تخطَّ إلى المحتوى
Nelum
قوانين بوتان

Tobacco Control(Amendment) Act of Bhutan 2012

صدر في 2012-01-19 · النص بتاريخ 2026-10-01

القانون العام والإرشادات الرسمية منشورة بوصفها أبحاثاً. ليست مشورة قانونية أو ضريبية أو مالية.

البحث نفسه مكتوب بالإنجليزية. العناوين والوسوم مترجمة؛ أما النتائج والاقتباسات فغير مترجمة.

عن هذا القانون

اللغة
English; Dzongkha
النوع
قانون
الدولة
بوتان
الموضوعات
Cultivated plants
الكلمات المفتاحية
tobacco, inspection, international trade, offences/penalties, agricultural commodities
الفئات
*, agriculture

أين تقرؤه

    لا يوجد رابط مصدر مسجل لهذا القانون.

النص

نص القانون نفسه، مادةً مادة، كما هو محفوظ. لكل مادة رابطها.

  1. Tobacco Control(Amendment) Act of Bhutan 2012 འབྲུག་གི་ཏམ་ཁུ་དམ་འཛིན་(འཕྲི་སྣོན) བཅའ་ཁྲིམས་ ༢༠༡༢ ཅན་མ། Tobacco Control (Amendment) Act of Bhutan 2012 TABLE OF CONTENTS Short Title, Commencement and Extent.......................................1 In the Act, Section 11(a) is amended .............................................1 In the Act; Section 11(b) is amended .............................................1 In the Act, Section 11(c) is amended .............................................2 In the Act, after section 11(c), a new section 11(d) is inserted ...........................................................................................2 In the Act, after section 11(d), a new section 11(e) is inserted ...........................................................................................2 In the Act, Section 12 is amended ..................................................2 In the Act, Heading of section 37 is amended ..............................2 In the Act, Section 37 is amended ..................................................3 In the Act, Section 39 is repealed ...................................................3 In the Act, Section 40 is amended .................................................3 In the Act, Section 41 is amended ..................................................3 In the Act, Section 46 is amended ..................................................3 In the Act, Section 51 is amended ..................................................3 In the Act, after section 51, a new 51A is inserted .......................4 འབྲུག་གི་ཏམ་ཁུ་དམ་འཛིན་(འཕྲི་སྣོན)བཅའ་ཁྲིམས་ ༢༠༡༢ ཅན་མ། དཀར་ཆག། མཚན་གནས་དང་ འགོ་འཛུག་ཟླ་ཚེས་ ཁྱབ་ཚད། ........................................................................................༡ བཅའ་ཁྲིམས་དེའི་དོན་ཚན་ ༡༡ (ཀ) འཕྲི་སྣོན་མཛད་ཡོདཔ། ..................................................................༡ བཅའ་ཁྲིམས་དེའི་དོན་ཚན་ ༡༡ (ཁ) འཕྲི་སྣོན་མཛད་ཡོདཔ། ..................................................................༡ བཅའ་ཁྲིམས་དེའི་དོན་ཚན་ ༡༡ (ག) འཕྲི་སྣོན་མཛད་ཡོདཔ། ..................................................................