེན་ཕོག་མི་ ལས་དོན་ཅིག་ལུ་གོ། སྲུང་སྐྱོབ་ས་ཁོངས་ ཟེར་མི་ནང་ རྒྱལ་ཡོངས་གླིང་ག་དང་ རི་དྭགས་སྲུང་སྐྱོབ་ས་ཁོངས་ རང་བཞིན་ཉམས་སྲུང་ སྲུང་སྐྱོབ་ཅན་གྱི་ ནགས་ཚལ་ སྐྱེ་ལྡན་སྲུང་སྐྱོབ་ གལ་གནད་ཅན་གྱི་ཆུའི་རྐ་མགོ་ བརྒྱུད་ལམ་ དེ་བཟུམ་མའི་སྲུང་སྐྱོབ་འབད་འོས་པའི་དབྱེ་བ་གཞན་ ཚུ་ཚུདཔ་ཨིན། བཅའ་ཡིག་ ཟེར་མི་འདི་ མཐའ་འཁོར་གནས་སྟངས་ཀྱི་བརྟག་ཞིབ་བཅའ་ཁྲིམས་༢༠༠༠ ཅན་མ་གིས་སྤྲོད་པའི་དབང་ཚད་དང་ འཁྲིལ་ཏེ་ཆ་འཇོག་འབད་མི་བཅའ་ཡིག་ཚུ་ལུ་གོ། ཕྱི་སེལ་ ཟེར་མི་འདི་ ལྷན་ཚོགས་ཡིག་ཚང་ ཡངན་ ཚད་ལྡན་དབང་འཛིན་གྱིས་ ལས་འགུལ་ཅིག་ལུ་ མཐའ་འཁོར་གནས་སྟངས་ཀྱི་ བརྟག་ཞིབ་བཅའ་ཁྲིམས་༢༠༠༠ ཅན་མའི་འོག་གི་མཐའ་འཁོར་གནས་སྟངས་ཀྱི་བརྟག་ཞིབ་བྱ་རིམ་ ལག་ལེན་འཐབ་ཐངས་གཏན་ འབེབས་བཟོ་མི་ལུ་གོ། སྡེ་ཚན་གྱི་ལམ་སྟོན་ ཟེར་མི་འདི་ ལས་དོན་གྱི་སྒྲིག་ཚན་ཅིག་བཟོ་ནི་ ཡངན་ ལག་ལེན་འཐབ་ནི་གི་སྐོར་ལས་ ལྷན་ཚོགས་ཡིག་ཚང་ གིས་དཔེ་བསྐྲུན་འབད་མི་ ལག་ལེན་དྲག་ཤོས་ཚུ་བརྩིས་ཏེ་ ལམ་སྟོན་གྱི་ཡིག་ཆ་ག་ར་ལུ་གོ། གལ་གནད་ཅན་གྱི་ལས་འགུལ་ ཟེར་མི་འདི་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ཀྱིས་སྤྲོད་པའི་སྡེ་ཚན་གྱི་ལམ་སྟོན་ཚུ་ནང་ དབྱེ་ བ་ཀ་པ་ ཡངན་ ཁ་པ་སྦེ་སྡེ་ཚན་ཕྱེས་མི་/ངེས་ཚིག་བཀོད་མི་ ལས་གུལ་ཅིག་ལུ་གོ། ག་དེམ་ཅིག་འབད་ ལས་འགུལ་གཉིས་ ཡངན་ དེ་ལས་མང་མི་གི་བསྡུ་གསོག་གི་ཕན་གནོད་གལ་གནད་ཅན་ཡོད་པ་ཅིན་ དབྱེ་བ་ག་པ་དང་ ང་པ་གི་ལས་འགུལ་ཚུ་ཡང་གལ་གནད་ ཅན་སྦེ་བརྩི་འཇོག་འབད་ཆོག། ༡༨ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གནང་ཐངས་ཀྱི་བཅའ་ཡིག་ ༢༠༡༦ ཅན་མ། Annexes Annex 1: Applicable Time Limits Applicable time limits are subject to submission of correct and complete information based on applicable government regulations and guidelines. Action Time Limit Registration and acknowledgement of an application by Secretariat/Competent Authority. Within 2 days from the receipt of an application Competent Authority forwards application to Secretariat for non-listed projects Within 7 days from the date of completion of assessment of adequacy of the application Screening of a project to determine the level of environmental assessment required. Within 1 month Decision making • Whether Environmental Impact Assessment (EIA) is required or not • Additional information required or not • Issuance or denial of Environmental Clearance if EIA is not required Within 2 months after completion of screening If screening determines that an Environmental Impact Assessment is required, the level and time frame for the assessment will be determined through negotiations between the relevant parties and approved by the Secretariat Time frame to be negotiated Submission of