༢ བཅའ་ཁྲིམས་དེའི་དོན་ཚན་ ༡༡ (ག) པའི་ཤུལ་ལུ་ དོན་ཚན་གསརཔ་ ༡༡ (ང) པ་སྦེ་བཀོད་ཡོདཔ། .................................................................................................................................................༢ བཅའ་ཁྲིམས་དེའི་དོན་ཚན་ ༡༡ (ག) པའི་རྗེས་སུ་ དོན་ཚན་གསརཔ་ ༡༡ (ཅ) པ་སྦེ་བཀོད་ཡོདཔ། .................................................................................................................................................༢ བཅའ་ཁྲིམས་དེའི་དོན་ཚན་ ༡༢ པར་ འཕྲི་སྣོན་མཛད་ཡོདཔ། .................................................................༢ བཅའ་ཁྲིམས་དེའི་དོན་ཚན་ ༣༧ པའི་འགོ་ཡིག་ འཕྲི་སྣོན་མཛད་ཡོདཔ། ...............................................༢ བཅའ་ཁྲིམས་དེའི་དོན་ཚན་ ༣༧ པར་ འཕྲི་སྣོན་མཛད་ཡོདཔ། .............................................................༣ བཅའ་ཁྲིམས་དེའི་དོན་ཚན་ ༣༩ པ་ ཆ་མེད་མཛད་ཡོདཔ།.........................................................................༣ བཅའ་ཁྲིམས་དེའི་དོན་ཚན་ ༤༠ པར་ འཕྲི་སྣོན་མཛད་ཡོདཔ། .................................................................༣ བཅའ་ཁྲིམས་དེའི་དོན་ཚན་ ༤༡ པར་ འཕྲི་སྣོན་མཛད་ཡོདཔ། .................................................................༣ བཅའ་ཁྲིམས་དེའི་དོན་ཚན་ ༤༦ པར་ འཕྲི་སྣོན་མཛད་ཡོདཔ། ................................................................༣ བཅའ་ཁྲིམས་དེའི་དོན་ཚན་ ༥༡ པར་ འཕྲི་སྣོན་མཛད་ཡོདཔ། ..................................................................༣ བཅའ་ཁྲིམས་དེའི་དོན་ཚན་ ༥༡ པའི་ཤུལ་ལུ་ དོན་ཚན་གསརཔ་ ༥༡ཀ པ་སྦེ་བཀོད་ཡོདཔ།........༤ Tobacco Control (Amendment) Act of Bhutan 2012 In the Act, after section 51A, a new section 51B is inserted ...........................................................................................4 In the Act, Section 52 is repealed ...................................................5 In the Act, Section 54 is repealed ...................................................5 In the Act, after section 54, a new section 54A is inserted ...........................................................................................5 In the Act, after section 54A, a new section 54B is inserted ...........................................................................................5 In the Act, Section 60(c) is amended .............................................6 In the Act, Section 60(d) is amended ............................................6 In the Act, after section 60(k), a new section 60(l) is inserted ...........................................................................................6 In the Act, after section 60(l), a new section 60(m) is inserted ...........................................................................................6 In the Act, after 60(m), a new section 60(n) is inserted ..............6 Annexure I .........................................................................................7 འབྲུག་གི་ཏམ་ཁུ་དམ་འཛིན་(འཕྲི་སྣོན)བཅའ་ཁྲིམས་ ༢༠༡༢ ཅན་མ། བཅའ་ཁྲིམས་དེའི་དོན་ཚན་ ༥༡ཀ པའི་ཤུལ་ལུ་ དོན་ཚན་གསརཔ་ ༥༡ཁ་ པ་སྦེ་བཀོད་ ཡོདཔ། ......................................................................................................................................................................༤ བཅའ་ཁྲིམས་དེའི་དོན་ཚན་ ༥༢ པ་ ཆ་མེད་མཛད་ཡོདཔ། .........................................................................༥ བཅའ་ཁྲིམས་དེའི་དོན་ཚན་ ༥༤ པ་ ཆ་མེད་མཛད་ཡོདཔ། ........................................................................༥ བཅའ་ཁྲིམས་དེའི་དོན་ཚན་ ༥༤ པའི་ཤུལ་ལུ་ དོན་ཚན་གསརཔ་ ༥༤ཀ པ་སྦེ་བཀོད་ཡོདཔ། .................................................................................................................................................༥ བཅའ་ཁྲིམས་དེའི་དོན་ཚན་ ༥༤ཀ པའི་ཤུལ་ལུ་ དོན་ཚན་གསརཔ་ ༥༤ཁ པ་ སྦེ་བཀོད་ཡོདཔ། ......................................................................................................................................................༥ བཅའ་ཁྲིམས་དེའི་དོན་ཚན་ ༦༠ (ག) པར་ འཕྲི་སྣོན་མཛད་ཡོདཔ། ..................................................... ༦ བཅའ་ཁྲིམས་དེའི་དོན་ཚན་ ༦༠ (ང་) པར་ འཕྲི་སྣོན་མཛད་ཡོདཔ། ..................................................... ༦ བཅའ་ཁྲིམས་དེའི་དོན་ཚན་ ༦༠ (ད) པའི་ཤུལ་ལུ་ དོན་ཚན་གསརཔ་ ༦༠(ན) པ་ སྦེ་བཀོད་ཡོདཔ། ..................................................................................................................................................... ༦ བཅའ་ཁྲིམས་དེའི་དོན་ཚན་ ༦༠ (ན) པའི་ཤུལ་ལུ་ དོན་ཚན་གསརཔ་ ༦༠(པ) པ་ སྦེ་བཀོད་ཡོདཔ། ..................................................................................................................................................... ༦ བཅའ་ཁྲིམས་དེའི་དོན་ཚན་ ༦༠ (པ) པའི་ཤུལ་ལུ་ དོན་ཚན་གསརཔ་ ༦༠(ཕ) པ་ སྦེ་བཀོད་ཡོདཔ། ..................................................................................................................................................... ༦ ཟུར་སྦྲགས་དང་པ། ................................................................................................................................................. ༧ Tobacco Control (Amendment) Act of Bhutan 2012 Tobacco Control (Amendment) Act of Bhutan 2012 To remove the ambiguities of offence and penalties under the Tobacco Control Act 2010; Parliament of the Kingdom of Bhutan do hereby enact the Tobacco Control (Amendment) Act of Bhutan 2012, on the 26th Day of the 11th Month of Iron Female Rabbit Year of the Bhutanese Calendar corresponding to the 19th Day of January, 2012 at its 8th Session of the First Parliament as follows: Short Title, Commencement and Extent 1. This Act shall: a) Be called the TOBACCO CONTROL (AMENDMENT) ACT OF BHUTAN 2012; b) Come into force on the 17th Day of the 12th Month of Iron Female Rabbit Year of the Bhutanese Calendar corresponding to the 9th Day of February 2012; and c) Extend to the whole of the Kingdom of Bhutan. 2. In the Tobacco Control Act 2010, hereinafter referred to as the Act, Section 11(a) is amended as: “Cultivate, harvest or manufacture tobacco or tobacco products.” 