an additional information sought for projects requiring Environment Impact Assessment Within 1 year from the date of request for additional information Submission of an additional information sought for projects not requiring Environment Impact Assessment Within 3 months from the date of request for additional information On approval of the clearance, a legal undertaking with the proponent of new projects to comply with the EA Act, 2000 Within 7days from the date of decision 19 Regulation for Environmental Clearance of Projects 2016 ཟུར་སྦྲགས། ཟུར་སྦྲགས་༡ པ་: འོས་འབབ་ཅན་གྱི་དུས་ཡུན་ཚད་འཛིན། འོས་འབབ་ཅན་གྱི་དུས་ཡུན་ཚད་འཛིན་ཚུ་ འབྲེལ་ཡོད་གཞུང་གི་སྒྲིག་གཞི་དང་ལམ་སྟོན་ཚུ་ལུ་གཞི་བཞག་སྟེ་ བརྡ་དོན་ངེས་ཏིག་ དང་ ཡོངས་རྫོགས་ཕུལ་མི་གི་དབང་ལུ་འདུཝ་ཨིན། གདོང་ལེན་ དུས་ཡུན་ཚད་འཛིན་ ལྷན་ཚོགས་ཡིག་ཚང་/ཚད་ལྡན་དབང་འཛིན་གྱིས་ ཞུ་ཡིག་ཐོ་བཀོད་དང་ངོ་སྦྱོར། ཞུ་ཡིག་ལྷོད་དེ་ཉིན་གྲངས་༢ གྱི་ནང་འཁོད་ ལུ། ཚད་ལྡན་དབང་འཛིན་གྱིས་ ཐོ་ཡིག་ནང་མ་འཁོད་པའི་ལས་འགུལ་ཚུའི་དོན་ལུ་ ཞུ་ཡིག་དེ་ ལྷན་ཚོགས་ཡིག་ཚང་ལུ་གཏང་ནི། ཞུ་ཡིག་ཚུལ་མཐུན་ཡོད་མེད་དབྱེ་ཞིབ་འབད་ ཚར་བའི་ཚེས་གྲངས་ལས་ཉིན་གྲངས་༧ གྱི་ ནང་འཁོད་ལུ། མཐའ་འཁོར་གནས་སྟངས་ཀྱི་བརྟག་ཞིབ་དགོས་མཁོའི་གནས་ཚད་གཏན་འབེབས་བཟོ་ནིའི་ དོན་ལུ་ ལས་འགུལ་ཅིག་གི་ཕྱི་སེལ་འབད་ནི། ཟླཝ་༡ གི་ནང་འཁོད་ལུ། གྲྲོས་ཆོད་བཏོན་ནི། • མཐའ་འཁོར་གནས་སྟངས་ཀྱི་གནོད་ཉེན་བརྟག་ཞིབ་འབད་དགོཔ་མ་དགོཔ། • བརྡ་དོན་ཁ་སྐོང་ དགོཔ་མ་དགོཔ། • མཐའ་འཁོར་གནས་སྟངས་ཀྱི་གནོད་ཉེན་བརྟག་ཞིབ་འབད་མ་དགོ་པ་ཅིན་ མཐའ་ འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བའི་སྤྲོད་ནི་ཡངན་ མི་སྤྲོད་ནི། ཕྱི་སེལ་འབད་ཚར་ཞིནམ་ལས་ ཟླཝ་༢ གི་ ནང་འཁོད་ལུ། ཕྱི་སེལ་འབད་མི་ནང་ མཐའ་འཁོར་གནས་སྟངས་ཀྱི་གནོད་ཉེན་བརྟག་ཞིབ་འབད་དགོཔ་ སྦེ་ཐག་བཅད་པ་ཅིན་ བརྟག་ཞིབ་ཀྱི་དོན་ལུ་གནས་ཚད་དང་ དུས་རིམ་འདི་ འབྲེལ་ཡོད་ རྩ་ཕན་ཚུ་གི་བར་ན་བདེ་བསྒྲིག་གི་ཐོག་ལས་ཐག་བཅད་ཞིནམ་ལས་ ལྷན་ཚོགས་ཡིག་ཚང་ གིས་ཆ་འཇོག་འབད་འོང་། དུས་རིམ་འདི་ བདེ་སྒྲིག་འབད་དགོཔ། མཐའ་འཁོར་གནས་སྟངས་ཀྱི་གནོད་ཉེན་བརྟག་ཞིབ་འབད་དགོ་མི་ ལས་འགུལ་ཚུའི་དོན་ ལུ་ བརྡ་དོན་ཁ་སྐོང་ལེན་མི་ཚུ་བཙུགས་ནི། བརྡ་དོན་ཁ་སྐོང་དགོས་མཁོ་བཀོད་པའི་ཚེས་ གྲངས་ལས་ལོ་༡ གི་ནང་འཁོད། མཐའ་འཁོར་གནས་སྟངས་ཀྱི་གནོད་ཉེན་བརྟག་ཞིབ་འབད་མ་དགོ་མི་ ལས་འགུལ་ཚུའི་ དོན་ལུ་ བརྡ་དོན་ཁ་སྐོང་ལེན་མི་ཚུ་བཙུགས་ནི། བརྡ་དོན་ཁ་སྐོང་དགོས་མཁོ་བཀོད་པའི་ཚེས་ གྲངས་ལས་ཟླཝ་༣འི་ནང་འཁོད། ཉོགས་མེད་གནང་བ་ཆ་འཇོག་གྲུབ་ཞིནམ་ལས་ ལས་འགུལ་གསརཔ་གྲྲོས་འཆར་བཀོད་མི་ དང་གཅིག་ཁར་མཐའ་འཁོར་གནས་སྟངས་ཀྱི་བརྟག་ཞིབ་བཅའ་ཁྲིམས་༢༠༠༠ ཅན་མ་ལུ་ གནས་ནི་གི་དོན་ལུ་ཁྲིམས་མཐུན་ཁས་ལེན། གྲྲོས་ཆོད་ཀྱི་ཚེས་གྲངས་ལས་ཉིན་གྲངས་༧ འི་ནང་འཁོད་ལུ། ༡༩ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གནང་ཐངས་ཀྱི་བཅའ་ཡིག་ ༢༠༡༦ ཅན་མ། Response on the environmental clearance decision Within 7days from the date of decision Public notification on the decision by the Secretariat/Competent Authority Within one month from the date of decision Appeal on the decision Within 10 days from the date of publication of public notification Preparation of monitoring program by Secretariat and Competent Authority Quarterly Preparation of monitoring program (along with detail Implementation Plan) by Holder Within 3 months from the issuance of Environmental Clearance Submission of application for renewal of Environmental Clearance Before 3 months of its expiry date Renewal of Environmental Clearance Prior to expiry of Environmental Clearance Report on the implementation of the EA Act, 2000 and its regulation to the National environment Commission by the Secretariat and Report on the implementation of the EA act, 2000 and its regulation to the Secretariat by the Competent Authorities Annually 20 Regulation for Environmental Clearance of Projects 2016 མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བའི་གྲྲོས་ཆད་གི་ལན་འདེབས། གྲྲོས་ཆོད་ཀྱི་ཚེས་གྲངས་ལས་ཉིན་གྲངས་༧ འི་ནང་འཁོད་ལུ། ལྷན་ཚོགས་ཡིག་ཚང་/ཚད་ལྡན་དབང་འཛིན་གྱིས་གྲྲོས་ཆོད་སྐོར་ལས་ མི་དམང་ཁྱབ་ བསྒྲགས། གྲྲོས་ཆོད་ཀྱི་ཚེས་གྲངས་ལས་ཟླཝ་༡་གི་ནང་ འཁོད་ལུ། གྲྲོས་ཆོད་ལུ་མཐོ་གཏུགས། མི་དམང་ཁྱབ་བསྒྲགས་བཏང་བའི་ཚེས་ གྲངས་ལས་ཉིན་གྲངས་༡༠ འི་ནང་འཁོད། ལྷན་ཚོགས་ཡིག་ཚང་དང་ ཚད་ལྡན་དབང་འཛིན་གྱིས་ལྟ་རྟོག་གི་ལས་རིམ་བཟོ་ནི། ཟླཝ་གསུམ་རེར། གནང་བ་འཆང་མི་གིས་ ལྟ་རྟོག་གི་ལས་རིམ་བཟོ་ནི། (ལག་ལེན་འཆར་གཞི་ཁ་གསལ་ དང་བཅསཔ་སྦེ་) མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་ གནང་བ་སྤྲོད་པའི་ཚེས་གྲངས་ལས་ཟླཝ་༣ གྱི་ནང་འཁོད་ལུ། བསྐྱར་གསོ་གི་དོན་ལུ་ཞུ་ཡིག་ཕུལ་ནི། ཆ་གནས་དུས་ཡུན་མ་ཚང་བའི་ཟླཝ་༣གྱི་ཧེ་ མ། མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་བསྐྱར་གསོ། མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་ གནང་བའི་ ཆ་གནས་དུས་ཡུན་མ་རྫོགས་ སྔོན་ལུ། ལྷན་ཚོགས་ཡིག་ཚང་གིས་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ལུ་ མཐའ་འཁོར་གནས་ སྟངས་ཀྱི་བརྟག་ཞིབ་བཅའ་ཁྲིམས་༢༠༠༠ ཅན་མ་དང་ དེའི་བཅའ་ཡིག་གི་ལག་ལེན་ སྐོར་ལས་སྙན་ཞུ་དང་ ཚད་ལྡན་དབང་འཛིན་ཚུ་གིས་ ལྷན་ཚོགས་ཡིག་ཚང་ལུ་ མཐའ་ འཁོརགནས་སྟངས་ཀྱི་བརྟག་ཞིབ་བཅའ་ཁྲིམས་༢༠༠༠ ཅན་མ་དང་ དེའི་བཅའ་ཡིག་གི་ ལག་ལེན་སྐོར་ལས་སྙན་ཞུ། ལོ་བསྟར། ༢༠ལས་འགུལ་ཚུའི་མཐའ་འཁོར་གནས་སྟངས་ཀྱི་ཉོགས་མེད་གནང་བ་གནང་ཐངས་ཀྱི་བཅའ་ཡིག་ ༢༠༡༦ ཅན་མ།

Regulation for Environmental Clearance of Projects 2016 · Nelum