3. In the Act , Section 11(b) is amended as: “Sell or distribute tobacco or tobacco products;” 1 འབྲུག་གི་ཏམ་ཁུ་དམ་འཛིན་(འཕྲི་སྣོན)བཅའ་ཁྲིམས་ ༢༠༡༢ ཅན་མ། འབྲུག་གི་ཏམ་ཁུ་དམ་འཛིན་(འཕྲི་སྣོན)བཅའ་ཁྲིམས་ ༢༠༡༢ ཅན་མ། འབྲུག་གི་ཏམ་ཁུ་དམ་འཛིན་བཅའ་ཁྲིམས་ ༢༠༡༠ ཅན་མར་ གནོད་འགལ་དང་ཉེས་པའི་དོན་ཚན་ ཚུ་གི་ གོ་དོན་ཉོགས་དྲག་ཅན་ཚུ་དག་གསལ་ཆེད་དུ། འབྲུག་གི་ཏམ་ཁུ་དམ་འཛིན་(འཕྲི་སྣོན་)བཅའ་ཁྲིམས་ ༢༠༡༢ ཅན་མ་འདི་ རང་ལུགས་གནམ་ལོ་ ལྕགས་མོ་ཡོས་ལོ་ ཟླ་ ༡༡ པའི་ཚེས་ ༢༦ ལུའམ་ སྤྱི་ལོ་ ༢༠༡༢ ཟླ་ ༠༡ པའི་ཚེས་ ༡༩ ལུ་ འབྲུག་རྒྱལ་བརྒྱུད་རྒྱལ་ཁབ་ཀྱི་ སྤྱི་ཚོགས་དང་པའི་ཚོགས་ཐེངས་བརྒྱད་པའི་ནང་ གཤམ་གསལ་ལྟར་ ཆ་འཇོག་གྲུབ། མཚན་གནས་དང་ འགོ་འཇུག་ཟླ་ཚེས་ ཁྱབ་ཚད། ༡. བཅའ་ཁྲིམས་འདི། ཀ༽ འབྲུག་གི་ཏམ་ཁུ་དམ་འཛིན་(འཕྲི་སྣོན་)བཅའ་ཁྲིམས་༢༠༡༢ ཅན་མ་ཟེར་བརྗོད་དགོ ཁ༽ རང་ལུགས་གནམ་ལོ་ལྕགས་ཡོས་ ཟླ་༡༢ པའི་ཚེས་ ༡༧ ལུའམ་ སྤྱི་ལོ་༢༠༡༢ ཟླ་ ༢ པའི་ཚེས་་ ༩ ལས་འགོ་བཟུང་སྟེ་ བསྟར་སྤྱོད་འབད་དགོ། ག༽ འབྲུག་རྒྱལ་ཁབ་ཀྱི་ས་ཁྱོན་ཡོངས་ལུ་ཁྱབ་དགོ། ༢. འབྲུག་གི་ཏམ་ཁུ་དམ་འཛིན་བཅའ་ཁྲིམས་ ༢༠༡༠ ཅན་མའི་ དོན་ཚན་ ༡༡ (ཀ) གཤམ་ འཁོད་ལྟར་འཕྲི་སྣོན་མཛད་གྲུབ། ཏམ་ཁུ་ ཡང་ན་ ཏམ་ཁུའི་ཐོན་སྐྱེད་ འཛུགས་སྐྱོང་ བསྡུ་སྒྱོམ་ ཡང་ན་ བཟོ་བསྐྲུན་སོགས་ འབད་མི་ཆོག། ༣. བཅའ་ཁྲིམས་དེའི་དོན་ཚན་ ༡༡ (ཁ) གཤམ་འཁོད་ལྟར་འཕྲི་སྣོན་མཛད་གྲུབ། ཏམ་ཁུ་ ཡང་ན་ ཏམ་ཁུའི་ཐོན་སྐྱེད་ཚུ་ བཙོང་བ་ ཡང་ན་ བགོ་བཀྲམ་འབད་མི་ཆོག། ༡ Tobacco Control (Amendment) Act of Bhutan 2012 4. In the Act , Section 11(c) is amended as: “Buy tobacco or tobacco products;” 5. In the Act , after section 11(c) , a new section is inserted namely : “Section 11(d) Possess tobacco or tobacco products without proof of tax and duty payments or beyond the permissible quantity and type determined by Parliament.” 6. In the Act , after section 11(d) , a new section is inserted namely: “Section 11(e) Knowingly transport tobacco or tobacco products without proof of tax and duty payments or beyond the permissible quantity and type determined by Parliament.” 7. In the Act , Section 12 is amended as: “A person may import tobacco or tobacco products for personal consumption as per the quantity and type determined by Parliament in Annexure 1.” 8. In the Act, Heading of section 37 is amended as: “Functions of Dzongkhag Tshogdu, Gewog Tshogde and Thromde Tshogde” 2 འབྲུག་གི་ཏམ་ཁུ་དམ་འཛིན་(འཕྲི་སྣོན)བཅའ་ཁྲིམས་ ༢༠༡༢ ཅན་མ། ༤. བཅའ་ཁྲིམས་དེའི་དོན་ཚན་ ༡༡ (ག) གཤམ་འཁོད་ལྟར་འཕྲི་སྣོན་མཛད་གྲུབ། ཏམ་ཁུ་ ཡང་ན་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཉོ་མི་ཆོག། ༥. བཅའ་ཁྲིམས་དེའི་དོན་ཚན་ ༡༡ (ག) པའི་ཤུལ་ལུ་ དོན་ཚན་གསརཔ་ གཤམ་འཁོད་ལྟར་ བཀོད་གྲུབ། དོན་ཚན་ ༡༡ (ང) ཏམ་ཁུ་ ཡང་ན་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཅ་ཁྲལ་དང་ ནང་འདྲེན་ཚོང་ཁྲལ་སྤྲོད་པའི་སྒྲུབ་ བྱེད་མེད་པ་ ཡང་ན་ སྤྱི་ཚོགས་ཀྱིས་ཐག་བཅད་གྲུབ་པའི་ཚད་གཞི་ལས་ལྷག་སྟེ་ འཆང་སྤྱོད་ འབད་མི་ཆོག། ༦. བཅའ་ཁྲིམས་དེའི་དོན་ཚན་ ༡༡ (ག) པའི་རྗེས་སུ་ དོན་ཚན་གསརཔ་ གཤམ་འཁོད་ལྟར་ བཀོད་གྲུབ། དོན་ཚན་ ༡༡ (ཅ) ཏམ་ཁུ་ ཡང་ན་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཤེས་བཞིན་དུ་ ཅ་ཁྲལ་དང་ནང་འདྲེན་ཚོང་ ཁྲལ་སྤྲོད་པའི་སྒྲུབ་བྱེད་མེད་པ་ ཡང་ན་ སྤྱི་ཚོགས་ཀྱིས་ཐག་བཅད་གྲུབ་པའི་ཚད་གཞི་ལས་ ལྷག་སྟེ་ སྐྱེལ་འདྲེན་འབད་མི་ཆོག། ༧. བཅའ་ཁྲིམས་དེའི་དོན་ཚན་ ༡༢ པར་ གཤམ་འཁོད་ལྟར་འཕྲི་སྣོན་མཛད་གྲུབ། མི་ངོམ་གཅིག་གིས་ སྒེར་སྤྱོད་དོན་ལུ་ ཏམ་ཁུ་ ཡང་ན་ ཏམ་ཁུའི་ཐོན་སྐྱེད་ཚུ་ སྤྱི་ཚོགས་ ཀྱིས་ཐག་བཅད་གྲུབ་པའི་ཟུར་སྦྲགས་ ༡ པའི་ནང་འཁོད་མི་ ཚད་གཞི་དང་འཁྲིལ་ཏེ་ནང་ འདྲེནའབད་ཆོག། ༨. བཅའ་ཁྲིམས་དེའི་དོན་ཚན་ ༣༧ པའི་འགོ་ཡིག་ གཤམ་འཁོད་ལྟར་འཕྲི་སྣོན་མཛད་གྲུབ། རྫོང་ཁག་ཚོགས་འདུ་ རྒེད་འོག་ཚོགས་སྡེ་དང་ ཁྲོམ་སྡེ་ཚོགས་སྡེ་ཚུ་གི་ལས་འགན། ༢ Tobacco Control (Amendment) Act of Bhutan 2012 9. In the Act, Section 37 is amended as: “The Dzongkhag Tshogdu, Gewog Tshogde and Thromde Tshogde shall provide support and cooperation for co ordination and conduct awareness programs on tobacco control.” 10. In the Act, Section 39 is repealed. 11. In the Act , Section 40 is amended as: “The Road Safety and Transport Authority shall coordinate and conduct awareness programs on tobacco control within the public and private transport system.” 12. In the Act , Section 41 is amended as: “Any Civil Society Organization may conduct awareness programs on the ill effects of tobacco consumption.” 13. In the Act , Section 46 is amended as: “An Authorized Officer shall dispose seized tobacco or tobacco products in accordance with the Rules framed by the Tobacco Control Board.” 14. In the Act , Section 51 is amended as: “Any person who contravenes section 11(c) of this Act shall be punished with misdemeanor as per the Penal Code of Bhutan. However if tobacco and tobacco products bought is more than four times the permissible quantity, he or she shall be punished with felony of fourth degree as per the Penal Code of Bhutan.” 3 འབྲུག་གི་ཏམ་ཁུ་དམ་འཛིན་(འཕྲི་སྣོན)བཅའ་ཁྲིམས་ ༢༠༡༢ ཅན་མ། ༩. བཅའ་ཁྲིམས་དེའི་དོན་ཚན་ ༣༧ པར་ གཤམ་འཁོད་ལྟར་འཕྲི་སྣོན་མཛད་གྲུབ། རྫོང་ཁག་ཚོགས་འདུ་ རྒེད་འོག་ཚོགས་སྡེ་དང་ ཁྲོམ་སྡེ་ཚོགས་སྡེ་ཚུ་གིས་ ཏམ་ཁུ་དམ་འཛིན་ གྱི་གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ལུ་ རྒྱབ་སྐྱོར་དང་མཉམ་འབྲེལ་འབད་ནི་ཁར་ འགོ་འདྲེན་ འཐབ་དགོ། ༡༠. བཅའ་ཁྲིམས་དེའི་དོན་ཚན་ ༣༩ པ་ ཆ་མེད་མཛད་གྲུབ། ༡༡. བཅའ་ཁྲིམས་དེའི་དོན་ཚན་ ༤༠ པར་ གཤམ་འཁོད་ལྟར་འཕྲི་སྣོན་མཛད་གྲུབ། ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ མི་མང་དང་སྒེར་སྡེའི་སྐྱེལ་འདྲེན་ཚུ་ ནང་ ཏམ་ཁུ་དམ་འཛིན་གྱི་གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ མཉམ་འབྲེལ་དང་འགོ་འདྲེན་འཐབ་ དགོ། ༡༢. བཅའ་ཁྲིམས་དེའི་དོན་ཚན་ ༤༡ པར་ གཤམ་འཁོད་ལྟར་འཕྲི་སྣོན་མཛད་གྲུབ། མི་སྡེའི་ལས་ཚོགས་གང་རུང་གིས་ རང་སོའི་ས་གནས་ནང་ལུ་ ཏམ་ཁུ་ལག་ལེན་འཐབ་པའི་ གནོད་སྐྱོན་སྐོར་ལས་ གོ་བ་བརྡ་སྤྲོད་ ཀྱི་ལས་རིམ་འགོ་འདྲེན་འཐབ་ཆོག། ༡༣. བཅའ་ཁྲིམས་དེའི་དོན་ཚན་ ༤༦ པར་ གཤམ་འཁོད་ལྟར་འཕྲི་སྣོན་མཛད་གྲུབ། དབང་ཆ་གྲུབ་པའི་འགོ་དཔོན་ཅིག་གིས་ ཏམ་ཁུའི་རིགས་བཙན་ལེན་འབད་ཡོད་མི་ཚུ་ ཏམ་ཁུ་ དམ་འཛིན་བཀོད་ཚོགས་ཀྱིས་བཟོས་པའི་ བཅའ་ཡིག་དང་འཁྲིལ་ཏེ་ མེདཔ་བཏང་ཆོག། ༡༤. བཅའ་ཁྲིམས་དེའི་དོན་ཚན་ ༥༡ པར་ གཤམ་འཁོད་ལྟར་འཕྲི་སྣོན་མཛད་གྲུབ། བཅའ་ཁྲིམས་འདི་གི་དོན་ཚན་ ༡༡ (ག) པ་ལས་འགལ་མི་ མི་ངོམ་གང་རུང་ཅིག་ལུ་ འབྲུག་ གི་ཉེས་འགེལ་ཁྲིམས་དེབ་ལྟར་ ཉེས་ཕྲའི་ཉེས་ཁྲིམས་སྨིན་དགོ། གལ་སྲིད་ ཁོའམ་མོ་གིས་ ཏམ་ཁུ་ ཡང་ན་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཚད་གཞི་ལས་ བཞི་ལྟབ་ལྷག་སྟེ་ ཉོ་སྤྱོད་འབད་ཚེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ལྟར་ དབྱེ་རིམ་བཞི་པའི་ཉེས་ཁྲིམས་སྨིན་དགོ ༣ Tobacco Control (Amendment) Act of Bhutan 2012 15. In the Act , after section 51, a new is inserted namely : “Section 51A Any person who contravenes section 11(d) of this Act shall be: a) Fined as prescribed by the Board, if he or she possesses tobacco or tobacco products within the permissible quantity without proof of tax and duty payments; b) Punished with petty misdemeanor as per the Penal Code of Bhutan if he or she possesses tobacco or tobacco products beyond the permissible quantity but less than three times the permissible quantity; c) Punished with misdemeanor as per the Penal Code of Bhutan if he or she possesses tobacco or tobacco products more than three times but less or equal to four times the permissible quantity; or d) Punished with felony of fourth degree as per the Penal Code of Bhutan if he or she possesses tobacco or tobacco products more than four times the permissible quantity.” 16. In the Act, after section 51A, a new section is inserted namely : “Section 51B Any person who contravenes section 11(e) of this Act shall be: a) Fined as prescribed by the Board, if he or she transports the tobacco or tobacco products within the permissible quantity without proof of tax and duty payments; 4 འབྲུག་གི་ཏམ་ཁུ་དམ་འཛིན་(འཕྲི་སྣོན)བཅའ་ཁྲིམས་ ༢༠༡༢ ཅན་མ། ༡༥. བཅའ་ཁྲིམས་དེའི་དོན་ཚན་ ༥༡ པའི་ཤུལ་ལུ་ དོན་ཚན་གསརཔ་ གཤམ་འཁོད་ལྟར་བཀོད་ གྲུབ། དོན་ཚན་ ༥༡ཀ བཅའ་ཁྲིམས་འདི་གི་དོན་ཚན་ ༡༡ (ང) པ་ལས་འགལ་བའི་མི་ངོམ་གང་རུང་ཅིག་ལུ། ཀ༽ གལ་སྲིད་ ཁོའམ་མོ་གིས་ ཏམ་ཁུ་ ཡང་ན་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཅ་ཁྲལ་དང་ ནང་འདྲེན་ཚོང་ཁྲལ་སྤྲོད་པའི་སྒྲུབ་བྱེད་མེད་པར་ ཚད་གཞིའི་ནང་ན་ འཆང་སྤྱོད་ འབད་ཚེ་ བཀོད་ཚོགས་ཀྱིས་ གསལ་བཀོད་འབད་མི་དང་འཁྲིལ་ ཉེས་བྱ་སྤྲོད་དགོ། ཁ༽ གལ་སྲིད་ ཁོའམ་མོ་གིས་ ཏམ་ཁུ་ ཡང་ན་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཚད་གཞི་ ལས་ལྷག་སྟེ་ འཆང་སྤྱོད་འབད་རུང་ ཚད་གཞི་ལས་ གསུམ་ལྟབ་ཀྱི་འོག་རྒྱུ་ཡིན་ཚེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ལྟར་ ཉེས་པ་ཡང་ཕྲའི་ ཉེས་ཁྲིམས་སྨིན་དགོ། ག༽ གལ་སྲིད་ ཁོའམ་ མོ་གིས་ ཏམ་ཁུ་ ཡང་ན་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཚད་གཞི་ལས་ གསུམ་ལྟབ་ལྷག་སྟེ་ འཆང་སྤྱོད་འབད་རུང་ བཞི་ལྟབ་ ཡང་ན་ དེའི་འོག་རྒྱུ་ཡིན་ཚེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ལྟར་ ཉེས་ཕྲའི་ཉེས་ཁྲིམས་སྨིན་དགོ། ང་༽ གལ་སྲིད་ ཁོའམ་ མོ་གིས་ ཏམ་ཁུ་ ཡང་ན་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཚད་གཞི་ལས་ བཞི་ལྟབ་ལས་ལྷག་སྟེ་ འཆང་སྤྱོད་འབད་ཚེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ལྟར་ དབྱེ་རིམ་བཞི་པའི་ཉེས་ཁྲིམས་སྨིན་དགོ། ༡༦ བཅའ་ཁྲིམས་དེའི་དོན་ཚན་ ༥༡ཀ པའི་ཤུལ་ལུ་ དོན་ཚན་གསརཔ་ གཤམ་འཁོད་ལྟར་ བཀོད་གྲུབ། དོན་ཚན་ ༥༡ཁ བཅའ་ཁྲིམས་འདི་གི་དོན་ཚན་ ༡༡ (ཅ) པ་ལས་འགལ་བའི་མི་ངོམ་གང་རུང་ཅིག་ལུ། ཀ༽ གལ་སྲིད་ ཁོའམ་མོ་གིས་ ཏམ་ཁུ་ ཡང་ན་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཅ་ཁྲལ་དང་ ནང་འདྲེན་ཚོང་ཁྲལ་སྤྲོད་པའི་སྒྲུབ་བྱེད་ མེད་པར་ ཚད་གཞིའི་ནང་ན་ བསྐྱེལ་འདྲེན་ འབད་ཚེ་ བཀོད་ཚོགས་ཀྱིས་ གསལ་བཀོད་འབད་མི་དང་འཁྲིལ་ ཉེས་ཆད་བཀལ་ དགོ། ༤ Tobacco Control (Amendment) Act of Bhutan 2012 b) Punished with petty misdemeanor as per the Penal Code of Bhutan, if he or she transports tobacco or tobacco products beyond the permissible quantity but less than three times the permissible quantity; c) Punished with misdemeanor as per the Penal Code of Bhutan, if he or she transports tobacco or tobacco products more than three times but less or equal to four times the permissible quantity; or d) Punished with felony of fourth degree as per the Penal Code of Bhutan, if he or she transports tobacco or tobacco products more than four times the permissible quantity.” 17. In the Act, Section 52 is repealed. 18. In the Act, Section 54 is repealed. 19. In the Act , after section 54, a new section is inserted namely : “Section 54A A person who violates any provision of this Act shall have his or her tobacco or tobacco products confiscated.” 20. In the Act , after section 54A, a new section is inserted namely: “Section 54B “A person who is in possession of tobacco or tobacco products at authorized port of entry shall not be liable to be punished under this Act, if he or she has not crossed the authorized port of entry.” 5 འབྲུག་གི་ཏམ་ཁུ་དམ་འཛིན་(འཕྲི་སྣོན)བཅའ་ཁྲིམས་ ༢༠༡༢ ཅན་མ། ཁ༽ གལ་སྲིད་ ཁོའམ་མོ་གིས་ ཏམ་ཁུ་ ཡང་ན་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཚད་གཞི་ལས་ ལྷག་སྟེ་ བསྐྱེལ་འདྲེན་འབད་རུང་ ཚད་གཞི་ལས་ གསུམ་ལྟབ་ཀྱི་འོག་རྒྱུ་ཡིན་ཚེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ལྟར་ ཉེས་པ་ཡང་ཕྲའི་ ཉེས་ཁྲིམས་སྨིན་དགོ། ག༽ གལ་སྲིད་ ཁོའམ་ མོ་གིས་ ཏམ་ཁུ་ ཡང་ན་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཚད་གཞི་ལས་ གསུམ་ལྟབ་ལྷག་སྟེ་ བསྐྱེལ་འདྲེན་འབད་རུང་ བཞི་ལྟབ་ ཡང་ན་ དེའི་འོག་རྒྱུ་ཡིན་ ཚེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ལྟར་ ཉེས་ཕྲའི་ཉེས་ཁྲིམས་སྨིན་དགོ། ང་༽ གལ་སྲིད་ ཁོའམ་ མོ་གིས་ ཏམ་ཁུ་ ཡང་ན་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཚད་གཞི་ ལས་ བཞི་ལྟབ་ལྷག་སྟེ་ བསྐྱེལ་འདྲེན་འབད་ཚེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ ལྟར་ དབྱེ་རིམ་བཞི་པའི་ཉེས་ཁྲིམས་སྨིན་དགོ། ༡༧ བཅའ་ཁྲིམས་དེའི་དོན་ཚན་ ༥༢ པ་ ཆ་མེད་མཛད་གྲུབ། ༡༨ བཅའ་ཁྲིམས་དེའི་དོན་ཚན་ ༥༤ པ་ ཆ་མེད་མཛད་གྲུབ། ༡༩ བཅའ་ཁྲིམས་དེའི་དོན་ཚན་ ༥༤ པའི་ཤུལ་ལུ་ དོན་ཚན་གསརཔ་ གཤམ་འཁོད་ལྟར་བཀོད་ གྲུབ། དོན་ཚན་ ༥༤ཀ མི་ངོམ་གཅིག་གིས་ བཅའ་ཁྲིམས་འདིའི་དགོངས་དོན་ གང་རུང་ཅིག་ལས་འགལ་བའི་ ཏམ་ ཁུ་ ཡང་ན་ ཏམ་ཁུའི་ཐོན་སྐྱེད་ཚུ་ གཞུང་བཞེས་མཛད་དགོ། ༢༠ བཅའ་ཁྲིམས་དེའི་དོན་ཚན་ ༥༤ཀ པའི་ཤུལ་ལུ་ དོན་ཚན་གསརཔ་ གཤམ་འཁོད་ལྟར་ བཀོད་གྲུབ། དོན་ཚན་ ༥༤ཁ ཆ་གནས་ཅན་གྱི་འཛུལ་སྒོའི་ས་ཁོངས་ཚུ་ནང་ ཏམ་ཁུ་ ཡང་ན་ ཏམ་ཁུའི་ཐོན་སྐྱེད་ཚུ་ འཆང་ སྤྱོད་འབད་མི་ མི་ངོམ་དེ་ གལ་སྲིད་ ཆ་གནས་ཅན་གྱི་འཛུལ་སྒོའི་ས་ཁོངས་མ་བརྒལ་ཚེ་ བཅའ་ཁྲིམས་འདིའི་ནང་གསལ་ལྟར་གྱི་ ཉེས་ཁྲིམས་མི་ཕོག། ༥ Tobacco Control (Amendment) Act of Bhutan 2012 21. In the Act , Section 60(c) is amended as: “Cultivate” means to farm or to grow tobacco plant (Nicotania tabecum or Nicotinia rustica) for use as tobacco or tobacco products. 22. In the Act , Section 60(d) is amended as: “Harvest” means to gather leaves or any part of a tobacco plant (Nicotania tabecum or Nicotinia rustica) for use as tobacco or tobacco products.” 23. In the Act , after section 60(k), a new section is inserted namely: “Section 60(l) “Manufacture” means any process of converting tobacco to a consumable tobacco products.” 24. In the Act, after section 60(l), a new section is inserted namely: “Section 60(m) Distribute” means to make available or to provide tobacco or tobacco products for commercial purposes.” 25. In the Act, after 60(m), a new section is inserted namely: “Section 60(n) “Transport” means to convey tobacco or tobacco products using any mode of transportation.” 6 འབྲུག་གི་ཏམ་ཁུ་དམ་འཛིན་(འཕྲི་སྣོན)བཅའ་ཁྲིམས་ ༢༠༡༢ ཅན་མ། ༢༡ བཅའ་ཁྲིམས་དེའི་དོན་ཚན་ ༦༠ (ག) པར་ གཤམ་འཁོད་ལྟར་འཕྲི་སྣོན་མཛད་གྲུབ། “འཛུགས་སྐྱོང་” ཟེར་མི་འདི་གི་ ཏམ་ཁུ་ ཡང་ན་ ཏམ་ཁུའི་ཐོན་སྐྱེད་སྦེ་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཤིང་(Nicotania tabecum or Nicotinia rustica)གི་ཞིང་ལཱ་འབད་ ནི་ ཡང་ན་ བཙུག་ཏི་སྐྱོང་ནི་ལུ་གོ། ༢༢ བཅའ་ཁྲིམས་དེའི་དོན་ཚན་ ༦༠ (ང་) པར་ གཤམ་འཁོད་ལྟར་འཕྲི་སྣོན་མཛད་གྲུབ། “བསྡུ་སྒྱོམ་” ཟེར་མི་འདི་གི་ ཏམ་ཁུའི་ཤིང་(Nicotania tabecum or Nicotinia rustica) གི་ཤོམ་འདབ་ ཡང་ན་ ཡན་ལག་གང་རུང་ ཏམ་ཁུ་ ཡང་ན་ ཏམ་ཁུའི་ཐོན་སྐྱེད་ སྦེ་སྤྱོད་ནིའི་དོན་ལུ་ བསྡུ་སྒྱོམ་འབད་མི་ལུ་གོ། ༢༣ བཅའ་ཁྲིམས་དེའི་དོན་ཚན་ ༦༠ (ད) པའི་ཤུལ་ལུ་ དོན་ཚན་གསརཔ་ གཤམ་འཁོད་ལྟར་ བཀོད་གྲུབ། དོན་ཚན་ ༦༠(ན) “བཟོ་བསྐྲུན་” ཟེར་མི་འདི་གི་ ཏམ་ཁུ་ཉེར་སྤྱོད་འབད་བཏུབ་པའི་ཏམ་ཁུའི་ཐོན་སྐྱེད་ཅིག་ལུ་ བསྒྱུར་བའི་བྱ་རིམ་གང་རུང་ཅིག་ལུ་གོ། ༢༤ བཅའ་ཁྲིམས་དེའི་དོན་ཚན་ ༦༠ (ན) པའི་ཤུལ་ལུ་ དོན་ཚན་གསརཔ་ གཤམ་འཁོད་ལྟར་ བཀོད་གྲུབ། དོན་ཚན་ ༦༠(པ) “བགོ་བཀྲམ་” ཟེར་མི་འདི་གི་ ཚོང་སྒྱུར་གྱི་དོན་ལུ་ ཏམ་ཁུ་ ཡང་ན་ ཏམ་ཁུའི་ཐོན་སྐྱེད་ ཐོབ་ཚུགསཔ་བཟོ་ནི་ ཡང་ན་ བྱིན་ནི་ལུ་གོ། ༢༥ བཅའ་ཁྲིམས་དེའི་དོན་ཚན་ ༦༠ (པ) པའི་ཤུལ་ལུ་ དོན་ཚན་གསརཔ་ གཤམ་འཁོད་ལྟར་ བཀོད་གྲུབ། དོན་ཚན་ ༦༠(ཕ) “སྐྱེལ་འདྲེན་” ཟེར་མི་འདི་གི་ ཐབས་ལམ་གང་རུང་གི་ཐོག་ལས་ ཏམ་ཁུ་ ཡང་ན་ ཏམ་ཁུའི་ ཐོན་སྐྱེད་ འབག་སྟེ་བསྐྱལ་འདྲེན་འབད་ནི་ལུ་གོ། ༦ Tobacco Control (Amendment) Act of Bhutan 2012 Annexure I Permissible quantity for import of tobacco or tobacco products per month 1. 300 sticks of cigarettes; or 2. 400 sticks of Bidis; or 3. 50 pieces of cigar; or 4. 250 grams of other tobacco or tobacco products. 7 འབྲུག་གི་ཏམ་ཁུ་དམ་འཛིན་(འཕྲི་སྣོན)བཅའ་ཁྲིམས་ ༢༠༡༢ ཅན་མ། ཟུར་སྦྲགས་དང་པ། ཟླཝ་རེ་ལུ་ ཏམ་ཁུ་ ཡང་ན་ ཏམ་ཁུའི་ཐོན་སྐྱེད་ཚུ་ནང་འདྲེན་འབད་ཆོག་པའི་ ཚད་གཞི། ༡. ཏམ་ཁུ་གཅུད་རྡོག་(cigarette) ༣༠༠ ཡང་ན་ ༢. ཏམ་ཁུ་ གཅུད་རྡོག་ (Bidi) ༤༠༠ ཡང་ན་ ༣. ཏམ་ཁུ་འདྲིལ་དུམ་(Cigar) ༥༠ ཡང་ན་ ༤. ཏམ་ཁུ་ ཡང་ན་ ཏམ་ཁུའི་ཐོན་སྐྱེད་གཞན་ཚུ་ གཱ་རམ ༢༥༠ ༧

Tobacco Control(Amendment) Act of Bhutan 2012 · Nelum